ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

༄༅།། ལྷ་ས་གྲོང་ཁྱེར་ལ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་གསེང་གི་གནས་མཆོག་ཅེས་པའི་མཚན་སྙན་ཐོབ་པ།

སྤེལ་དུས 2010-05-11 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། བདེ་ལྷ་མོས་བསྒྱུར། ཟླ་གཞོན་ནས་ཞུས།

ཟླ་༤ཚེས་༢༦ཉིན། ལྷ་ས་གྲོང་ཁྱེར་རྒྱལ་སྤྱིའི་སྤྲོ་གསེང་ཐོན་ལས་མཐུན་ཚོགས་དང་མི་དམངས་དྲ་བ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཧྲང་ཧའེ་དཔྱིད་སྟོན་རྒྱལ་གཉེར་ཡུལ་སྐོར་ཁང་གིས་རོགས་སྒྲུབ་བྱས་པའི་འཛམ་གླིང་དངོས་མང་འགྲེམ་ཚོགས་སྟེང་གི་དགྱེས་འཛོམས་ཏེ། རྒྱལ་སྤྱིའི་ཡུལ་སྐོར་གྲགས་རྟགས་གོང་དུ་སྤེལ་བའི་གླེང་སྟེགསཞེས་པའི་བྱེད་སྒོའི་ནང་ཞུགས་ཤིང་། བྱེད་སྒོ་དེའི་ནང་ལྷ་ས་གྲོང་ཁྱེར་དེ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་གསེང་གི་གནས་མཆོག་ཏུ་བདམས་ཤིང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་ཀའོ་ཧྥུ་ལ་ཡུལ་སྐོར་གྲགས་རྟགས་བསྐྲུན་མཁན་གྱི་ཕུལ་བྱུང་མི་སྣ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།

པར་རིས་རྒྱུ་ཆ།   ཡུལ་སྐོར་བ་སྤྲིན་ལྟར་འདུས་པའི་ལྔ་གཅིག་སྐབས་ཀྱི་ལྷ་ས།  

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ། ཕྱི་ཕྱོགས་སུ་ཡུལ་སྐོར་ངོ་སྤྲོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་དང་བསྟུན་ནས། ལྷ་སའི་མཚན་སྙན་གྲགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།  ཕོ་བྲང་པོ་ཏ་ལ་ཉིད་ཡོ་རོབ་ཡུལ་སྐོར་བས་ཆེས་རྗེས་སུ་ཡི་རང་བྱེད་པའི་ཡུལ་སྐོར་ས་ཚིགས་སུ་བདམས་ཤིང་། ལྷ་ས་གྲོང་ཁྱེར་ལ་སྔ་རྗེས་སུ་ཀྲུང་གོའི་ཡུལ་སྐོར་གྱི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གྲོང་ཁྱེར་བརྒྱདང་། མི་རྣམས་མོས་སྤྲོ་ཆེ་ཤོས་ཡོད་པའི་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར”“འཛམ་གླིང་ཡོངས་སེམས་འགུལ་ཐེབས་པའི་ཀྲུང་གོའི་གྲོང་ཁྱེར་སྐད་གྲགས་ཅན༢༠༠༧ལོའི་འཛམ་གླིང་ཡོངས་ཀྱི་ཁྱད་ལྡན་གྲོང་ཁྱེར་༢༠༠བཅས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།