ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཕྱིར་སྐྱོད་ལམ་ཡིག་གི་རེ་ཞུའི་ཞིབ་བཤེར་མཆན་འགོད་ཐད་གཏན་འབེབས་གང་འདྲ་ཡོད་དམ།

སྤེལ་དུས 2018-12-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              སྤྱིར་ཕྱིར་སྐྱོད་ལམ་ཡིག་འཛིན་མཁན་གྱིས་ལམ་ཡིག་གི་གོ་ཆོད་དུས་ཡུན་མ་ལོན་གོང་གི་ཟླ་དྲུག་གི་ནང་ཚུན་དུ་དུས་ཡུན་ཇེ་རིང་དུ་གཏོང་པའི་རེ་ཞུ་འབུལ་ཆོག་ལ། དམིགས་བསལ་གྱི་གནས་ཚུལ(དཔེར་ན་གོ་ཆོད་དུས་ཡུན་ནི་ཕྱི་རྒྱལ་གྱི་འཐུས་མཆན་འགོད་པའི་དུས་བཀག་ལ་མི་འདང་པ)ཡོད་ཚེ་འབྲེལ་ཡོད་འཐུས་མཆན་བཀོད་པའི་དཔང་ཡིག་ཁྱེར་ནས་སྔོན་ལ་རེ་འདུན་ཞུ་བའི་འགྲོ་ལུགས་སྒྲུབ་ཆོག་པ་དང་། དེ་རིང་གི་ལེ་ཚན་ནང་ལམ་ཡིག་གི་དུས་བཀག་ལས་བརྒལ་ཚེ་གོད་མི་ཆོད་པར་གྱུར་ཟིན་པས་དུས་ཡུན་རིང་དུ་གཏོང་བའི་འགྲོ་ལུགས་བརྒྱུད་མི་ཐུབ། གཤམ་ལ་འགྲོ་ལུགས་གང་འདྲ་བརྒྱུད་དགོས་པ་དང་དཔང་ཡིག་ལ་སོགས་པ་གང་འདྲ་སྤྲོད་དགོས་ཚུལ་སྐོར་གྱི་གཏན་འབེབས་ཁག་ཅིག་ཞུ་གི་ཡིན། 
              དང་པོ། སྤྱི་དམངས་ཕྱི་རྒྱལ་དུ་སྒེར་དོན་སྒྲུབ་པར་སྐྱོད་པའི་(མངའ་ཁོངས་ཕྱི)ལམ་ཡིག་གི་རེ་ཞུའི་འགྲོ་ལུགས།
              ( 1 ) རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་གྲོང་ཁྱེར་རམ་རྫོང་གི་སྤྱི་བདེ་ལས་ཁུངས་ནས་སྤྱི་དམངས་སྒེར་དོན་སྒྲུབ་པར་ཕྱི་རྒྱལ(མངའ་ཁོངས་ཕྱི་)དུ་སྐྱོད་པའི་རེ་འདུན་ཞུ་བའི་རེའུ་མིག“ནང་དོན་གཅིག་ལ་ངོས་གཉིས”ལེན་དགོས་ཤིང་། སྤྱི་དམངས་རང་ཉིད་ཀྱིས་གནས་ཚུལ་ཆ་ཚང་བ་བྲིས་ཐོག དེར་རང་ཉིད་ཀྱི་ཉེ་དུས་ཀྱི་འདྲ་པར་གཉིས་སྦྱར་དགོས་པ་དང་ཚད་གཞི་ནི་ཚུན2ཡིན།
              (2) སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ། ཡང་ན་ཁྱིམ་ཐོའི་བདེན་དཔང་གཞན་དག་སྤྲོད་ནས་ཞིབ་བཤེར་བྱེད་དགོས་པ།
              (3)ཕྱི་རྒྱལ་དུ་འགྲོ་བའི་རྒྱུ་རྐྱེན་དང་འབྲེལ་བའི་དཔང་ཡིག་སྤྲོད་དགོས་པ།
              གཉིས་པ།  རྒྱལ་ཁོངས་ལས་ཕྱོར་སྐྱོད་པའི་རྒྱུ་རྐྱེན་དང་འབྲེལ་བའི་བབ་མཚུངས་ཀྱི་དཔང་ཡིག་ལ།
              (1)ཕྱི་རྒྱལ་དུ་གཉེན་ཉེ་དང་གྲོགས་པོར་འཚམས་འདྲིར་འགྲོ་སྐབས།  གདན་ཞུ་བྱེད་མཁན་གཉེན་ཉེ་དང་གྲོགས་པོའི་ཕྱི་རྒྱལ་གྱི་སྡོད་གནས་དཔང་ཡིག་སྤྲོད་དགོས་པ། གདན་ཞུའི་ཡི་གེ་ནི་གདན་ཞུའི་ཡི་གེ་དངོས་དང་གདན་ཞུའི་ནང་དོན་ཡོད་པའི་འཕྲིན་ཡིག་དཀྱུས་མ་གང་རུང་ནས་གཅིག་ཡོད་ན་ཆོག  གནས་སྡོད་དཔང་ཡིག་ཅེས་པ་ནི་གདན་འདྲེན་ཞུ་མཁན་གྱིས་འགྲོ་ཡུལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྱི་ཐོབ་ཐང་བདེན་དཔང་ཡིན་ལ། གདན་ཞུ་བྱེད་མཁན་གྱིས་འགྲོ་ཡུལ་རྒྱལ་ཁབ་ཏུ་སྤྱོད་བཞིན་པའི་སྡོད་དབང་ཡོད་པའི་ཐོབ་ཐང་དཔང་ཡིག་གི་བསྐྱར་དཔར་དང་། དེ་བཞིན་གདན་ཞུ་བྱེད་མཁན་གྱི་ཕྱི་རྒྱལ་དུ་སྤྱོད་བཞིན་པའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་རྒྱལ་ཁབ་དེ་གའི་རྒྱལ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་ནས་ཁས་བླངས་པའི་གདན་འདྲེན་ཞུ་མཁན་གྱི་ཁྲིམས་མཐུན་བཅའ་སྡོད་ལ་དཔང་ཡིག་གཉིས་ནས་གཅིག་སྤྲད་ན་འགྲིག
              (2) མི་སྒེར་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བར་ཡུལ་སྐོར་ལ་མཁོ་བའི་ཕྱི་དངུལ་འགྲོ་གྲོན་དཔང་ཡིག་སྤྲོད་དགོས་ཤིང་། དཔེར་ན་རེ་འདུན་ཞུ་མཁན་གྱི་དངུལ་ཁང་གི་བཅོལ་དངུལ་དཔང་ཡིག་ལྟ་བུ་ཡིན།  གལ་ཏེ་རྒྱལ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་ལ་ངེས་པར་དུ་སྟོན་དགོས་པ་ཡིན་ཚེ།  རེ་འདུན་ཞུ་མཁན་གྱིས་ད་རུང་ཕྱིར་སྡོད་གཉེན་ཉེའི་གདན་འདྲེན་ཞུ་ཡིག་དང་ཁག་ཐེག་ཡི་གེ་མཁོ་འདོན་བྱ་དགོས།
              ( 3 )  རང་གིས་འགྲོ་སྒོ་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱིས་བསྡུ་ལེན་སློབ་གྲྭས་བཏང་པའི་སློབ་ཚུད་བརྡ་ཐོ་སྤྲོད་དགོས་ཤིང་། རྒྱལ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་ངེས་པར་དགོས་པ་ཡོད་ཚེ། རེ་འདུན་ཞུ་མཁན་གྱིས་ངེས་པར་དུ་དཔལ་འབྱོར་ཁག་ཐེག་བདེན་དཔང་ཡང་སྟོན་དགོས། ཆེད་ཚན་ཡན་གྱི་བསླབ་གནས་ལོན་པའི་མི་སྣས་རང་སྒེར་གྱིས་འགྲོ་སྒོ་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་སྐྱོད་རྒྱུའི་རེ་ཞུ་ཕུལ་སྐབས།  ཞིང་ཆེན་རིམ་པའི་སློབ་གསོ་གཙོ་སྐྱོང་སྡེ་ཁག་གིས་སྤྲད་པའི“འགྲོ་སྒོ་རང་གཏོང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ཐོབ་ཐང་ཞིབ་དཔྱད་དཔང་ཡིག”སྤྲོད་དགོས།
              (4)ཕྱི་རྒྱལ་དུ་སོང་ནས་གཞིས་ཆགས་པར་འགྲོ་རྒྱུའི་འཆར་གཞི་ཡོད་ཚེ། རྒྱལ་ཁབ་སྲིད་གཞུང་གི་གཙོ་སྐྱོང་ལས་ཁུངས་སམ་ཀྲུང་གོའི་གཞུང་ཚབ་ཁང་། གཞུང་ཚབ་དོན་གཅོད་ཁང་བཅས་ཀྱི་གཞིས་ཆགས་གཏན་སྡོད་ཆོག་འཐུས་ཡི་གེའམ་གཏན་སྡོད་བྱེད་རྩིས་ཡོད་པའི་ས་གནས་གཉེན་ཉེ་དང་གྲོགས་པོས་མོས་མཐུན་བྱས་པའི་དཔང་ཡིག་སྤྲོད་དགོས།
              (5)ཕྱི་རྒྱལ་དུ་རྒྱུ་ནོར་གྱིས་ཤུལ་འཛིན་པར་འགྲོ་མཁན་ཡིན་ཚེ།  ཁྲིམས་མཐུན་གྱི་ཤུལ་འཛིན་དབང་ཆ་ཡོད་པའི་དཔང་ཡིག་སྤྲོད་དགོས།
              (6)མི་སྒེར་ཕྱི་རྒྱལ་དུ་ལས་ཞུགས་བྱེད་པར་འགྲོ་མཁན་ཡིན་ཚེ། རྒྱལ་ཁབ་དེ་གའི་ཁྲིམས་ཀྱི་ནུས་པ་ལྡན་པའི (འགྲོ་ཡུལ་རྒྱལ་ཁབ་ཀྱི་གཞུང་དཔང་ལས་ཁུངས་སམ་རང་རྒྱལ་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་གིས་དཔང་བདེན་བྱས་པའི་དཔང་ཡིག)གདན་ཞུའི་ཡི་གེ་དང་གླ་མཁན་ལས་ཁུངས་སམ་ཡང་ན་གླ་མཁན་གང་རུང་གི་གླ་པའི་དཔང་ཡིག་སྤྲོད་དགོས།
              (7) ཕྱི་རྒྱལ་དུ་གཞུང་དོན་མིན་པའི་བྱེད་སྒོ་གཞན་དག་སྤེལ་བར་བསྐྱོད་ཚེ། ཕྱི་རྒྱལ་གྱི་བབ་མཚུངས་གདན་ཞུའི་ཡི་གེ་འདོན་སྤྲོད་བྱེད་དགོས།
               གསུམ་པ།   མངའ་ཁོངས་ནས་ཕྱིར་སྐྱོད་རེ་ཞུར་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚད།
              སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་ཁོངས་འགྲོ་འོང་དོ་དམ་སྡེ་ཁག་གིས་རྒྱལ་ཁོངས་ལས་ཕྱིར་སྐྱོད་རེ་ཞུར་ཉིན20ཡི་རིང(གྲོང་ཁྱེར་ཆེ་འབྲིང་ནས་ལས་ཞག་ཉིན15དང་ཐག་རིང་ལུང་ཁུག  འགྲིམ་འགྲུལ་སྟབས་མི་བདེ་ཚེ་ལས་ཞག་ཉིན40)དུ་ཆོག་མཆན་འགོད་པའམ་མི་འགོད་པ་ཐག་བཅད་དེ་རེ་འདུན་ཞུ་མཁན་ལ་བརྡ་གཏོང་དགོས། རེ་འདུན་ཞུ་མཁན་ལ་གཏན་འབེབས་བྱས་པའི་དུས་ཚོད་ནང་ཞིབ་བཤེར་ཆོག་མཆན་བཀོད་འབྲས་བརྡ་ཐོ་ལག་འབྱོར་མ་བྱུང་ཚེ། ཞིབ་བཤེར་དང་འདྲི་རྩད་བྱེད་པའི་དབང་ཆ་ཡོད་ཅིང་ལས་སྒྲུབ་སྡེ་ཚན་གྱིས་ཀྱང་ངེས་པར་དུ་བདག་སྤྲོད་བྱས་ནས་ལན་འདེབས་དགོས། རེ་འདུན་ཞུ་མཁན་གྱིས་རྒྱལ་ཁོངས་ལས་ཕྱིར་སྐྱོད་པར་ཆོག་མཆན་བཀོད་མེད་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྒྱལ་ཁོངས་འགྲོ་འོང་གི་དོ་དམ་བཅའ་ཁྲིམས》དང་མི་འཚམས་པར་འདོད་ཚེ། དེ་ལས་རིམ་པ་གཅིག་གིས་མཐོ་བའི་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུགས་བྱེད་ཆོག་ལ་གོང་རིམ་ལས་ཁུངས་ནས་ཐག་གཅོད་དང་ལན་འདེབས་དགོས་པ་ཡིན།
              བཞི་བ། ཕྱིར་སྐྱོད་ལམ་ཡིག་གིས་གོ་ཆོད་དུས་ཡུན།
              ཕྱིར་སྐྱོད་ལམ་ཡིག་གི་གོ་ཆོད་དུས་ཡུན་ནི་ལོ5ཡིན་ལ། ཐེངས་གཉིས་ལ་དུས་ཡུན་ཇེ་རིང་དུ་བཏང་ཆོག་པ་དང་། ཐེངས་རེར་ལོ་ལྔ་ལས་བརྒལ་མི་ཆོག
              ལྔ་བ།  ཕྱིར་སྐྱོད་ལམ་ཡིག་དུས་ཡུན་ཇེ་རིང་དུ་གཏོང་པའི་རེ་ཞུ།          
ཕྱིར་སྐྱོད་ལམ་ཡིག་འཛིན་མཁན་གྱིས་ཕྱིར་སྐྱོད་ལམ་ཡིག་གི་གོ་ཆོད་དུས་ཡུན་ལྟར་དུས་ཚད་མ་ལོན་གོང་གི་ཟླ6གི་ནང་ཚུན་དུ། དུས་ཡུན་ཇེ་རིང་དུ་གཏོང་པའི་རེ་ཞུ་ཕུལ་ཆོག་ལ་དཔང་ཡིག་ཡིག་ཚགས་འདོན་སྤྲོད་བྱ་མི་དགོས། དམིགས་བསལ་གྱི་གནས་ཚུལ(དཔེར་ན་གོ་ཆོད་དུས་ཡུན་ནི་ཕྱི་རྒྱལ་གྱི་འཐུས་མཆན་འགོད་པའི་དུས་བཀག་ལ་མི་འདང་པ)ཡོད་ཚེ་འབྲེལ་ཡོད་འཐུས་མཆན་བཀོད་པའི་དཔང་ཡིག་ཁྱེར་ནས་སྔོན་ལ་རེ་འདུན་ཞུ་བའི་འགྲོ་ལུགས་སྒྲུབ་ཆོག་པ་དང་། སྤྱོད་གོ་ཆོད་པའི་ཡུན་ཚད་ལས་བརྒལ་བའི་ལམ་ཡིག་ནི་བྱེད་ནུས་མེད་པའི་ལམ་ཡིག་ཡིན་ཕྱིར། དུས་ཡུན་ཇེ་རིང་དུ་གཏོང་པའི་འགྲོ་ལུགས་སྒྲུབ་མི་ཐུབ། ཕྱིར་སྐྱོད་ལམ་ཡིག་གི་དུས་ཡུན་ཇེ་རིང་དུ་གཏོང་པར། རྒྱལ་ནང་དུ་དེ་སྔའི་དཔང་ཡིག་སྤྲོད་མཁན་ལས་ཁུངས་སམ་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་ཕྱིར་འགྲོ་འོང་དོ་དམ་སྡེ་ཚན་གྱི་སྒྲུབ་དགོས་ཤིང་། ཕྱི་རྒྱལ་དུ་ཕྱིར་སྡོད་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་གིས་སྒྲུབ་དགོས།
              དྲུག་པ།  ཕྱིར་སྐྱོད་ལམ་ཡིག་བརྗེ་ལེན་དང་གསབ་སྤྲོད།
              ཕྱིར་སྐྱོད་ལམ་ཡིག་ཐེངས་གཉིས་རིང་དུས་ཡུན་ཇེ་རིང་བཏང་པ་སྟེ་དུས་ཚད་ལོངས་པའམ་ལམ་ཡིག་གི་ཤོག་ངོས་བཀོལ་ཚར་ནས་སྤྱོད་གོ་ཆོད་པའི་དུས་ཡུན་ཇེ་རིང་དུ་གཏོང་མི་ཐུབ་པའམ་ཡང་ན་གཏོར་སྐྱོན་ཕོག་ནས་མུ་མཐུད་སྤྱོད་མི་རུང་པར་བརྗེ་ལེན་རེ་ཞུ་ཕུལ་ཆོག་པ་དང་། བདེན་དཔང་ཡིག་ཚགས་གང་ཡང་མི་དགོས། ཕྱིར་སྐྱོད་ལམ་ཡིག་བོར་ཚེ་ལམ་ཡིག་ལེན་སའི་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་བོར་བརླག་སྙན་ཞུའི་དཔང་ཡིག་ལེན་དགོས་པ་དང་འབྲེལ་ཚགས་པར་སྟེང་ཕྱིར་སྐྱོད་ལམ་ཡིག་རྩིས་མེད་དུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་རྗེས། ཕྱིར་སྐྱོད་ལམ་ཡིག་གསར་པ་གསབ་ལེན་ལ་རེ་ཞུ་ཕུལ་ཆོག་ཅིང་བདེན་དཔང་ཡིག་ཚགས་གཞན་དག་ཅི་ཡང་སྤྲོད་མི་དགོས།
              བདུན་པ། རྒྱལ་ཁོངས་ལས་ཕྱིར་སྐྱོད་ཐོ་འགོད་བྱང་བུ།
              སྤྱི་བདེ་ལས་ཁུངས་ཀྱིས་ཆོག་མཆན་གནང་པ་བརྒྱུད་ཕྱིར་སྐྱོད་ལམ་ཡིག་སྤྲོད་པ་དང་ཆབས་ཅིག་རྒྱལ་ཁོངས་ལས་ཕྱིར་སྐྱོར་ཐོ་འགོད་བྱང་བུའང་སྤྲོད་དགོས། རྒྱལ་ཁོངས་ལས་ཕྱིར་སྐྱོར་ཐོ་འགོད་བྱང་བུའི་རྒྱལ་ཁོངས་ལས་ཕྱིར་སྐྱོད་པ་ནི“གཏན་སྡོད”དང“དུས་ཐུང་རིང་རྒྱལ་ཁོངས་ལས་ཕྱིར་སྐྱོད་པ” “ཡུལ་སྐོར”(ཚོགས་པ་བཙུགས་ནས་ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་བར་གོ།)བཅས་བྱེ་བྲག་ཏུ་རེའུ་མིག་སྐོང་དགོས་ཤིང་། “གཏན་སྡོད”ཀྱི་རྒྱལ་ཁོངས་ལས་ཕྱིར་སྐྱོད་ཐོ་འགོད་བྱང་བུ་འཛིན་མཁན་ལ་ཚོགས་པའི་ཡུལ་སྐོར་འཐུས་མཆན་བཀོད་པའི་ཕྱིར་སྐྱོད་ལམ་ཡིག་ཕུད་འཐུས་མཆན་བཀོད་པའི་ཕྱིར་སྐྱོད་ལམ་ཡིག་གང་འདྲ་ཞིག་ཡིན་ཡང་རྒྱལ་ཁོངས་ལས་ཕྱིར་སྐྱོད་ཆོག   “དུས་ཐུང་རིང་རྒྱལ་ཁོངས་ནས་ཕྱིར་སྐྱོད”ཀྱི་ཕྱིར་སྐྱོད་ཐོ་འགོད་བྱང་བུ་འཛིན་མཁན་དང་མ་ཟད་རྗེས་སུ་ཡུན་རིང་ལ་གཏན་སྡོད་འཐུས་མཆན་བཀོད་པའི་ཕྱིར་སྐྱོད་ལམ་ཡིག་རག་མཁན་གྱིས་སྡོད་ཡུལ་ལས་ཁུངས་དང་ཡང་ན་མངགས་གཏོང་ཁང་གི་མོས་མཐུན་བསམ་འཆར་ཡི་གེ་སྤྲད་ཚེ། དུས་ཐོག་ཏུ“གཏན་སྡོད” གྱི་རྒྱལ་ཁོངས་ལས་ཕྱིར་སྐྱོད་བྱང་བུ་བླངས་ཆོག  ཕྱིར་སྐྱོད་ལམ་ཡིག་བླངས་རྗེས་ཐོག་དང་བོ ར་རྒྱལ་ཁོངས་ལས་ཕྱིར་སྐྱོར་སྔོན་ལ་འགྲོ་ཡུལ་རྒྱལ་ཁབ་ཀྱི་མིང་བསྒྱུར་དགོས་ཚེ། ཕྱིར་སྐྱོད་ལམ་ཡིག་ལ་བརྟེན་ནས་རྒྱལ་ཁོངས་ལས་ཕྱིར་སྐྱོད་ཐོ་འགོད་བྱང་བུ་བརྗེ་ཆོག་ལ། བདེན་དཔང་ཡིག་ཚགས་གཞན་གང་ཡང་འབུལ་མི་དགོས།
              བརྒྱད་པ། ཕྱིར་སྐྱོད་ལམ་ཡིག་གི་རིན་གོང་ཚད་གཞི།
              ལས་ཚེགས་ལ་གྲོན་དངུལ་མི་དམངས་ཤོག་སྒོར100དང་། འགྲོ་ལུགས་སྒྲུབ་པར་མི་དམངས་ཤོག་སྒོར5སྤྲོད་དགོས། ཕྱིར་སྐྱོད་ལམ་ཡིག་གི་དུས་ཡུན་ཇེ་རིང་དུ་གཏོང་བ་དང་ཕྱིར་སྐྱོད་ལམ་ཡིག་ལ་ནང་དོན་ཁ་གསབ་བྱེད་པར་མི་ཐེངས་རེར་མི་དམངས་ཤོག་སྒོར20སྤྲོད་དགོས།