ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཁྲིམས་ལས་འགལ་བའི་གློག་སྒུལ་སྦག་སྦག་ལ་ཞིབ་བཤེར་མཐའ་གཅིག་ཏུ་དང་གང་བྱུང་དུ་བཏང་ཚེ་ཆད་པ་མཐའ་གཅིག་ཏུ་གཅོད་པ།

སྤེལ་དུས 2018-04-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར།
            “ཁ་ཕྱོགས་ལྡོག་ནས་མ་འགྲོ་རོགས། ཁ་ས་ངས་མཐུན་སྒྲིལ་གྲོང་གསར་གྱི་ཤར་སྒོ་ནས་ཁ་ཕྱོགས་ལྡོག་སྟེ་འགྲོ་སྐབས་འགྲིམ་འགྲུལ་ཉེན་རྟོག་པས་ཆད་པ་བཅད་བྱུང་། རྗེས་སུ་སྦག་སྦག་གི་རྒྱབ་ཏུ་ཕྲུ་གུ་སྐྱོན་སྐབས་ང་ཚོས་འགྲིམ་འགྲུལ་བདེ་འཇགས་ལ་དེ་བས་དོ་སྣང་བྱེད་དགོས་འདུག”ཅེས་འགྲིམ་འགྲུལ་ཉེན་རྟོག་པས་སློབ་གསོ་བཏང་བ་བརྒྱུད་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་ཆོས་སྒྲོན་གྱིས་སྟབས་བདེ་ཡོང་ཆེད། ཁ་ཕྱོགས་ལྡོག་ནས་འགྲོ་གྲབས་ཡོད་པའི་ཁྱིམ་མཚེས་དབང་འདུས་ལ་དེ་ལྟར་བཤད།
            ད་ཆ་ཁྲོམ་གཞུང་དུ་ཚད་གཞི་ལས་བརྒལ་བའི་གློག་སྒུལ་སྦག་སྦག་ཁག་གཅིག་མཐོང་རྒྱུ་ཡོད། འཁོར་རིགས་དེ་དག་གི་ཇུས་འགོད་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་སྟེ། ཆུ་ཚོད་རེར་སྤྱི་ལེ་20ལས་བརྒལ་མི་རུང་བ་དང་སྦག་སྦག་ཧྲིལ་པོའི་ལྗིད་ཚད་སྤྱི་རྒྱ་40ལས་བརྒལ་མི་ཆོག་པ་སོགས་ཀྱི་གཏན་འབེབས་ལས་བརྒལ་ནས་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་ཤུགས་རྐྱེན་བཟོ་གི་ཡོད།
            ཉེ་བའི་ལོ་ཤས་རིང་། གློག་སྒུལ་སྦག་སྦག་སྟབས་བདེ་བ་དང་གོ་ཆོད་པར་བརྟེན་མང་ཚོགས་ཚོས་དགའ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་གི་གྲངས་གཞིར་བལྟས་ཚེ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལས་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་གྱིས་ལས་འཛོལ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཧ་ཅང་མཐོ་པོ་ཡོད་པ་དང་། ཚད་གཞི་ལས་བརྒལ་བའི་སྦག་སྦག་དེ་དག་གཏོང་མཁན་མང་ཆེ་བར་ཁ་ལོ་བའི་ལག་ཁྱེར་མེད་པ་དང་ཁག་གཅིག་གིས་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་ཀྱི་མེད་པས་རྟག་ཏུ་གློག་དམར་ལས་སྒྲོལ་བ་དང་། གང་བྱུང་དུ་འཁོར་ལམ་བསྒྱུར་བ། གཞུང་ལམ་འཕྲེད་བཅད་གཏོང་བ། གློ་བུར་དུ་ཁ་གཅུ་བའམ་ཧོབ་སྟེ་ཁ་བསྒྱུར་བ། དེ་བཞིན་སྒྲིག་ཁྲིམས་ལས་འགལ་ནས་རྒྱབ་ཏུ་མི་སྐྱོན་པ་དང་བདེ་འཇགས་ཞྭ་མོ་མི་གྱོན་པ་སོགས་ལས་རྒྱུན་གཏན་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལའང་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད།
            “མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་སྦག་སྦག་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བཞིན་ཡོད། ཉེ་དུས་ཀྱི་བཅོས་སྒྲིག་གནས་ཚུལ་ལ་བལྟས་ན། ཕན་འབྲས་ཅུང་མངོན་གསལ་དོད་པོ་ཐོན་འདུག གློག་སྒུལ་སྦག་སྦག་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ནི་ང་ཚོ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། རྒྱུན་གཏན་ནས་དོ་དམ་ལ་ཤུགས་སྣོན་དང་། གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད། ཁ་འགྲེམས་སློབ་གསོ། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། གློག་སྒུལ་སྦག་སྦག་གི་ཁ་ལོ་བ་ཚོས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འདུ་ཤེས་བཟང་པོ་ཞིག་བཙུགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་རུ་དཔོན་རྒན་པ་ཧའུ་ཝུན་གྱིས་ངོ་སྤྲོད་བྱས།
            ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་གློག་སྒུལ་སྦག་སྦག་ལ་འཁོར་བྱང་བསྒར་མི་དགོས། ཡིན་ནའང་གློག་སྒུལ་སྦག་སྦག་ལ་འཁོར་བྱང་བསྒར་རྒྱུ་ནི་རྒྱལ་ཡོངས་སུ་ཁྱབ་སྤེལ་གཏོང་བའི་འཕེལ་ཕྱོགས་ཤིག་ཡིན་པས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཀྱང་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་རེད།