ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དེང་གི་ཆར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ལས་ཟེར་བ་དེར་གོ་བ་ལེན་སྟངས་ལ་རོབ་ཙམ་དཔྱད་པ།

སྤེལ་དུས 2011-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པ་སངས་ཕན་ཐོགས།

 ནང་དོན་གནད་བསྡུས། བོད་ཀྱི་རིག་གནས་ནང་གི་ལས་ཞེས་པ་ནི་ཕྲད་པ་དང་ལྟོས་པ་དང་རྟེན་པ་བཅས་རྩོད་སྒྲུབ་ཀྱི་ཐོག་ནས་དོན་གསུམ་ལ་འཇུག་གི་ཡོད་ལ་གཏིང་ཟབ་པའི་གནད་དོན་དེར་རྒྱ་ཆེའི་མང་ཚོགས་ཁྲོད་དུ་གོ་བ་བཞེས་སྟངས་ལ་རོབ་ཙམ་དཔྱད་པ།

འགག་གནད་ཚིག   ལས། རྟག་པ། མི་རྟག་པ།

༡རྒྱ་ཆེའི་མང་ཚོགས་ཁ་ཅིག་གིས་ལས་ཞེས་པ་དེ་རྟག་པ་ཞིག་ཏུ་འདོད།

  དང་ཐོག རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ལས་ཞེས་པ་དེར་གོ་བ་ལེན་སྟངས་ཐད་ཁོང་རྣམས་ཀྱིས་ལས་ལ་གང་བསྐོས་མ་གཏོགས་སྣང་བ་གང་ཤར་མིན་འདུག ཅེས་པ་དང་རང་ལ་འབྲས་བུ་གང་བྱུང་རུང་དེ་ནི་བསྐོས་བཞག་རེད་ཅེས་དང་དེ་བཞིན་ཕོ་མོ་གཉེན་སྒྲིག་སྐབས་ཁ་ལ་དཔགས་པའི་སོ་ཞིག་དཀོན་མཆོག་གི་སྔོན་ནས་བསྐོས་བཞག་གནང་ཡོད་རེད་སོགས་གསུངས་སྲོལ་ཡོད་པས་གུས་མོས་བལྟས་ན་དེ་ཚོ་ཚང་མ་ནི་ཁོང་རྣམས་ཀྱི་ལས་ཞེས་པ་དེ་ནི་རང་སྐྱ་བར་དང་ཐོག་ནས་སངས་རྒྱས་སམ་ཐམས་ཅད་མཁྱེན་པ་དེ་བཞིན་དཀོན་མཆོག་ཞིག་གི་བསྐོས་བཞག་གནང་ཡོད་པར་གོ་བ་ལེན་གནང་གི་ཡོད་པར་བསམ།

 དོན་ངོ་མར་དེ་འདྲ་ཞིག་རེད་དམ་ཞེ་ན་དེ་འདྲ་ནི་རྩ་་ནས་མ་ཡིན་ཏེ་གལ་ཏེ་ཁྱེད་རྣམས་ཀྱི་དེ་ལྟར་དུ་གོ་བ་ལེན་ན་ནི་ཁྱེད་རྣམས་ཀྱི་ལྟ་བ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་དང་གཉིས་སུ་མེད་པར་འགྱུར། ཇི་ལྟར་ཡིན་ནམ་ཞེ་ན་ཕྱི་རོལ་པ་རྣམས་ཀྱི་ཚོར་བ་བདེ་སྡུག་དང་རྒྱུ་འབྲས་རྣམས་འཇིག་རྟེན་བྱེད་པོ་རྣམས་ཀྱི་བཟོ་བར་ཁས་ལེན་གྱི་ཡོད་པ་དེ་ཡང་གྲངས་ཅན་ལྷག་བཅས་པས་འཇིག་རྟེན་ཁམས་ཀྱི་རྣམ་འགྱུར་འདྲ་མི་འདྲ་དང་ཤེས་བྱ་འདྲ་མིན་འདྲ་བདེ་བ་སྡུག་བསྔལ་སྐྱིད་སྡུག་འདྲ་མིན་འདྲ་ཚོས་གཞི་འདྲ་མིན་འདྲ་སོགས་ཚང་མ་དང་པོ་བྱུང་བ་དང་བར་དུ་གནས་པ་འཕེལ་རྒྱས་འགྲོ་བ་ཐ་ན་མེད་པ་འགྲོ་བ་བཅས་ཚང་མ་ལྷ་དབང་ཕྱུག་ཆེན་པོས་བསམ་བློ་བཏང་བ་ལས་བྱུང་བ་ཞིག་ཡིན་ཟེརཞེས་ཁས་ལེན་གྱི་ཡོད་པས་ལྷ་དབང་ཕྱུག་ཡིན་ནའང་འདྲ་ཚངས་པ་ཡིན་ནའང་འདྲ་གང་ལྟར་འཇིག་རྟེན་བྱེད་པོ་ཞིག་གིས་བྱས་པར་ཁས་ལེན་གྱི་ཡོད་པས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ལས་ཞེས་པར་གོ་བ་ལེན་སྟངས་ནི་རང་ཉིད་ལ་བདེ་སྡུག་དང་རང་ཉིད་གནས་བབ་གང་འདྲ་ཞིག་ལ་ལྷུང་རུང་དེ་ནི་དཀོན་མཆོག་གམ་ཡང་ན་འཇིག་རྟེན་བྱེད་པོ་ཞིག་གིས་དང་ཐོག་རང་ཉིད་སྐྱེས་མ་ཐག་ནས་བཀོད་སྒྲིག་བྱས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དང་དེ་ལ་མཆོད་པ་སོགས་རྒྱ་ཆེན་པོ་བྱས་པ་རང་ཉིད་ལ་བྱ་བ་ལམ་འགྲོ་ཡོང་བ་དང་གལ་ཏེ་དེ་ལས་ལྡོག་ན་རང་ཉིད་ལ་ཉེས་པ་ཡོང་བ་སོགས་ལ་ངོས་འཛིན་གནང་གི་ཡོད་པ་དེ་དག་སྣང་ཚུལ་མངོན་་གསལ་དོད་ཤོས་ནི་དད་ལྡན་པ་རྣམས་ཇོ་ཁང་སོགས་ལ་ཆོས་ཇལ་ཕེབས་སྐབས་མངོན་ཐུབ་སྟེ་གལ་ཏེ་ཆོས་ཇལ་ལ་ཕེབས་མཁན་གྱི་མི་མང་པོ་ཡོད་ན་ཁོང་རྣམས་ཀྱི་བང་རིམ་བཞིན་མ་ཕེབས་པར་ཐབས་ཤེས་གང་ཡོད་ཀྱིས་མཆོད་འབུལ་གནང་འདོད་པ་ལས་རང་ཉིད་ཀྱི་བུ་ཕྲུག་སློབ་གསོ་མྱོང་བར་གཏོང་མི་འདོད་པ། ཞལ་ནས་འགྲོ་བ་རིགས་དྲུག་གི་ཆེད་དུ་སྨོན་ལམ་སྐྱོན་ཡང་འགག་རྩའི་སྐབས་རང་ཉིད་ཀྱི་ཆེས་ཉེ་ཤོས་ཀྱི་གྲོགས་པོ་ལའང་སྨོན་ལམ་མི་ཐོན་པ། ཡང་སྐྱེ་བོ་ལ་ལ་ཞིག་གིས་ནི་ལས་བཟང་པོ་ཞེས་ན་འཛུམ་དམུལ་དམུལ་ཞིག་དང་ཕར་ཕྱོགས་ལ་འགྲོ་སོང་བཏང་བ་ག་དུས་ཡིན་རུང་རང་ཉིད་ལ་གྱོང་འཁྱེར་བ་ཞིག་ལ་ངོས་འཛིན་གནང་གི་འདུག་ཡང་སྙིང་བཟང་པོ་ནི་འདི་ལྟར་མིན་ནམ་ཞེ་ན་ནི་དེ་ཡང་མདོ་ལས། རབ་ཏུ་བྱུང་བ་དག་གཞན་ལ་གནོད་པ་དང་གཞན་ཕྱོགས་ལ་འཚེ་བ་དག་དགེ་སྦྱོང་མ་ཡིན་ནོ།ཞེས་གསུངས་པ་ལས་བཟང་པོའི་ཚད་ཀྱི་མཐར་ཐུག་ཏུ་གཞན་ལ་མི་གནོད་པ་ཞིག་དགོས་ཀྱི་ཡོདཡིན་ནའང་ང་ཚོའི་ཁྲོད་ཀྱི་ཁ་ཅིག་གིས་སྦྱིན་པ་བཏང་ཚད་དགེ་བ་དང་བཟོད་པ་སྒོམ་ཚད་དགེ་བ་རུ་ངོས་འཛིན་གནང་ནས་མཐར་ཐུག་ཏུ་གཞན་ཕྱོགས་དེ་ངན་ལང་དུ་ཤོར་དུ་བཅུག་གནང་ཡོད་དེ་དེའི་འབྲས་བུར་གཞོན་པ་གཞོན་མ་རྣམས་ཀྱང་ལྷ་སའི་བར་སྐོར་ནང་དུ་སློང་བར་ཡོང་བ་དང་ཕྲུ་གུ་ཆུང་ངུ་རྣམས་ཀྱང་ངོ་ཚ་དང་བྲལ་ནས་མི་རྣམས་ཀྱི་ཁུག་མ་ནས་བཟུང་ནས་སློང་བར་ཡོང་བ་དང་དེ་དག་ནི་ང་ཚོའི་ཁྲོད་ཀྱི་ཤེས་རབ་དང་བྲལ་བའི་སྦྱིན་པ་རྣམས་ཀྱི་འབྲས་བུ་ཡིན་ལ་སྦྱིན་པ་དེ་ལྟར་བཏང་སོང་ན་ནི་དེ་ནི་མཐར་ཐུག་ཏུ་དེ་དག་ནི་སྡིག་པའི་ངོ་བོ་ཞིག་ཏུ་འགྱུར། གང་ལགས་ཞེ་ན་དེས་མཐར་ཐུག་གཞན་ལ་གནོད་པའི་ཕྱིར་རོ།

      དེ་དག་ནི་ནང་ཆོས་ཀྱི་གནས་ལུགས་ངོ་མ་མ་ཤེས་པའི་མངོན་སྟངས་ཤིག་ཡིན་ཏེ་ནང་ཆོས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱུ་འབྲས་སམ་རྟེན་འབྲེལ་བསླུ་བ་མེད་པའི་རིག་གཞུང་ལ་བརྟེན་ནས་རང་སྐྱོན་སྟེ་རང་ཤེད་དེ་རིམ་བཞིན་ཟད་པར་བྱས་ནས་མཐར་ཡོན་ཏན་ཀུན་རྒྱས་ཏེ་རང་གཞན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་ཐུབ་མཁན་ཞིག་ལ་དམིགས་རྒྱུ་ཡིན། གལ་ཏེ་གོང་གི་དཔེ་ལྟར་གནང་ན་ཁོང་རྣམས་ཁ་ཅིག་ནི་སྐྱབས་འགྲོ་ཁས་ལེན་པ་ཙམ་ལས་ལྟ་བའི་ཐོག་ནས་མུ་སྟེགས་པར་འགྲོ་ཉེན་འདུག་སྙམ།

 ༢ བོད་ཀྱི་རིག་གནས་ནང་དུ་ལས་ཞེས་པ་ནི་ཇི་འདྲ་ཞིག་ལ་འདོད་པ།

  འོ་ན་བོད་ཀྱི་རིག་གནས་ཐོག་ནས་ངོ་མ་ལས་ཞེས་པ་དེར་གོ་བ་ལེན་སྟངས་ཇི་འདྲ་རེད་དམ་ཞེ་ན་དེ་ཡང་རྗེ་ཙོང་ཁ་ན་ཆེན་མོ་མཆོག་གིས་རང་བཞིན་གྱིས་ནི་སྟོང་བ་དང་། བྱ་བྱེད་ཐད་པའང་མི་འགལ་ཞིང་། དེ་ལས་ལྡོག་པ་མཐོང་ན་ནི། སྟོང་ལ་བྱ་བ་མི་རུང་ཞིང་། བྱ་དང་བཅས་ལ་སྟོང་མེད་པས། ཉམ་ངའི་གཡང་དུ་ལྷུང་བར་བཞེད། ཞེས་གསུངས་པ་ལས་ཞེས་པའི་དོན་ཡིན་པས་དེ་ནི་རང་བཞིན་གྱིས་སྟོང་པས་དང་ཐོག་ནས་རང་བཞིན་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་ཞེས་པའི་དོན་ཡིན་པས་དེ་ཡང་རང་རང་གི་ལས་དབང་ནི་དང་ཐོག་ནས་གཏན་འཁེལ་ཞིག་དང་འགྱུར་མེད་ཅིག་མ་ཡིན་པར་དེ་ནི་རང་གི་བྱ་བ་བྱེད་པའམ་ལས་ཀ་ལས་པའི་བརྒྱུད་རིམ་ནང་རིམ་གྱིས་འགྱུར་བ་འགྲོ་བ་ཞིག་ཡིན་པ་དེ་ཡང་རྗེ་རིན་པོ་ཆེས་ཆོས་རྣམས་རང་བཞིན་འགའ་ཡོད་ན། མྱ་ངན་འདས་པ་མི་རུང་ཞིང་། སྤྲོས་ཀུན་ལྡོག་པ་མེད་པའི་ཕྱིར། གསུངས་པས་གལ་ཏེ་རང་ཉིད་ཀྱི་ལས་དབང་དེ་དང་ཐོག་ནས་བསྒྲུབ་ཡོད་པ་ཞིག་ཡིན་ན་ཆོས་སམ་དངོས་པོ་ཁོ་རང་ལ་ཕྱིས་འབྱུང་རང་གི་འབད་བརྩོན་བྱས་རུང་འགྱུར་བ་འགྲོ་ཐབས་མེད་ལ་དང་ཐོག་ཡོད་པ་དེ་རང་ལ་གནས་དགོས་པ་ལྟ་བུ་ཞིག་ཡིན། དེར་བརྟེན་རྒྱ་ཆེའི་མང་ཚོགས་རྣམ་པས་ལས་རེད་ཅེས་པའི་བཀའ་མོལ་འདི་ནི་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བའི་དཔེ་ལྟར་དེ་ལ་ཕྱོགས་གཞན་ཞིག་ནས་ཡང་དག་པའི་གོ་བ་ལེན་སྟངས་ཞིག་ཡོད་དེ། དེ་ནི་རང་ཉིད་ཀྱི་ལས་དང་རང་ཉིད་ཀྱི་གནས་བབ་སོགས་ཚང་མ་ནི་རང་ཉིད་ཀྱི་ཕྱིས་འབྱུང་གི་འབད་བརྩོན་སོགས་ལ་རག་ལས་པ་ཞིག་ཡིན་པ་ང་ཚོ་རང་ཉིད་ཀྱི་གནས་བབ་ནི་ང་ཚོས་བརྩོན་ལེན་བྱེད་དགོས་པ་ཞིག་ཡིན་ལ་འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་ལ་ནི་འགྱུར་བའི་རང་བཞིན་ལྡན་ཡོད་པས་ད་ལྟ་ང་ཚོའི་དཔལ་འབྱོར་དང་སློབ་གསོའི་གནས་བབ་སོགས་གང་འདྲ་ཞིག་ཡིན་རུང་དེ་ནི་རྟག་བརྟན་འགྱུར་མེད་ཅིག་མ་ཡིན་པར་དེ་ཡང་རང་བཞིན་བཅོས་མིན་ལྟོས་མེད་དང་། རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། ཇི་ལྟ་བུ་ཞིག་ལ་གཞི་གཅིག་ལ། མི་འགལ་འདུ་བ་ཉིད་དུ་འགྱུར། ཞེས་པ་ལས་བོད་ཀྱི་རིག་གནས་སུ་འགྱུར་བའི་ནང་ཆོས་ནང་དུ་གསུངས་པའི་ལས་ཀྱི་རང་བཞིན་དང་རྟེན་འབྲེལ་གཉིས་ནི་མི་འགལ་ལ་རྟེན་ཅིང་འབྲེལ་བའི་སྐད་དོད་པྲཏྰིཏྱ་ནི་ཕྲད་པ་ལྟོས་བ་རྟེན་འབྲེལ་གསུམ་ཀ་ལ་འཇུག་པས་རྩོད་སྒྲུབ་རིག་པ་ནས་གསུངས་པའི་དངོས་པོར་ངོས་འཛིན་གན་སྐབས་ཕྱོགས་ཡོངས་ནས་དང་འཕེལ་རྒྱས་ཀྱི་རང་བཞིན་དང་འགྱུར་བའི་རང་བཞིན་གྱི་ཐོག་ནས་ངོས་འཛིན་བྱེད་དགོས་ཞེས་པ་དང་མི་འགལ་ལོ།།

     འགྱུར་བ་འགྲོ་བ་ནི་དངོས་པོའི་ཆོས་ཉིད་ཡིན་པ་དང་རྒྱུ་དང་རྐྱེན་ཚང་ན་འབྲས་བུ་ཐོབ་པ་ནི་ཆོས་ཉིད་ཅིག་ཡིན་པ་བོད་ཀྱི་རིག་གནས་དང་འདོད་པའི་ལས་ཞེས་པའི་རང་བཞིན་དམ་པ་དེ་ཡིན།