“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་སྔོན་ཞིང་ཆེན་གྱིས་དོན་རྐྱེན་བཟོས་པའི་སྐྱེལ་འདྲེན་ཁེ་ལས་ཆེན་པོ་བཅུ་དམར་རྗེན་དུ་བཏོན་པ།

སྤེལ་དུས 2019-12-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ12ཚེས25ཉིན་གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་ལོ་འཁོར་གྱི་འགྲིམ་འགྲུལ་དོན་རྐྱེན་གནས་ཚུལ་གྲལ་བཤེར་བྱས་པ་བརྒྱུད་སྤྱི་ཁྱབ་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་མངོན་གསལ་དོད་པའི་ཁེ་ལས10བདམས་པ་དང་གཞུང་ལམ་འགྲུལ་སྐྱེལ་དང་ཟོག་འདྲེན་ཁེ་ལས་བཅུ་བོར་ཁོངས་གཏོགས་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཁྲོད་མི་ཤི་རྨས་ཀྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཡོད་པ་རེད།
          ཁེ་ལས་དེ་དག་ནི་ཟི་ལིང་ཧྲུན་ཞང་འཕྲུལ་སྒུལ་འཁོར་རིགས་ཞབས་ཞུ་ཚད་ཡོད་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས5བྱུང་སྟེ་མི་3ཤི་བ་དང་མི་3རྨས་འདུག ཟི་ལིང་གྲོང་ཁྱེར་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་ཤར་ཕྱོགས་རླངས་འཁོར་གླ་གཏོང་ལས་རིགས། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས6བྱུང་ནས་མི་2ཤི་བ་དང་མི་8ལ་རྨས་སྐྱོན་ཕོག་འདུག ཟི་ལིང་འགྲུལ་ཟོག་སྐྱེལ་འདྲེན་ཚོང་དོན་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས3བྱུང་ནས་མི་2ཤི་བ་དང་མི་3ལ་རྨས་སྐྱོན་ཕོག་འདུག ཟི་ལིང་སྤྱི་སྤྱོད་རླངས་འཁོར་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས6བྱུང་ནས་མི་2ཤི་བ་དང་མི་4ལ་རྨས་སྐྱོན་ཕོག་འདུག ཟི་ལིང་ཧྥུའུ་ཁྲང་ཧྲུན་ཟོག་འགྲེམས་ཚད་ཡོད་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས6བྱུང་ནས་མི་3ཤི་བ་དང་མི་8ལ་རྨས་སྐྱོན་ཕོག་འདུག མཚོ་སྔོན་ཞིང་ཆེན་ཀྲུང་གོ་གཞོན་ནུ་ཡུལ་སྐོར་ལས་དོན་ཁང་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས7བྱུང་ནས་མི་2ཤི་བ་དང་མི་6ལ་རྨས་སྐྱོན་ཕོག་འདུག མཚོ་སྔོན་རུའེ་ཏ་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས3བྱུང་ནས་མི་2ཤི་བ་དང་མི་2ལ་རྨས་སྐྱོན་ཕོག་འདུག མཚོ་ཤར་གྲོང་ཁྱེར་ཐུང་ཏ་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས6བྱུང་ནས་མི་3ཤི་བ་དང་མི་11ལ་རྨས་སྐྱོན་ཕོག་འདུག གུང་ཧོ་རྫོང་ཏུང་ཧྲུན་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས4བྱུང་ནས་མི་3ཤི་བ་དང་མི་1ལ་རྨས་སྐྱོན་ཕོག་འདུག  གུང་ཧོ་རྫོང་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི་དང་པོ། 2019ལོར་འགྲིམ་འགྲུལ་དོན་རྐྱེན་ཐེངས3བྱུང་ནས་མི་2ཤི་བ་དང་མི་2ལ་རྨས་སྐྱོན་ཕོག་འདུག
          གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་ལས་བཅུ་པོས་ལོ་གཅིག་རིང་འགྲིམ་འགྲུལ་དོན་རྐྱེན་ཁྱོན49བྱུང་བ་དང་། མི་24ཤི་བ་དང་མི་48ལ་རྨས་ཕོག་འདུག སྤྱི་ཁྱབ་རུ་ཁག་དོན་རྐྱེན་སྔོན་འགོག་རུ་ཁག་གིས་བཤད་པ་ལྟར་ན། འགྲོས་ཚད་ཚད་ལས་བརྒལ་ནས་བྱུང་པའི་དོན་རྐྱེན་གྱིས་སྤྱིའི་དོན་རྐྱེན་གྱི་བརྒྱ་ཆའི36.7ཟིན། བདེ་འཇགས་འགྲིམ་འགྲུལ་ལ་བར་ཆད་བཟོས་ནས་བྱུང་པའི་དོན་རྐྱེན་གྱིས་སྤྱིའི་དོན་རྐྱེན་གྱི་བརྒྱ་ཆའི་21.36ཟིན། གཞན་ཁྲིམས་འགལ་བྱ་སྤྱོད་གཞན(གཏན་ཁེལ་ལྟར་གཡོ་གཟུར་མ་བྱས་པ། རླངས་འཁོར་འཁོར་ལམ་གང་འདོད་ཀྱིས་བསྒྱུར་བ་སོགས)གྱིས་སྤྱིའི་དོན་རྐྱེན་གྱིས་བརྒྱ་ཆའི41.9ཟིན་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།