ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

པུའུ་དང་ཨུ་ཡོན་ལྷན་ཁང་མང་པོས་སྤྱི་ལོ་༢༠༡༩ལོའི་གཙོ་གནད་ས་དོན་བཀོད་སྒྲིག་བྱས།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           ཉེ་ཆར། ནོར་སྲིད་པུའུ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གིས་སྔ་རྗེས་སུ་ལོ་འཁོར་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་ནས་སྤྱི་ལོ་༢༠༡༩ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་དང་དེའི་ཁྲོད་དམངས་འཚོར་ཕན་པ་སྐྲུན་རྒྱུ་དེ་འགག་རྩའི་མིང་ཚིག་ལ་གྱུར་ཡོད་པ་རེད།
           རྒྱལ་ཡོངས་ནོར་སྲིད་ལས་དོན་གྲོས་ཚོགས་ཐོག སྤྱི་ལོ་༢༠༡༩ལོར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་གཞི་ཁྱོན་སྔར་བས་ཆེ་བའི་ཁྲལ་འཐེན་གྲོན་བཅག་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ནོར་སྲིད་པུའུ་ཀྲང་ལིའུ་ཁུན་གྱིས། སྤྱི་ཕན་རང་བཞིན་གྱི་ཁྲལ་འཐེན་དང་གྲུབ་ཆའི་རང་བཞིན་གྱི་ཁྲལ་འཐེན་ཟུང་སྦྲེལ་བྱེད་རྒྱུ་དང་གཙོ་གནད་དུ་བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་ཁུར་པོ་ཡང་དུ་བཏང་ནས་དངོས་གཟུགས་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད་ཅེས་བསྟན་འདུག
           རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་དོན་གྲོས་ཚོགས་ཐོག སྤྱི་ལོ་༢༠༡༩ལོའི་དགེ་མཚན་ལྡན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་ཚད་དམའ་རུ་གཏོང་རྒྱུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་ཚོགས་འགན་སྲུང་ལམ་ལུགས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། སྤྱི་ལོ་༢༠༡༩ལོར། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཐེངས་ལྔ་པ་དེ་དམའ་རུ་གཏོང་རྒྱུ་རེད་ཅེས་བཏོན་འདུག
           རྒྱལ་ཡོངས་སྡོད་ཁང་དང་གྲོང་གསེབ་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གྲོས་ཚོགས་ཐོག སྤྱི་ལོ་༢༠༡༩ལོར་གཙོ་གནད་དུ་ས་ཁང་རིན་གོང་དང་སྡོད་ཁང་རིན་གོང་བརྟན་པོ་བཟོ་རྒྱུ་སྔོན་དཔག་དམིགས་འབེན་བྱས་ནས་ས་ཁང་ཐོན་དབང་གྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཚུད་པའི་ཕྱོགས་བཅུའི་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ་རེད་ཅེས་བཏོན་འདུག
           སྤྱི་ལོ་༢༠༡༩ལོའི་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྲོས་ཚོགས་ཐོག ལམ་ལུགས་རང་བཞིན་གྱི་མ་གནས་དམའ་རུ་གཏོང་བ་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཏོན་འདུག འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕང་གིས། གྲོན་དངུལ་བསྡུ་བའི་གཞུང་ལམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་གཞུང་ལམ་དང་ཟམ་འགྲོལ་གྲོན་དངུལ་དམའ་རུ་གཏོང་རྒྱུའི་བླང་བྱ་མུ་མཐུད་དོན་འཁྱོལ་བྱེད་རྒྱུ མྱུར་བགྲོས་གཞུང་ལམ་ཁྱད་པར་ཅན་གྱི་གྲོན་དངུལ་བསྡུ་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་ཚོད་ལྟའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མྱུར་བགྲོས་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གླ་རིན་བསྡུ་བའི་ས་ཚིགས་མེད་པ་བཟོ་རྒྱུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད་ཅེས་བསྟན་འདུག