ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཁ་ལོ་བའི་ཡིག་རྒྱུགས་ནང་ལམ་ངོས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉམས་ལེན་ནང་དོན་གསར་དུ་བསྣན་པ།

སྤེལ་དུས 2018-04-25 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར།
          འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས“མ་འོངས་པའི་ཁ་ལོ་བའི”ཡ་རབས་འགྲིམ་འགྲུལ་ཉམས་ལེན་གྱི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་ཟླ་3ཚེས་12ཉིན་ནས་སྤེལ་འགོ་ཚུགས་ཏེ་ཉིང་ཁྲི་གྲོང་ཁུལ་གྱི་ཁ་ལོ་བའི་སློབ་གྲྭ་ཡོངས་སུ་ཡ་རབས་འགྲིམ་འགྲུལ་ཉམས་ལེན་གྱི་སློབ་ཚན་འཁྲིད་པ་དང་། ཁ་ལོ་བ་གསོ་སྦྱོང་བྱེད་རིང་། ལག་ཁྱེར་མ་སྤྲད་གོང་སློབ་མར་དམིགས་གཏན་འཁེལ་བའི་ལམ་མདོར་ཡ་རབས་འགྲིམ་འགྲུལ་ཉམས་ལེན་ཉིན་གཅིག་བྱེད་དགོས་ཀྱི་ཡོད་པ་རེད།
          ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་དང་ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་འོག ཁ་ལོ་བའི་སློབ་གྲྭའི་སློབ་མས་གྲོང་ཁུལ་གྱི་ལམ་མདོ་ཁག་ཏུ་འགྲོ་མི་དང་འཕྲུལ་སྒུལ་འཁོར་རིགས་མིན་པའི་ཁ་ལོ་བར་ཁྲིད་སྟོན་བྱས་པ་རེད།
          ད་རེས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁ་ལོ་བའི་སློབ་གྲྭའི་སློབ་མས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་གི་ཉེན་ཁ་ཤེས་རྟོགས་དང་། ལྷག་པར་དུ་ “མ་འོངས་པའི་ཁ་ལོ་བ”ཚོར་བདེ་འཇགས་ཀྱི་སྔོན་འགོག་ཁབ་བརྒྱབ་པ་དེས་ཁོང་ཚོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་གོམས་གཤིས་ཡག་པོ་འཇགས་རྒྱུར་ཕན་ཐོགས་བྱུང་ཡོད། ཉམས་ལེན་ནང་ཞུགས་མཁན་སློབ་མས་ལས་སྒྲུབ་ལ་ཐེངས་གཅིག་བསྐྱོད་རྗེས་འགྲིམ་འགྲུལ་ཉེན་རྟོག་པའི་ལས་དོན་དཀའ་ཚེགས་ཆེ་ལུགས་དང་ལྷག་པར་དུ་ཁོང་ཚོས་དགུན་གྲང་ངར་དང་དབྱར་ཚ་གདུག་བཟོད་བསྲན་ཐུབ་ལུགས་ཤེས་བྱུང་། ཕྱིས་འབྱུང་ང་ཚོར་ཁ་ལོ་བའི་ལག་ཁྱེར་རག་རྗེས། རང་ཉིད་ནས་འགོ་བཙུགས་ཏེ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་དང་འགྲུལ་བཞུད་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།