བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་སྔོན་གྱི་དྲ་རྒྱའི་ཐད་གཏོང་མཁན་འདི་དག་ལ་ཁ་ཏ་སློབ་གསོ་བཏང་བ།

སྤེལ་དུས 2020-01-13 ཡོང་ཁུངས། ཨ་མདོ་སྨྱན་གསར། རྩོམ་པ་པོ།
          ཐུན་མོང་ཐོག་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་སྟོང་བཏོད་དེ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱ་ཆེད། ཟླ1པོའི་ཚེས8ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་ཁུལ་དྲ་འཕྲིན་གཞུང་ལས་ཁང་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་སོགས་སྡེ་ཁག་དང་མཉམ་འབྲེལ་ཐོག་ཁུལ་ཡོངས་སུ་མགྱོགས་འཕྲིནappཡིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཅུང་ཆེ་ཞིང་ཐ་ཤལ་དང་ཆགས་སྲེད་ཆ་འཕྲིན་གྱི་ཐད་གཏོང་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་ཁ་ཏ་སློབ་གསོ་བཏང་།

འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས“རྟ་མགྲིན”དང “ཧུའུ་ཙི་ཀི” “མཚོ་སྔོན་བསྟན་མཚོ”སོགས་རྒྱབ་སྐྱོར་མཁན་ཅུང་མང་བའི་དྲ་དཔོན་འགས་སྒྲིག་འགལ་ངང་བསྒྱུར་སྒྲིག་དང་ཁྱབ་བསྒྲགས། བརྒྱུད་སྤེལ་བཅས་བྱས་པའི་མ་རབས་ཐ་ཤལ་གྱི་བརྙན་ཐུང་དང་ནོར་འཁྲུལ་གྱི་རིན་ཐང་ལྟ་ཕྱོགས་བརྒྱུད་སྤྲོད་བྱས་པའི་དོན་དངོས་ལ་སློབ་གསོ་ཁྲིད་སྟོན་བྱས་པར་མ་ཟད། 《སྦྲེལ་དྲ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་། 《སྦྲེལ་དྲ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས》《སྦྲེལ་དྲ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས》སོགས་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་དེ་བཞིན་དོ་དམ་གཏན་འབེབས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། སྦྲེལ་དྲ་ཆ་འཕྲིན་ཞབས་ཞུའི་བརྒྱུད་རིམ་ནང་བཅའ་ཁྲིམས་ཀྱི་དམར་ཐིག་དང་ཀུན་སྤྱོད་ཀྱི་མཐའ་ཚད་ནན་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། ཡར་ཐོན་དགེ་སྒྲུབ་ཀྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 

རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་སི་ཁྲིན་ཁའེ་ཡིས་ཁ་ཏ་སློབ་གསོ་གནང་སྐབས། ཐད་གཏོང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རྗེས་ཕྱོགས་ཐད་གཏོང་བྱེད་པའི་ཁྲོད་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ཡང་དག་པའི་ལམ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་རྒྱ་ཆེའི་དྲ་དམངས་མང་ཚོགས་ལ་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་སྟོང་མཁོ་འདོན་བྱ་དགོས་པ་དང་། ཐད་གཏོང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ཁྲིམས་ལྟར་འབྲེལ་ཡོད་ཁྲིམས་འཛིན་གྱི་གོ་རིམ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། གནས་ཚུལ་ཚབས་ཆེ་བའི་རིགས་ཏེ་བཅའ་ཁྲིམས་ལས་འགལ་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན་ཞེས་ནན་བཤད་གནང་། རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཐེངས་འདིར་ཁ་ཏ་སློབ་གསོ་བཏང་བའི་དྲ་དཔོན་དག་ལ་ཐོ་འགོད་བྱས་པ་དང་སྦྲེལ་དྲ་ཐད་གཏོང་ཞབས་ཞུའི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།