ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཁྱོ་ག་འཚོ་བཞེས་ཀྱི་སྐབས་སུ་བླངས་པའི་བུ་ལོན་ཆུང་མ་དང་བུ་ཕྲུག་གིས་འཇལ་དགོས་སམ།

སྤེལ་དུས 2017-08-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
དཔེ་མཚོན།
          ཚེ་རྒྱལ་དང་དོན་གྲུབ་ཚེ་རིང་གཉིས་གྲོགས་པོ་ཡིན་ལ། 2016ལོའི་ཟླ8པར། དོན་གྲུབ་ཚེ་རིང་གིས་ཚེ་རྒྱལ་གྱི་ལག་ནས་སྒོར་ཁྲི5བསྐྱིས། རྗེས་སུ་ཚེ་རྒྱལ་གྱིས་སྐྱིན་ཚབ་སྤྲོད་རྒྱུའི་རེ་བ་བཏོན་པ་ན། དོན་གྲུབ་ཚེ་རིང་གིས་ཁང་པའི་བདག་དབང་གི་འགྲོ་ལུགས་བསྒྲུབས་ཚར་རྗེས་སྟེར་ཞེས་ཁས་བླངས་པར་མ་ཟད། ད་རུང་བསྐྱིས་ཡིག་ཅིག་བྲིས་ནས་ཚེ་རྒྱལ་ལ་སྤྲད་པ་དང་། ཕྱོགས་གཉིས་ཀས་ད་རུང་ཟླ་རེར་སྐྱེད་ཀ2%སྟེར་རྒྱུའི་ཁ་ཆད་བཞག་པ་དང་མཉམ་དུ། དོན་གྲུབ་ཚེ་རིང་གིས་ད་རུང་རང་ཉིད་ཀྱི་ཁང་པ་དེ་གཏའ་མར་བཞག་མོད། ཡིན་ནའང་ཁོ་གཉིས་ཀྱིས་གཏའ་མའི་ཐོ་འགོད་འགྲོ་ལུགས་མ་བསྒྲུབས་པ་རེད།

          2017ལོའི་ཟླ11པར། དོན་གྲུབ་ཚེ་རིང་ལ་འཁོར་བགེགས་བྱུང་ནས་གློ་བུར་དུ་ཚེ་ལས་འདས་པས། ཚེ་རྒྱལ་གྱིས་དོན་གྲུབ་ཚེ་རིང་གི་ཆུང་མ་ཚེ་དབང་སྐྱིད་ལ་བསྐྱིས་དངུལ་གྱི་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་པ་ན། ཚེ་དབང་སྐྱིད་ཀྱིས་དེ་ལྟ་བུའི་བསྐྱིས་དངུལ་ཞིག་ཡོད་པ་ཁས་མ་བླངས། དེ་བས་ཚེ་རྒྱལ་གྱིས་ཁྲིམས་ཁང་ལ་གཏུགས་ཏེ་ཚེ་དབང་སྐྱིད་ཀྱིས་བསྐྱིས་དངུལ་སྒོར་ཁྲི5དང་ད་རུང་སྐྱེད་ཀ་སྒོར6000གི་སྐྱིན་ཚབ་སྤྲོད་རྒྱུ་དང་། དོན་གྲུབ་ཚེ་རིང་གི་བུ་དོན་གྲུབ་རྒྱལ་དང་བུ་མོ་ཚེ་སྒྲོན་གཉིས་ཀྱིས་ཤུལ་ནོར་རྒྱུད་འཛིན་བྱེད་པའི་ཁྱབ་ཁོངས་ནང་འབྲེལ་ཐེབས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན།

བཅའ་ཁྲིམས་ཀྱི་ཁུངས་ལུང་།
          གྱོད་ཡ་དོན་གྲུབ་ཚེ་རིང་དང་གྱོད་བདག་ཚེ་རྒྱལ་གཉིས་བར་གྱི་དམངས་དོན་དངུལ་བུན་གྱི་འབྲེལ་བ་དེ་ཁྲིམས་ལྟར་གྲུབ་ཡོད་པ་རེད། དོན་གྲུབ་ཚེ་རིང་གིས་ཚེ་དབང་སྐྱིད་དང་བཟའ་ཟླའི་འབྲེལ་བ་གནས་པའི་སྐབས་སུ་ཚེ་རྒྱལ་གྱི་ལག་ནས་སྒོར་ཁྲི5བསྐྱིས་པ་ཡིན་པས། བུ་ལོན་དེ་བཟའ་ཟླའི་ཐུན་མོང་གི་བུ་ལོན་གྱི་ཁོངས་སུ་གཏོགས། དེ་བས་ད་ལྟ་དོན་གྲུབ་ཚེ་རིང་ཚེ་ལས་འདས་ནའང་ཚེ་དབང་སྐྱིད་ཀྱིས་བུ་ལོན་དེའི་སྐྱིན་ཚབ་སྤྲོད་དགོས་པ་རེད། གྱོད་ཡ་དོན་གྲུབ་རྒྱལ་དང་ཚེ་སྒྲོན་གཉིས་ནི་དོན་གྲུབ་ཚེ་རིང་གི་རིམ་པ་དང་པོའི་རྒྱུད་འཛིན་མཁན་ཡིན་པས། དོན་གྲུབ་ཚེ་རིང་གི་ཤུལ་ནོར་རྒྱུད་འཛིན་བྱེད་རྒྱུའི་དབང་ཆ་ཡོད་ལ། དོན་གྲུབ་ཚེ་རིང་གི་བུ་ལོན་དེ་ཤུལ་ནོར་རྒྱུད་འཛིན་བྱས་པའི་མངའ་ཁོངས་དེའི་ནང་ནས་སྐྱིན་ཚབ་འཇལ་རྒྱུའི་འོས་འགན་ཡང་ཡོད་པ་རེད། དེའི་རྐྱེན་གྱིས་ཁྲིམས་ཁང་གིས་གྱོད་ཡ་ཚེ་དབང་སྐྱིད་ཀྱིས་ཁྲིམས་ཐག་བཅད་པའི་ཉིན་དེ་ནས་བཟུང་བའི་ཟླ་གཅིག་གི་ནང་གྱོད་བདག་ཚེ་རྒྱལ་ལ་བསྐྱིས་དངུལ་སྒོར་ཁྲི5དང་ད་རུང་སྐྱེད་ཀ་དང་བཅས་པ་སྤྲོད་དགོས་པ་དང་། གྱོད་ཡ་དོན་གྲུབ་རྒྱལ་དང་ཚེ་སྒྲོན་གཉིས་ཀྱིས་ཤུལ་ནོར་རྒྱུད་འཛིན་བྱེད་པའི་ཁྱབ་ཁོངས་དེའི་ནང་ནས་འབྲེལ་ཐེབས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་པ་ཐག་གིས་བཅད་པ་རེད། །

          ཉེ་ལམ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཡན་ལག་རུ་ཁག་གི་སྐྱེ་དངོས་གླིང་ཁུལ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གླིང་ཁུལ་དེར་ཡོད་པའི་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ལས་གཞིའི་ལས་ཡུལ་དུ་སོང་སྟེ། མེ་འགོག་བདེ་འཇགས་ཞིབ་བཤེར་དང་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་འགུལ་སྤེལ། བྱ་འགུལ་སྤེལ་སྐབས་སུ། མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལས་གཞིའི་ལས་ཡུལ་གྱི་ལས་བཟོ་པ་རྣམས་ལ་སྒྲོག་འགྲེལ་བྱེད་བཞིན་ཡོད།།