ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ལས་དོན་ཚན་འགའ།

སྤེལ་དུས 2017-11-23 ཡོང་ཁུངས། བོད་ཀྱི་སྐད་ཡིག་དྲ་བ། རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྲིགས།
          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས་དོན་ཚན་དྲུག་པ།

          རིགས་སོ་སོའི་སྤྱི་དམངས་ཚང་མར་རང་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུགས་བཤེར་བྱས་ཆོག་པའི་དབང་ཆ་ཡོད། མི་དམངས་ཁྲིམས་ཁང་གིས་གནས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བྱང་ཆ་མེད་པའི་གྱོད་མིར་ལོ་ཙཱ་བྱ་འོས། མི་རིགས་གྲངས་ཉུང་བ་འདུས་སྡོད་དང་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ནས། མི་དམངས་ཁྲིམས་ཁང་གིས་གནས་དེའི་སྤྱི་སྤྱོད་ཀྱི་སྐད་ཆར་བརྟེན་ནས་ཁྲིམས་བཤེར་བྱ་འོས། ས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་དཔྱད་མཚམས་དང་སྤྱི་སྒྲོག ད་དུང་ཡིག་ཆ་གཞན་སོགས་སྤེལ་འོས་པ་ཡིན།

          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཐོབ་ཐང་འཛིན་ཡིག་སྐོར་གྱི་སྲོལ་ཡིག

          དོན་ཚན་གསུམ་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་ང་སྐྱོང་སྡེ་ཁག་གིས་རང་སའི་གནས་ཚུལ་དངོས་གཞི་བྱས་ཏེ། རང་རིགས་ཀྱི་ཡི་གེའམ་ཡང་ན་ས་དེའི་སྤྱི་སྤྱོད་ཀྱི་མི་རིགས་ཡིག་རིགས་ཤིག་དུས་མཉམ་དུ་བེད་སྤྱོད་བྱེད་པར་ཐག་བཅད་ཆོག

          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་སུ།མི་རིགས་གྲངས་ཉུང་བའི་སློབ་མ་གཙོ་བོར་སྡུད་པའི་སློབ་གྲྭས་མི་རིགས་ས་ཁུལ་གྱི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་སློབ་ཁྲིད་བྱས་ཆོག

          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་དོན་ཚན་བརྒྱད་པ། མི་རིགས་སོ་སོ་ཚང་མར་རང་རིགས་ཀྱི་སྐད་དང་ཡི་གེར་བརྟེན་ནས་སྲིད་འཛིན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།

          མི་རིགས་གྲངས་ཉུང་བ་འདུས་སྡོད་དམ་ཡང་ན་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ནས།མི་དམངས་ཁྲིམས་ཁང་གིས་ས་དེའི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བརྟེན་ནས་ཁྲིམས་བཤེར་དང་ཁྲིམས་ལུགས་ཡིག་ཆ་འགྲེམ་སྤེལ་བྱས་འོས།

          མི་དམངས་ཁྲིམས་ཁང་གིས་ས་གནས་དེའི་མི་རིགས་ཀྱི་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེར་བྱང་ཆ་མེད་པའི་གཏུག་བཤེར་ལ་ཞུགས་མཁན་ལ་ལོ་ཙཱ་བ་མཁོ་འདོན་བྱ་འོས།