ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སྤྱི་དམངས་ཀྱི་འདྲ་པར་སྨན་ཁང་གི་སྐད་འཕྲིན་གྱི་མགོ་པར་དུ་བཞག་པ།

སྤེལ་དུས 2018-03-13 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          རང་རྒྱལ་སྤྱི་དམངས་ཀྱིས་འདྲ་པར་ཁེ་དབང་ལོངས་སྤྱོད་བྱེད་ཆོག་པས།མི་རང་ཉིད་འཐད་པ་བྱུང་ན་མ་གཏོགས།ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྤྱི་དམངས་ཀྱི་འདྲ་པར་བཀོལ་སྤྱོད་བྱེད་མི་ཆོག སྤྱི་དམངས་ཀྱིས་ད་རུང་མཚན་སྙན་ཁེ་དབང་ལོངས་སྤྱོད་བྱེད་ཆོག་ལ།སྤྱི་དམངས་ཀྱི་མི་གཤིས་དང་ལ་རྒྱར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན།ཉེ་ཆར་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་སྤྱི་དམངས་ཀྱི་འདྲ་པར་ཁེ་དབང་དང་མཚན་སྙན་ཁེ་དབང་ལ་གནོད་འཚེ་བཏང་བའི་གྱོད་དོན་ཞིག་བདག་སྤྲོད་བྱས།
          ཉེ་ཆར།དཔའ་ཐར་རྒྱལ་གྱིས་རང་ཉིད་ཀྱི་འདྲ་པར་དྲ་ཐོག་གི་སྤྱི་ཚོགས་འབྲེལ་འདྲིས་བྱེད་པའི་མཉེན་ཆས་ཤིག་གི་ནང་དུ་བཅུག ཅང་མ་འགོར་བར།ཁོས་ཟི་ལིང་གི་སྨན་ཁང་ཞིག་གིས་ཁོའི་འདྲ་པར་སྐྱེས་པའི་ཚན་ཁག་གི་བྱེད་སྒོ་དྲིལ་སྒྲོག་དང་བརྡ་ཁྱབ་སྤེལ་བའི་སྐད་འཕྲིན་གྱི་མགོ་པར་དུ་བཞག་ཡོད་པའི་གནས་ཚུལ་གོ། དཔའ་ཐར་རྒྱལ་གྱིས་ཟི་ལིང་གི་སྨན་ཁང་དེའི་སྐད་འཕྲིན་ལ་འབྲེལ་གཏུག་བྱས་ཏེ་ངོས་འཛིན་གསལ་པོ་བྱས་རྗེས་འདྲ་པར་བླངས་ནས་ཉར་ཚགས་བྱས་པར་མ་ཟད།ཐེངས་མང་པོར་སྨན་ཁང་དེ་དང་འབྲེལ་གཏུག་བྱས་མོད།འོན་ཀྱང་སྨན་ཁང་དེའི་སྐད་འཕྲིན་ནི་སྨན་ཁང་གི་མིང་ཐོག་ཏུ་འབྱེད་པ་ཡིན་ནའང་།དུས་རྒྱུན་དུ་སྨན་ཁང་གི་ལས་བཟོ་པ་ཞིག་གིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པས།མི་སྒེར་གྱི་བྱ་སྤྱོད་ཡིན་པར་ཁ་གཡར་ཏེ་ཐག་གཅོད་མི་བྱེད་པ་རེད།དེ་བས་དཔའ་ཐར་རྒྱལ་གྱིས་སྨན་ཁང་དེ་ཁྲིམས་ཁང་ལ་གཏུགས།
          མཁར་ནུབ་ཆུས་ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས།ཞུ་སྦྱོར་ཕྱི་མ་བ་ཡིན་པའི་སྨན་ཁང་དེའི་ལས་བཟོ་པ་དེས་སྐད་འཕྲིན་དེ་སྤྱད་ནས་སྨན་ཁང་གི་བྱ་བ་སྒྲུབ་ཀྱིན་ཡོད་པས།ཚོང་ལས་དྲིལ་སྒྲོག་གི་དམིགས་ཡུལ་མངོན་གསལ་ཡོད་པ་དང་།རང་འདོད་ལྟར་ཞུ་སྦྱོར་ཕྱི་མ་བ་དཔའ་ཐར་རྒྱལ་གྱི་འདྲ་པར་བཀོལ་སྤྱོད་བྱས་ཡོད་པས།སྤྱི་དམངས་ཀྱི་འདྲ་པར་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་པ་གྲུབ་ཡོད་པར་འདོད་ཀྱིན་ཡོད།ཞུ་སྦྱོར་ཕྱི་མ་བས་ཞུ་སྦྱོར་སྔ་མ་བ་དཔའ་ཐར་རྒྱལ་གྱི་འདྲ་པར་བཀོལ་སྤྱོད་བྱས་པ་དེས།དཔའ་ཐར་རྒྱལ་ལ་ཤུགས་རྐྱེན་ངན་པ་བཟོས་ཤིང་།དཔའ་ཐར་རྒྱལ་གྱི་གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་སྔོན་ཆད་ཁོས་སྨན་ཁང་དེ་ནས་སྨན་བཅོས་བྱེད་མྱོང་བར་འདོད་ཀྱིན་ཡོད་པ་དང་།སྤྱི་ཚོགས་སྟེང་དུའང་མིང་ངན་པ་བཟོས་པས།དཔའ་ཐར་རྒྱལ་གྱི་མཚན་སྙན་ལ་གནོད་པ་ཐེབས།དེའི་རྐྱེན་གྱིས་མཁར་ནུབ་ཆུས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་སྨན་ཁང་གིས་ཞུ་སྦྱོར་སྔ་མ་བ་དཔའ་ཐར་རྒྱལ་ལ་སྤྱི་གསལ་སྒོས་དགོངས་དག་ཞུ་དགོས་པར་མ་ཟད།བསམ་བློའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པའི་ཁྲིམས་ཐག་བཅད་དོ། །
          གྱོད་སྒྲུབ་ཁྲིམས་དཔོན་གྱི་དྲན་སྐུལ། སྤྱི་དམངས་ཀྱི་འདྲ་པར་ཁེ་དབང་དང་མཚན་སྙན་ཁེ་དབང་ལ་གནོད་འཚེ་ཐེབས་སྐབས།གནོད་འཚེ་ཐེབས་མཁན་ལ་མྱུར་དུ་གནོད་འཚེ་གཏོང་མཚམས་བཞག་ནས།མཚན་སྙན་སླར་གསོ་བྱེད་པ་དང་ཤུགས་རྐྱེན་མེད་པར་བཟོ་བ་དང་།དགོངས་དག་ཞུ་དགོས་པར་མ་ཟད།གྱོང་གུན་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་རྒྱུའི་དབང་ཆ་ཡོད། གལ་ཏེ་གནོད་འཚེ་ཐེབས་ན། གནོད་འཚེ་ཐེབས་མཁན་གྱི་སེམས་ཁམས་དང་བསམ་བློའི་སྟེང་གི་ཤུགས་རྐྱེན་དེ་ཡུན་རིང་པོར་བསུབ་ཐབས་མེད་པ་ཞིག་ཡིན་པས།སྤྱི་དམངས་རང་ཉིད་ཀྱིས་རང་གི་འདྲ་པར་ཉར་ཚགས་ལེགས་པོ་བྱས་ཏེ།སྤྱི་པའི་འབྲེལ་འདྲིས་དྲ་ཚིགས་སྟེང་མ་བཞག་ན་བཟང་།དེ་མིན་ན་མི་གཞན་གྱིས་གཡོ་སྤྱོད་བྱེད་སླ་བས་བདེ་འཇགས་མིན་ནོ། །