ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

དུས་ཚིགས་སྔོན་མ་གསུམ་གྱི་རིང་དུ་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར༥༥ལས་བརྒལ་བ།

སྤེལ་དུས 2010-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་གསལ་ལྟར་ན། ཟླ༡པོ་ནས༩པའི་བར་དུ། ལྗོངས་ཡོངས་ཀྱིས་སྔ་གཞུག་ཏུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་སྡོམ་ཁྲི༥༨༢ལས་བརྒལ་བར་སྣེ་ལེན་བྱས་ཤིང་། དེ་ནི་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི༢༢༦འཕར་བ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་ཁྲི༥༥༨༠༨༦རག་པས། བརྒྱ་ཆའི༤༠༣ཇེ་མང་དུ་སོང་བ་རེད།
  
ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་།བོད་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་འཁོར་རྒྱུག་གི་ཐད་ལ་ཁྱད་ཆོས་གཙོ་བོ་གསུམ་མངོན་ཡོད་དེ། གཅིག་ནི། ཡུལ་སྐོར་ལ་སྐུལ་བའི་ནུས་ཤུགས་ཇེ་ཆེར་བཏང་བ། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་རྣམས་ཡུལ་སྐོར་ལ་སྐུལ་བའི་དུས་མཚུངས་སུ། རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱིས་མཚམས་སྦྱོར་ཚན་པ་བེད་སྤྱད་དེ། ཡུལ་སྐོར་ལ་སྐུལ་བའི་དྲིལ་སྒྲོག་གི་བྱེད་ཐབས་གསར་སྤྱད་པ་སྟེ། ཀྲུང་དབྱང་བརྙན་འཕྲིན་ཁང་དང་། ཡུལ་སྐོར་འཁོར་སྐར་བརྙན་འཕྲིན། ཀྲུང་གོའི་ཡུལ་སྐོར་དྲ་བ།    བོད་ལྗོངས་གསར་འགྱུར་དྲ་བ་སོགས་མཚམས་སྦྱོར་ཚན་པ་ཁག་གི་སྟེང་དུ་ཡུལ་སྐོར་མཚམས་སྦྱོར་དང་ཡུལ་སྐོར་གྱི་ཞབས་ཞུའི་ཆ་འཕྲིན་སོགས་བཀོད་གཏོང་བྱས་པས། ཡུལ་སྐོར་ལ་སྐུལ་བའི་དྲིལ་སྒྲོག་གི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན་པ་རེད།

       གཉིས་ནི། ལྗོངས་ནང་ཁུལ་དུ་ཡོང་བའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ།   དེའི་ནང་དུ་ཀང་ཨའོ་ཐེ་ཡི་ཡུལ་སྐོར་བ་མི༨༦༣༤ལ་སྣེ་ལེན་བྱས་པ་དང་། བརྒྱ་ཆའི་༥༧༥ཇེ་མང་དུ་སོང་ཡོད། གླིང་ཆེན་ཨེ་ཤ་ཡའི་ཡུལ་སྐོར་བ་མི༤༨༦༠༦ལ་སྣེ་ལེན་བྱས་པ་དང་། བརྒྱ་ཆའི༣༤༧ཇེ་མང་དུ་སོང་ཡོད།   ཡོ་རོབ་ཀྱི་ཡུལ་སྐོར་བ་མི༧༧༦༠༤ལ་སྣེ་ལེན་བྱས་ཤིང་། བརྒྱ་ཆའི༢༧༢འཕར་ཡོད། གླིང་ཆེན་ཨ་མེ་རི་ཁའི་ཡུལ་སྐོར་བ་མི༣༩༢༡༩ལ་སྣེ་ལེན་བྱས་པ་དང་། བརྒྱ་ཆའི༣༨༧ཇེ་མང་དུ་སོང་ཡོད། རྒྱ་མཚོ་ཆེན་པོའི་གླིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་མི༨༣༣༨ལ་སྣེ་ལེན་བྱས་པ་དང་། བརྒྱ་ཆའི༧༦༤ཇེ་མང་དུ་སོང་ཡོད། 
      གསུམ་ནི། བོད་པས་བོད་ལྗོངས་སུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་འགྲོ་ལྟས་ཡོད་པ། ལྗོངས་ནང་ཁུལ་ནས་སྒེར་གྱི་རླངས་འཁོར་བསྐོར་ནས་ལྟ་སྐོར་དུ་འགྲོ་བ་དང་། མཇལ་སྐོར་དུ་འགྲོ་བ།   ཉིན་གཅིག་གི་ཡུལ་སྐོར་བྱེད་མཁན་སོགས་ཇེ་མང་དུ་ཕྱིན་ཡོད། སྡོམ་རྩིས་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་ལྗོངས་ཡོངས་ཀྱིས་ཉིན་གཅིག་ལ་ཡུལ་སྐོར་བྱེད་པའིཡུལ་སྐོར་བ་མི༡༦༩༣༧༩༣ལ་སྣེ་ལེན་བྱས་ཤིང་། དེ་ནི་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི༢༣༨ཇེ་མང་དུ་སོང་ཡོད་པ་རེད།