ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

བུ་སྐལ་གྱིས་ཕ་གཡར་གསོ་སྐྱོང་བྱེད་པའི་འཚོ་བའི་རོགས་དངུལ་སྟེར་དགོས་སམ།

སྤེལ་དུས 2018-04-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
              མཚོ་མོ་དང་མོའི་ཁྱོ་ག་གཉིས་གཉེན་སྒྲིག་བྱས་ཏེ་ལོ་བཅུ་འགོར་མོད་བྱིས་པ་གཅིག་ཀྱང་མེད། གྱ་བདུན་ལོའི་ཟླ་བཅུ་བར། མཚོ་མོས་རང་གི་ལོ་གཅིག་ལ་སོན་མ་ཐག་པའི་ཚ་མོ་ཀླུ་ཐར་འཚོ་བུ་སྐལ་དུ་བླངས་ཏེ་དགའ་སྤྲོ་ཡི་འཚོ་བས་ཉི་མ་རེ་རེ་ཕར་ལ་བསྐྱལ། ཡིན་ཡང་།ཉིས་སྟོང་དྲུག་ལོའི་ཟླ་ལྔ་བར། མཚོ་མོ་དང་བུ་སྐལ་ཀླུ་ཐར་འཚོའི་བར་ལ་འཚོ་བའི་དོན་ཕྲན་ཞིག་གི་ཆེད་དུ་རྩོད་གླེང་བྱུང་བས། བཟའ་ཟླ་གཉིས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུགས་ནས་ཁོ་གཉིས་དང་བུ་སྐལ་ཀླུ་ཐར་འཚོའི་བར་གྱི་འབྲེལ་བ་མེད་པར་བཟོ་བའི་རེ་བ་བཏོན། ཁྲིམས་ཁང་གིས་གྱོད་དོན་དེ་བདག་སྤྲོད་བྱས་རྗེས། འདུམ་སྒྲིག་བརྒྱུད་དེ་ཁོ་ཚོའི་བར་གྱི་བུ་སྐལ་གྱི་འབྲེལ་བ་མེད་པར་བཟོས། ད་ལྟ་ཀླུ་ཐར་འཚོ་ལོ་ཉེར་བདུན་ལ་སོན་ཡོད། མཚོ་མོ་དང་མོའི་ཁྱོ་ག་གཉིས་ལོ་ཧ་ཅང་བགྲེས་པའི་ངལ་རྩོལ་གྱི་ནུས་བ་མེད་པར་གྱུར་བ་མ་ཟད། དཔལ་འབྱོར་གྱི་ཡོང་སྒོའང་ཅི་ཡང་མེད། དེ་བས། མཚོ་མོ་དང་མོའི་ཁྱོ་ག་གཉིས་ཀྱིས་བུ་སྐལ་གྱི་འབྲེལ་བ་བཅད་ཟིན་པའི་ཚ་མོ་ཀླུ་ཐར་འཚོ་ལ་འཚོ་བའི་གྲོན་དངུལ་བསླང་ཆོག་གམ།
ཁྲིམས་བཤད།
              མཚོ་མོ་དང་མོའི་ཁྱོ་ག་གཉིས་ཀྱིས་བུ་སྐལ་གྱི་འབྲེལ་བ་བཅད་ཟིན་པའི་ཚ་མོ་ཀླུ་ཐར་འཚོ་ལ་འཚོ་བའི་གྲོན་དངུལ་བསླང་ཆོག་སྟེ། ཅིའི་ཕྱུར་ཞེ་ན། སྙོར་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་སུམ་བཅུ་བའི་གཏན་འཁེལ་ལྟར་ན། བུ་སྐལ་གྱི་འབྲེལ་བ་མེད་པར་བཟོས་རྗེས། ཕ་གཡར་མ་གཡར་གྱིས་གསོ་སྐྱོང་བྱས་ཏེ་དར་མའི་ལོ་ཚད་ལ་སླེབས་སུ་བཅུག་པའི་མི་དེས། ངལ་རྩོད་ནུས་བ་དང་འཚོ་བའི་ཡོང་སྒོ་མེད་པར་གྱུར་བའི་ཕ་གཡར་མ་གཡར་ལ་འཚོ་བའི་རོགས་དངུལ་སྟེར་འོས། བུ་སྐལ་གང་ཞིག་དར་མར་གྱུར་རྗེས་ཕ་གཡར་མ་གཡར་ལ་མནར་གཅོད་གཏོང་བའམ་གསོ་སྐྱོང་མི་བྱེད་པ་ནི་ཁྲིམས་དང་མི་མཐུན་པའི་ཁར་འཇིག་རྟེན་མི་ཆོས་ལའང་འགལ་ཡོད། གལ་ཏེ་ཁོ་ཚོའི་ཕ་བུའི་འབྲེལ་བ་བཅད་ཚར་ནའང་རྒན་རྒོན་དེ་གཉིས་ཀྱིས་བུ་སྐལ་ལ་གསོ་སྐྱོང་སྐབས་བཏང་བའི་འཚོ་བའི་རོགས་དངུལ་དང་སློབ་གསོའི་རོགས་དངུལ་གྱི་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་ཆོག
              ཀླུ་ཐར་འཚོ་ནི་མཚོ་མོ་བཟའ་ཟླ་གཉིས་ཀྱིས་རང་ཁྱིམ་དུ་བླངས་པའི་བུ་སྐལ་ཡིན་ལ། ཀླུ་ཐར་འཚོ་དར་མར་གྱུར་རྗེས་ཕྱོགས་གཉིས་ཀའི་བར་འགལ་བ་བྱུང་སྟེ་བུ་སྐལ་གྱི་འབྲེལ་བ་མེད་པར་བཟོས་པ་ཡིན་མོད། འོན་ཀྱང་འབྲེལ་བ་དེ་མ་བཅད་གོང་ཀླུ་ཐར་འཚོ་མི་ལོ་ཉེར་གཅིག་གི་རིང་ལ་མཚོ་མོ་བཟའ་ཟླ་གཉིས་དང་མཉམ་དུ་འཚོ་བ་རོལ་བ་མ་ཟད། མོ་རང་སྙོར་སྐྱོང་བྱས་ཏེ་དར་མའི་དུས་ལ་སླེབས། ད་ལྟ་མཚོ་མོ་བཟའ་ཟླ་གཉིས་ལོ་ཧ་ཅང་བགྲེས་པས་ངལ་རྩོལ་གྱི་ནུས་བ་མེད་ལ་དཔལ་འབྱོར་གྱི་ཡོང་སྒོའང་མེད་པ་མ་ཟད། གཞན་པའི་སྙོར་སྐྱོང་བྱེད་མཁན་ཡང་མེད་པའི་རྐྱེན་གྱིས། ཀླུ་ཐར་འཚོས་མཚོ་མོ་བཟའ་ཟླ་གཉིས་ལ་འཚོ་བའི་རོགས་དངུལ་སྟེར་འོས།