ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

“ཆོས”ཞེས་པའི་སྒྲའི་འཇུག་དོན་སྤྱིར་བཤད་པ།

སྤེལ་དུས 2011-12-01 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཁུ་བྱུག

སྤྱིརཆོསཞེས་པའི་དོན་ནི་ལེགས་སྦྱར་སྐད་ཀྱིདྷརྨཞེས་པའི་སྒྲ་ནི་ཌུཌྷྲྀཉའཛིན་པཞེས་པའི་བྱིངས་ཀྱིས་བསྒྲུབས་ཤིང་། དེའི་དོན་བསྒྱུར་བ་སྟེརང་གི་ངོ་བོ་འཛིན་པཞེས་པའི་དོན་ཡིན་ཏེ།ཐམས་ཅད་འཛིན་པས་ན་དྷརྨ་སྟེ་ཆོས་སོ། །ཞེས་གསུངས་པ་དང་། དྷརྨ། རང་གི་ངོ་བོ་འཛིན་པའི་དོན་ནོ། །ཞེས་གསུངས་ལ། ཆོས་རང་གི་ངོ་བོ་འཛིན་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་ཡོངས་གྲགས་སུཆོསཞེས་པའང་སྒྲ་ཡངས་པའི་དབང་དུ་བྱས་ན་དོན་བཅུ་ལ་འཇུག་པའོ། །
  ཆོསཞེས་པ་དོན་བཅུ་ལ་འཇུག་ཚུལ་ནི། རྣམ་བཤད་རིགས་པལས།ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་ཏེ།
  1.“ཆོསཞེས་པ་ཤེས་བྱ་ལ་འཇུག་པ་ནི། ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ།ཞེས་དང་། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས།ཞེས་གསུངས་པ་ལྟར། ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་ལ་ཤེས་བྱ་ལ་འཇུག་པ།
  2. “ཆོསཞེས་པ་ལམ་ལ་འཇུག་པ་ནི།དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ། །ཞེས་པ་ལྟར། ཡང་དག་པའི་ལྟ་བ་ནི་ཆོས་སོ་ཞེས་ལམ་གྱི་ཆོས་གང་ཡིན་པ།
  3. “ཆོསཞེས་པ་མྱ་ངན་འདས་པ་ལ་འཇུག་པ་ནི། ཆོས་ལ་སྐབས་སུ་སོང་བ།ཞེས་པ་སྟེ། ཆོས་ལ་སྐྱབས་སུ་མཆི་ཞེས་མྱ་ངན་འདས་པའི་ཆོས།
  4. “ཆོསཞེས་པ་ཡིད་ཀྱི་ཡུལ་ལ་འཇུག་པ་ནི། ཆོས་ཀྱི་སྐྱེ་མཆེདཅེས་པ་ལྟར། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཅེས་པ་ཡིད་ཀྱི་ཡུལ།
  5. “ཆོསཞེས་པ་བསོད་ནམས་ཀྱི་ཆོས་ལ་འཇུག་པ་ནི།བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད།ཅེས་པ་སྟེ། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་བསོད་ནམས།
  6. “ཆོསཞེས་པ་ཚེ་ལ་འཇུག་པ་ནི། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན།ཞེས་ཏེ། བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་ཚེ།
  7. “ཆོསཞེས་པ་གསུང་རབ་ལ་འཇུག་པ་ནི། དགེ་སློང་ཆོས་ཞེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་།ཞེས་པ་ལྟར། མདོ་སྡེ་སོགས་ཀྱི་ཆོས་ལ་གསུང་རབ།
  8. “ཆོསཞེས་པ་འབྱུང་འགྱུར་ལ་འཇུག་པ་ནི།འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ། །ཞེས་དང་།ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །ཞེས་པ་སྟེ། ལུས་འདི་རྒ་བར་འགྱུར་བ་ནི་འབྱུང་འགྱུར།
  9.“ཆོསཞེས་པ་ངེས་པ་ལ་འཇུག་པ་ནི།དགེ་སློང་གི་ཆོས་བཞི།ཞེས་དང་། དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ། སྲོག་གཅོད་པ་སྤང་བ་ནི་ཆོས་ཡིན་ནོ། །ཞེས་དགེ་སྦྱོང་གི་ཆོས་བཞི་ལ་ངེས་པར་འཇུག་པ།
  10“ཆོསཞེས་པ་ཆོས་ལུགས་ལ་འཇུག་པ་ནི། ཡུལ་ཆོས་དང་རིགས་ཆོས་སོ། །ཞེས་པ་ལྟར། འཇིག་རྟེན་པའི་ཡུལ་ཆོས་མི་ཆོས་གཙང་མ་ལ་ཆོས་ལུགས་སོགསཆོསཞེས་པ་དོན་བཅུ་ལ་འཇུག་གོ། །དེ་འདྲའི་ཆོས་ཞེས་པ་དང་དོན་གཅིག་པ་ནི། ཨ་ཁུ་དམུ་དགེ་བསམ་གཏན་གྱིས། ཤེས་བྱ། ཡོད་པ། གཞི་གྲུབ། གཞལ་བྱ། དམིགས་པ། ཆོས་རྣམས་དོན་གཅིག་ཡིན་ཏེ། ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།ཞེས་གསུངས་པ་དང་གཞན་གྱི་བསྟན་བཅོས་རྣམས་སུའང་དེ་ལྟར་གསུངས་ཕྱིར། ཆོས་དང་ཤེས་བྱ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །