ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་མགོ་ཁུངས་ནས་འགན་སྲུང་བྱས་པ།

སྤེལ་དུས 2018-02-05 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་ཡང་བསྐྱར“ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ།བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས”ཚུལ་བཏོན་པ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་དུས་རབས་ཀྱི་རོལ་དབྱངས་དཀྲོལ་ཏེ།བུད་མེད་དང་བྱིས་པའི་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བཏོན་པར་མ་ཟད།དུས་རབས་གསར་པའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་བའི་བྱ་བར་གོ་སྐབས་སྔར་ལས་མང་པོ་བསྐྲུན།
          བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ།ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་ཡིན།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས“ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཚུལ་རྒྱུན་འཁྱོངས་བྱས་ཏེ།བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས”པ་དེ་ཏང་གི་སྲིད་སྐྱོང་རྩ་འཛིན་ནང་བྲིས་ནས།བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ནུས་ལྡན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།
          ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བུད་མེད་ཀྱི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ།ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཚུལ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ།བུད་མེད་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཆེན་པོར་དུས་ལྟར་ཞིབ་འཇུག་དང་ཐག་གཅོད་བྱས་ཤིང་། ཞིང་ཆེན་དམངས་ཆེན་དང་སྲིད་གྲོས་ཀྱིས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཁྲིམས་སྐྱོང་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ།བུད་མེད་དང་བྱིས་པའི་འཕེལ་རྒྱས་དང་འབྲེལ་བའི་གྲོས་གཞི་དངོས་འབེབས་བྱས།སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་བུད་མེད་དང་བྱིས་པའི་སྤྱི་ཕན་ལས་དོན་འཕེལ་རྒྱས་འབྱུང་བར་ཧུར་བརྩོན་གྱིས་སྐུལ་འདེད་བཏང་ནས།སྤྱི་ཚོགས་ཡོངས་ཀྱིས་བུད་མེད་ལ་བརྩི་བཀུར་དང་བྱིས་པ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་སུ་བཅུག
          ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྲུང་སྐྱོབ་ཆེན་མོ”ཡི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་།མགོ་ཁུངས་ནས་ཁེ་དབང་སྲུང་བ་དང་།སྤྱི་ཚོགས་ཅན་གྱི་ཁེ་དབང་སྲུང་བ།དོན་དངོས་ཀྱིས་ཁེ་དབང་སྲུང་བ་བཅས་ནས་རྐང་བཙུགས་ཤིང་།རྒྱ་ཆེའི་བུད་མེད་མང་ཚོགས་ལ་“རྩ་བ་ནས་ཕན་ཐོགས་པ”དམིགས་འབེན་བྱས་ཏེ།བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་དོ་དམ་ནང་ཞུགས་པ།འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་མཉམ་འབྲེལ་བྱས་ཤིང་།སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་དུ་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་།བུད་མེད་ཀྱི་ཁེ་དབང་སྲུང་བ་དེ་ནི་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་བྱེད་པ་སོགས་དང་ཕན་ཚུན་སྤེལ་ཟླ་ཡིན་པས་མཉམ་དུ་འཕེལ་རྒྱས་སུ་བཏང་།
          ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧུར་བརྩོན་སྒོས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་རྩོད་གཞི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས།ཁྱིམ་ཚང་གི་གཉེན་འབྲེལ་རྩོད་གཞི་སོགས་སྔོན་འགོག་དང་ཐག་གཅོད་བྱེད་པ་དང་།གཞན་ད་རུང་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་བློ་འདྲི་ལམ་ལུགས་སོགས་བུད་མེད་ཀྱི་ཁེ་དབང་དང་འབྲེལ་བའི་ས་གནས་ཁྲིམས་སྲོལ་དང་སྤྱི་པའི་སྲིད་ཇུས་བཟོ་བ་དང་བསྒྱུར་བཅོས་བྱེད་པའི་ནང་ཞུགས་ནས།ལངས་ཕྱོགས་གསལ་པོའི་སྒོ་ནས“བུད་མེད་བསླུ་འཚོང་བྱེད་པའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས།ཞིང་སྡེའི་བུད་མེད་ཀྱི་ས་ཞིང་ཁེ་དབང་ལ་སྲུང་སྐྱོབ་དང་།ཞིང་སྡེའི་བུད་མེད་ཀྱི་སྲིད་ཞུགས་བསྡུར་ཚད་ཇེ་མཐོར་བཏང་ནས།མི་དམངས་འདུམ་སྒྲིག་ཁྲོད་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ”སོགས་བསམ་འཆར་དང་གྲོས་གཞི་རབ་དང་རིམ་པ་བཏོན་ནས།ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཚུལ་དང་སྤྱི་ཚོགས་སྟེང་གི་ཕོ་མོའི་འདུ་ཤེས་དེ་བཅའ་ཁྲིམས་དང་སྲིད་ཇུས་ཁྲོད་དངོས་གནས་མངོན་པར་བྱས།
          བུད་མེད་ཀྱི་ཁེ་དབང་སྲུང་བའི་བྱ་བའི་གྲུབ་འབྲས་ནི་དངོས་གནས་དགའ་འོས་པ་ཞིག་རེད་མོད།འོན་ཀྱང་སྔར་བཞིན་སྣང་མེད་དུ་འཇོག་མི་རུང་བ་ཞིག་ནི།སྤྱི་ཚོགས་ཡོངས་ཀྱི་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་ད་རུང་ཇེ་དྲག་ཏུ་གཏོང་དགོས་པ་དང་།ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་ལག་ལེན་མཐར་ཕྱིན་བྱེད་ཚད་ད་རུང་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ལ།བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ད་རུང་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས།བུད་མེད་ཀྱི་འདྲ་མཉམ་ལས་ཚུད་ཡོང་བའི་ཁེ་དབང་འགན་སྲུང་དང་ཞིང་སྡེའི་བུད་མེད་ཀྱི་ས་ཞིང་ཁེ་དབང་སྲུང་སྐྱོབ།ཁྱིམ་ཚང་ནང་གི་དྲག་ཤུགས་སྔོན་འགོག་དང་གཏན་འགོག་བྱེད་པ་སོགས་ཀྱི་ཕྱོགས་ནས་ད་རུང་མཆོང་བརྒལ་ཡོང་དགོས་པར་མ་ཟད།སྡེ་ཁག་མང་པོ་དང་ཕྱོགས་མང་པོ་ཞུགས་པ་དང་།ཐེག་བྱད་མང་པོ་འཁོར་སྐྱོད་བྱེད་པའི་སྤྱི་ཚོགས་ཅན་གྱི་དབང་སྲུང་དྲ་བ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས།དབང་སྲུང་སྨྱན་བྱད་གསར་སྐྲུན་དང་དབང་སྲུང་ནུས་པ་ཇེ་མཐོར་བཏང་ནས།ཏན་ཏན་ཏིག་ཏིག་གིས་བུད་མེད་རྣམས་ལ་ཁེ་དབང་སྲུང་བའི་ཐད་ཀྱི་དཀའ་གནད་སེལ་རོགས་བྱེད་དགོས་སོ། །