ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས་བཅས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་ཐོག “ཚུལ་མིན་སྣེ་ཤན་པས”མི་ཁྲིད་དེ་ཁྲིམས་དང་མི་མཐུན་པར“སྲུང་སྐྱོང་ཁུལ་ཆེན་པོ་གསུམ”དུ་བསྐྱོད་མཁན་བཟུང་བ།

སྤེལ་དུས 2019-01-04 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཤིན་ཅང་གི་ཨར་ཅིན་རི་བོ་དང་། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ། བོད་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་མཚོ་བོད་ས་མཐོའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་རེད། དེ་ཁུལ་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཚན་ཞིབ་དང་སྣོད་བཅུད་ཀྱི་རིན་ཐང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཁང་ཕྱིའི་ལུས་རྩལ་དང་མྱུལ་དཔྱད་དབྱིངས་པ་འགའ་ཞིག་གིས་དྲ་ཚུགས་ཀྱི་གླེང་སྟེགས་ཐོག་ཡོངས་བསྒྲགས་ངང་གསལ་བརྡ་བཀྲམ་པ་དང་སྒྲིག་འཛུགས་བྱས་ནས་རང་འགར་སྲུང་སྐྱོང་ཁུལ་ཆེན་པོ་གསུམ་གྱི་ལྟེ་བའི་ཁུལ་དང་བར་ཁུལ་དུ་ཁྲིམས་དང་མི་མཐུན་པར་བསྐྱོད་པའི་བྱེད་སྤྱོད་སྤེལ་ཡོད།
          2018ལོའི་ཟླ་12ཚེས་7ཉིན་གྱི་ཆུ་ཚོད་17དང་སྐར་མ་20ལ་ཤིན་ཅང་རོ་ཆང་རྫོང་སྤྱི་བདེ་ཅུས་ཐོན་པུའུ་ལཱ་ཁེ་མངགས་གཏོང་ཁང་དུ་ཁོངས་གཏོགས་ཁུལ་གྱི་འབྲོག་པའི་ཉེན་དོན་སྙན་སེང་འབྱོར་ནས་བྱེས་བགྲོད་རླངས་འཁོར་5ཡིས་དབྱིན་ཀེ་ལི་ཁེ་འབྲོག་ར་ཨ་ཁེ་སུའུ་ཆུ་རགས་ཉེ་འགྲམ་ནས་བསྐྱོད་པ་དང་མི་14ནས་15བར་འདུག ཁོང་ཚོའི་བྱེད་ལུགས་ལ་དོགས་པ་ཆེན་པོ་འདུག་ཅེས་བརྗོད་པ་གཞིར་བཟུང་། རོ་ཆང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་མི་སྣ་མངགས་ཏེ་འགོག་པར་བསྐྱོད་པ་དང་འབྲེལ། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ཞིབ་འཇུག་བྱ་རྒྱུའི་རེད་བ་བཏོན། འོན་ཀྱང་རྗེས་འདེད་གཏོང་ཐུབ་མེད།
          ཤིན་ཅང་རོ་ཆང་རྫོང་སྤྱི་བདེ་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་པ་བརྒྱུད། གནས་ཚུལ་དེ་ནི་ཀྲང་ཆེ་གེ་མོ་དང་། མཱ་ཆེ་གེ་མོ། ཀེ་ཆེ་གེ་མོ་སོགས་ཀྱིས་གཙོས་པ་དང་ཁྲིམས་འགལ་ངང་པེ་ཅིང་དང་། ཀོང་ཏུང་། ཧྲང་ཧའེ་སོགས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་པའི་ཇུས་ངན་སྔོན་བཀོད་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་མི་མེད་ཁུལ་དུ་ཁྲིམས་དང་མི་མཐུན་པར་བསྐྱོད་པའི་གྱོད་གཞིར་ངོས་འཛིན་བྱས་པ་རེད།
          དུས་ཐོག་ཏུ་འགོག་ཐུབ་པ་དང་ཁྲིམས་དང་མི་མཐུན་པར་བསྐྱོད་མཁན་གྱི་ཚེ་སྲོག་བདེ་འཇགས་ལ་དམིགས་ཏེ་ཤིན་ཅང་རོ་ཆང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ནག་ཆུ་གྲོང་ཁྱེར་ནགས་ལས་ཅུས་དང་འབྲེལ་བ་བྱས། “ཤིན་ཅང་ཕྱོགས་ཀྱི་ཁ་པར་འབྱོར་རྗེས་ང་ཚོས་མཚོ་གཉིས་རྫོང་ནགས་ཚལ་སྤྱི་བདེ་ཅུས་དང་ཨ་མདོ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་འབྲེལ་བ་བྱས་ནས་འགོག་ཐབས་བྱས་པ་ཡིན། གང་ལགས་ཤེ་ན། མཚོ་གཉིས་རྫོང་དང་ཨ་མདོ་རྫོང་ནི་མཐའ་མའི་དོན་ས་གཉིས་རེད། སྟབས་ལེགས་པ་ཞིག་ལ་མཚོ་གཉིས་རྫོང་ནགས་ཚལ་སྤྱི་བདེ་དང་ཨ་མདོ་རྫོང་ནགས་ཚལ་སྤྱི་བདེས་དགུན་དུས་སྐོར་སྲུང་ལས་དོན་སྤེལ་སྐབས་ཁོང་ཚོ་མཐོང་བ་རེད”ཅེས་ནག་ཆུ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད།
          ལམ་བར་ནས་བཀག་རྗེས། ནགས་ཚལ་སྤྱི་བདེ་མི་དམངས་ཉེན་རྟོག་པར་ཤེས་རྟོགས་བྱུང་གསལ། ན་ནིང་གི་ཟླ་6པ་ནས་བཟུང་། ཁྲིམས་དང་མི་མཐུན་པར་བསྐྱོད་མཁན་ཁྲོད་ཀྲང་ཆེ་གེ་མོ་དང་། མཱ་ཆེ་གེ་མོ། ཀེ་ཆེ་གེ་མོ། དབྱང་ཆེ་གེ་མོ། ཀའུ་ཆེ་གེ་མོ་བཅས་ཀྱིས་སྐད་འཕྲིན་ཐོག་མི་བསྡུ་བའི་གསལ་བརྡ་བཀྲམ་སྟེ་སྲུང་སྐྱོང་ཁུལ་ཆེ་མོ་བརྒལ་རྒྱུ་ཡིན་ཞེས་བཀོད་ནས་སྔ་རྗེས་སུ་པེ་ཅིང་དང་། ཀོང་ཏུང་། ཀོང་ཤིས། ཧྲང་ཧའེ་སོགས་ནས་མི་14བསྡུས་པ་དང་། མི་རེ་ནས་འགྲོ་གྲོན་སྒོར་28000(དངོས་སུ་སྒོར་254000བསྡུས་པ)བསྡུས་ཤིང་། 2018ལོའི་ཟླ་11ཚེས་30ཉིན་ཝུའུ་ལུའུ་མུའུ་ཆི་ནས་རྡོག་ཐོན་བྱས་ཏེ་ཁུར་ལེ་གྲོང་ཁྱེར་དང་། རོ་ཆང་རྫོང་། སྨི་ལན་གྲོང་རྡལ(ཧྲི་ཤོག་གཉིས་པའི་ཐོན་36པ)བརྒྱུད་པ་དང་། ཞིབ་བཤེར་ལ་གཡོལ་ཆེད། ཟླ་12ཚེས་4ཉིན་རྒྱལ་ལམ་315རྙིང་པ་བརྒྱུད། རོ་ཆང་རྫོང་གི་ལྷོ་རྒྱུད་རི་ཁུལ་དབྱིན་ཀེ་ལི་ཁེ་འབྲོག་ཁུལ་དུ་བསྐྱོད་པ་དང་། ཟླ་12ཚེས་6ཉིན་ཨར་ཅིན་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དངོས་སུ་འཛུལ། ཟླ་12ཚེས་7ཉིན་བོད་བྱང་ཐང་སྲུང་སྐྱོང་ཁུལ་དུ་འཛུལ། ཟླ་12ཚེས་9ཉིན་མི་མེད་ཁུལ་ཆེན་པོ་གཉིས་བརྒལ་ཡོད།
          མ་གཞི་ཁྲིམས་དང་མི་མཐུན་པར་བསྐྱོད་པ་ཞིག་ཡིན་རུང་། ནགས་ཚལ་སྤྱི་བདེ་མི་དམངས་ཉེན་རྟོག་པས་མི་གཞན་གྱི་ཚེ་སྲོག་བདེ་འཇགས་ལ་བསམ་བློ་བཏང་སྟེ་ཁྲིམས་དང་མི་མཐུན་པར་བསྐྱོད་མཁན་དེ་དག་བདེ་འཇགས་ལྡན་པའི་ངང་ཨ་མདོ་རྫོང་གྲོང་བར་སྲུང་སྐྱེལ་བྱས།
          གསར་འགོད་པར་ཤེས་རྟོཌ་བྱུང་གསལ། ཁྲིམས་དང་མི་མཐུན་པར་བསྐྱོད་མཁན་ལ་རྡུང་རྡེག་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྦྲགས། ད་ཕན་ལོ་ཤས་རིང་། ཁྲིམས་དང་མི་མཐུན་པར་བསྐྱོད་པའི་གྱོད་གཞིའང་ཐོན་ཉུང་དུ་ཕྱིན། ཡིན་ནའང་སྔར་བཞིན་མི་འགའ་ཤས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་མི་འཛེམ་པར་མི་མེད་ཁུལ་གྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་འདི་རིགས་སྤེལ་གྱི་ཡོད། བྱེད་སྤྱོད་འདི་རིགས་ཀྱིས་སྤྱི་ཚོགས་ལ་ཁུར་པོ་ངེས་ཅན་བཟོ་བ་མ་ཟད། ད་དུང་ནགས་ཚལ་སྤྱི་བདེའི་ངོས་ནས་བརྗོད་ན། ལས་དོན་སྒྲུབ་ཁག་ཏུ་སོང་བ་དང་ལྷག་དོན་དུ། མི་དམངས་ཉེན་རྟོག་པའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད། མི་མེད་ཁུལ་གྱི་ཁོར་ཡུག་ཧ་ཅང་ཞན་པ་དང་ལྷག་དོན་དུ་དགུན་དུས་སུ་དྲོད་ཚད་སྤྱིར་ན་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ལྷག་ཟིན་གྱི་ཡོད་པས། ཁྲིམས་དང་མི་མཐུན་པར་བསྐྱོད་མཁན་ཚོ་ལམ་བར་དུ་འགོག་པར་ནགས་ཚལ་སྤྱི་བདེ་ཉེན་རྟོག་པས་དཀའ་བ་ཆེན་པོ་སྤྱོད་དགོས་ཀྱི་ཡོད།
          བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་དང་། རྩ་ཆེ་ལ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་དེ་བཞིན་འཚོ་སྡོད་ཁུལ་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་གསུམ་གྱིས་སྔ་ས་ནས་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ། འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མེད་པར་སྲུང་སྐྱོང་ཁུལ་ཆེན་པོ་གསུམ་དང་ཐ་ན་བར་ཁུལ་དང་ལྟེ་བའི་ཁུལ་དུ་རང་དགར་འཛུལ་ནས་ས་མཐོའི་སྣོད་བཅུད་ཉམས་ཞན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བའི་བྱེད་སྤྱོད་ཚང་མ་ཁྲིམས་དང་མི་མཐུན་པ་ཡིན་པས། ཤེས་རྟོགས་བྱུང་ཚེ་སྤྱི་དམངས་ཚང་མར་གོང་ཞུ་ཐེར་འདོན་བྱེད་དབང་ཡོད་ཅེས་བཀོད་ཡོད།