ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

༄༅།།བོད་ལྗོངས་ཀྱིས་ད་ལོར་རྫོང་བདུན་དུ་མ་མཐའི་འགན་སྲུང་དང་དབུལ་སྐྱོར་གཉིས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ།

སྤེལ་དུས 2010-05-18 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ལྷག་ཚེས་བསྒྱུར།ཟླ་གཞོན་ནས་ཞུས།

       གསར་འགོད་པས་སྤྱི་ཟླ༥པའི་ཚེས༡༧ཉིན་གྱི་སྔ་དྲོར་སྐོང་ཚོགས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཕན་འབྲས་ལྡན་པའི་ངང་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ལས་དོན་གྱི་སྐུལ་སློང་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་གསལ། ད་ལོར། བོད་ལྗོངས་ཀྱིས་ས་ཁུལགྲོང་ཁྱེར་༧གྱི་རྫོང༧དུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཀྱི་ལམ་ལུགས་གཉིས་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ལས་དོན་ཕན་འབྲས་ལྡན་པའི་ངང་སྤེལ་རྒྱུ་ཡིན་པ་རེད།

       བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་འགན་ཁུར་མི་སྣས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར། ད་ལོར། བོད་ལྗོངས་ཀྱིས་ནག་ཆུ་ས་ཁུལ་གྱི་སྙེ་རོང་རྫོང་སོགས་ས་ཁུལགྲོང་ཁྱེར་བདུན་གྱི་རྫོང༧དུ་ལམ་ལུགས་གཉིས་པོའི་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་ནས། སང་ལོར་ལྗོངས་ཡོངས་སུ་ཁྱབ་རྡལ་བྱ་རྒྱུ་ཡིན་ཞེས་གསུངས།