དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་པས་འབྲོག་ཁུལ་དུ་དུག་འགོག་སྒྲོག་འགྲེལ་བྱེད་སྒོ་སྤེལ།

སྤེལ་དུས 2020-06-12 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།

          འབྲོག་ཁུལ་མང་ཚོགས་ཚོས་དུག་རྫས་ལ་ངོས་འཛིན་གང་ལེགས་ཡོང་བ་བྱེད་པ་དང་།   དུག་རྫས་སྔོན་འགོག་དང་དུག་མི་འཐེན་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་མ་ཟད།  དུག་རྫས་ཀྱི་གནོད་འཚེ་འགོག་པའི་ནུས་པ་ཆེ་རུ་གཏོང་ཆེད།  ཉེ་དུས།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་རྒྱལ་སྤྱིའི་དུག་འགོག་ཉིན་མོ་སླེབས་ཉེའི་མཚམས་སུ་འདམ་གཞུང་རྫོང་འབྲོག་ཁུལ་དུ་སྐྱོད་ནས་དུག་འགོག་ཆེད་དོན་སྒྲོག་འགྲེལ་བྱས་པ་དང་སྦྲགས་ཁྲིམས་ལུགས་སློབ་གསོའི་ལས་དོན་ཡང་སྤེལ་བ་རེད།  དྲིལ་བསྒྲགས་ཚོགས་ཆུང་གིས་ད་དུང་དུག་འགོག་ཤེས་བྱའི་ཀློག་དེབ180ལྷག་ཙམ་དང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག200ཙམ་སྤྲད་པས།  མང་ཚོགས150ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་དེས་ས་གནས་དེ་གའི་འབྲོག་ཁུལ་མང་ཚོགས་ཀྱིས་དུག་འགོག་འཐབ་རྩོད་ནང་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་རྒྱུ་རེད།།