ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

རྒྱ་གར་ཚེའི་རིག་བྱེད་ཀྱི་བྱུང་ཚུལ་སྐོར་ཆེ་ལོང་ཙམ་བརྗོད་པ།

སྤེལ་དུས 2018-05-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
            རྒྱ་གར་ནི་ཨ་ཤེ་ཡའི་གླིང་ལྷོ་མར་ཆགས་པའི་འཛམ་གླིང་གི་གནའ་བོའི་རིག་གནས་དར་སྔ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རིག་གནས་གཙོ་བོ་ནི་ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་དཔལ་ཡོན་ཏེ།   གནས་དེར་སྤྱི་ལོ་སྔོན་གྱི་མི་ལོ་སུམ་སྟོང་ཡས་མས་ནས་ཟངས་ཆས་སྤྱོད་པའི་དུས་རབས་སུ་སླེབས་ཤིང་གྲོང་ཁྱེར་རང་བཞིན་གྱི་ཤེས་རིག་བྱུང་ཡོད་པར་བཤད།    དེ་བཞིན་རྒྱ་གར་བའི་གསོ་དཔྱད་རིག་པ་ལའང་ལོ་ངོ་སུམ་སྟོང་ཙམ་གྱི་ཡིག་ཐོག་གི་ལོ་རྒྱུས་མཆིས་པ་དང་། གསོ་དཔྱད་བྱུང་འཕེལ་གྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བར་གཞིགས་ཏེ་ཆེ་ས་ནས་བཤད་ན་སྐབས་ཆེན་པོ་བཞི་རུ་བསྡུས་ཆོག་པ་སྟེ།
དང་པོ། རིག་བྱེད་ཀྱི་དུས་སྐབས།
            (སྤྱི་ལོ་སྔོན་གྱི་2000 - 1000)
            སྤྱིར་རིག་བྱེད་ཅེས་པ་ནི་ཕྱི་ནང་ཐུན་མོང་བའི་རིག་གནས་མཐའ་དག་ལ་འཇུག་ཅིང་།  རིག་བྱེད་ཀྱི་སྐད་དོད་ནི་བེདཿ (veda)ཞེས་པ་རིག་པའམ་གསལ་བ་དང་ཤེས་བྱ་ལ་འཇུག་པ་དང་།  བྱེ་བྲག་རིག་བྱེད་ཅེས་སྔོན་རྒྱ་གར་དུ་བྱུང་བའི་མུ་སྟེགས་པའི་ལྟ་བ་དང་གྲུབ་མཐའ་མང་དུ་ཡོད་པའི་ནང་གཤེས་རིག་བྱེད་ཀྱི་གཞུང་ལ་ཟེར་ཞིང་།  གནའ་བོའི་དུས་སུ་རྒྱ་གར་གྱི་རིག་གནས་མཐའ་དག་རིག་བྱེད་ཆེན་པོ་བཞིའི་ཁོངས་སུ་བསྡུས་ནས་སྟོན་པ་སྟེ། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང་། ། ངེས་བརྗོད་རིག་བྱེད་བཞི་ཞེས་བ། ། ཞེས་སྙན་ཚིག་རིག་བྱེད་དང་།   འཇིག་རྟེན་གྱི་ལུགས་བཟང་སྟོན་པ་སྲིད་སྲུང་གི་རིག་བྱེད། རིག་བྱེད་ཀྱི་སྔགས་ལ་བརྟེན་ནས་ནད་ཞི་བ། ཚེ་སྤེལ་བ། རིགས་རྒྱུད་སྤེལ་བ། རླུང་བསྒོམ་པ་སོགས་ངེས་བརྗོད་ཀྱི་རིག་བྱེད།   ལྷ་ཚངས་པ་དང་དབང་ཕྱུག་སོགས་ལ་རྟ་དང་བ་གླང་ར་ལུག་མང་པོ་བསད་པའི་ཤ་ཁྲག་གི་མཆོད་པ་ཕུལ་བས་ལྷའི་ཞལ་མཐོང་བ་དང་དངོས་གྲུབ་ཐོབ་པའི་མཆོད་སྦྱིན་གྱི་རིག་བྱེད་ཅེས་བཞིའོ། ། རིག་བྱེད་དེ་སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་བསླད་པས་རང་བྱུང་།  ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་པ་ཞིག་ཏུ་འདོད།  རྒྱ་གར་དུ་དེ་ལྟ་བུའི་རིག་བྱེད་དར་བའི་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཁྲོད་དུ་བྱུང་བའི་གསོ་དཔྱད་རིག་པ་ལ་ཚེ་ཡི་རིག་བྱེད་ཅེས་ལེགས་སྦྱར་སྐད་དུ་ཨར་ཡ་བེདཿ(Ayur–Veda)ཞེས་པ་སྟེ་བེདཿནི་གོང་དུ་སྨོས་མ་ཐག་པ་ལྟར་དང་ཨར་ཡ(Ayur)ནི་ཚེའམ་སྲོག་གི་དོན་ནོ། །   
            རིག་བྱེད་ཆེན་པོ་བཞི་ལས་ཆེ་སྔ་བ་ནི་ངེས་བརྗོད་རིག་བྱེད་(Rio–Veda)དང་། དེའི་ནང་དུ་སྔོ་རྩི་ཤིང་སོགས་ཀྱི་སྨན་རྫས་བརྒྱ་ཕྲག་ལྷག་དང་། གསེར་དངུལ་ཟགས་ལྕགས་ཞ་ཉེ་སོགས་གཏེར་དངོས་སྨན་རྫས་བཀོད་པས་མི་ཚད། དག་གཙང་གི་ཆུ་ལ་ནད་གསོ་བའི་ཕན་འབྲས་མང་དུ་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། མཛེ་ནད་དང་འདུས་འདྲིལ་ནད་སོགས་ནད་རིགས་ཁག་ཅིག་གི་རྟགས་བཅོས་སོགས་ཀྱང་ཅུང་གསལ་བར་འཁོད་ཡོད། སྲིད་སྲུང་རིག་བྱེད(Atharva-Veda)ལ་མན་ངག་གི་མཛོད་ཟེར་བ་དང་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པར་བྱུང་བར་བཞེད་ལ།   དེའང་ལྷའི་བསྟོད་པ་སོགས་མང་དུ་འབྱུང་མོད། གཙོ་བོ་མི་དང་དུད་འགྲོ་སོགས་ལ་ཕན་པའི་ཡམས་ནད་ཞི་བ་དང་། སྨན་སྦྱོར།  བཅུད་ལེན་སྐོར།  སྦྲུལ་སྲིན་རིགས་ཀྱི་དུག་ནད་དང་དེའི་བཅོས་ཐབས། རུས་པའི་རྣམ་གྲངས་སོགས་ལུས་ཀྱི་གནས་ལུགས། མན་ངག་གི་སྐོར་སྣ་ཚོགས་བཅས་ཡོད། དེ་མིན་ཚེ་ཡི་རིག་བྱེད་ཀྱི་བརྗོད་བྱ་ཁོ་ནར་གྱུར་པའི་བསྟན་བཅོས་དག་ཀྱང་བྱུང་ཡོད་དེ། བརྒྱད་པའི་སྙིང་བསྡུས་ལས། ཚངས་པས་ཚེ་ཡི་རིག་བྱེད་དྲན། །ཞེས་དང་། གང་ཕྱིར་ཚངས་པ་ཡི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གནས་ནས་ནི་གསུང་བ་མཛད།  །ཅེས་པ་དག་ལས་རིག་བྱེད་ཆེན་པོ་བཞི་མ་ཡིན་པའི་ཚེའི་རིག་བྱེད་ཀྱི་གཞུང་ལུགས་ལོགས་སུ་བྱུང་ཡོད་པ་གསལ་བ་དང་། ཚེའི་རིག་བྱེད་ཀྱི་བརྗོད་བྱར་ལུས་ཁམས་བདེ་ཐང་དང་། སྲུང་བཅོས། ཚེ་བསྲིངས་པའི་ཐབས་སྟོན་པ་གཙོ་བོར་བཟུང་ཡོད་ལ། རྒྱ་གར་དུ་རིག་བྱེད་ཀྱི་དུས་སྐབས་ནས་བཟུང་ཨར་ཡ་བེདཿའི་གསོ་དཔྱད་ཀྱི་ནང་དོན་ཀུན་གསོ་བྱ་ཡན་ལག་བརྒྱད་ཀྱི་སྒོ་ནས་མཚོན་པར་བྱས་ཡོད་པ་ལས། དཔྱད་བཅོས་དང་། དུག་བཅོས། ཚེ་བསྲིང་བཅུད་ལེན། རོ་ཙ་བཅས་ནི་བརྗོད་བྱ་གཙོ་བོའི་གྲས་རེད།   
            རྒྱ་གར་ནི་ཚ་བའི་ས་ཁུལ་དུ་གཏོགས་པས་ཚ་ནད་དང་། དུག་སྦྲུལ། གཅན་གཟན་གཏུམ་པོ་སོགས་ཀྱིས་གནོད་པ་ཐེབས་སླ་བ་དང་།  ཕྱི་ནང་ཁོར་ཡུག་གི་ཤུགས་རྐྱེན་ལས་སྨན་དཔྱད་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་སྨོས་མ་འཚལ། དེ་ལྟར་རིག་བྱེད་དར་བའི་དུས་སྐབས་ཁྲོད་དུ་ཚེ་ཡི་རིག་བྱེད་གཞུང་གི་ཐོག་མའི་རྨང་བཏིངས་པ་ལ་བརྟེན་ནས་ཕྱིས་སུ་རིམ་གྱིས་བྲམ་ཟེ་དང་ནང་བསྟན་ཆོས་ལུགས་དར་བའི་གོ་རིམ་ནང་ཕྱི་ནང་དྲང་སྲོང་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལས་རྒྱ་གར་གསོ་དཔྱད་རིག་པ་མ་ལག་ཅན་དུ་གྲུབ་སྟེ་ཚེ་ཡི་རིག་བྱེད་ཀྱི་རིགས་པའི་གཞུང་ལུགས་ལྷུ་ལག་ཚང་བ་ཞིག་ཏུ་གོང་མཐོར་ཕྱིན་པ་རེད།
གཉིས་པ། བྲམ་ཟེ་ཆོས་ལུགས་ཀྱི་དུས་སྐབས།            
(སྤྱི་ལོ་སྔོན་གྱི་ལོ1000-500)   
            བྲམ་ཟེ་ཆོས་ལུགས་ནི་གནའ་བོའི་རྒྱ་གར་དུ་དར་ཆེ་བའི་གྲུབ་མཐའ་ཞིག་ཡིན་པ་དང་། དེའི་བྱུང་བ་ནི་ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་ཆེས་ཐོག་མའི་ཤེས་རིག་སྟེ་ཧཱ་ལཱ་ཕཱའི་ཤེས་རིག་དང་འབྲེལ་བ་དམ་པོ་ཡོད་ལ།  བྲམ་ཟེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་བའི་གཞུང་དོན་ཅུང་ཆ་ཚང་དུ་གྱུར་པའི་དུས་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ཡས་མས་རེད། རིག་བྱེད་ཅེས་པའང་དོན་ལ་བྲམ་ཟེ་ཆོས་ལུགས་པས་དད་པ་བྱེད་ཡུལ་གྱི་ལྷ་ཆོས་ཤིག་ཡིན་པ་དང་།   རིག་བྱེད་ཀྱི་ཆེས་ཐོག་མའི་དུས་སྐབས་སུ་ལྷ་མང་ལ་དད་པ་བྱེད་པ་ཡིན་ལ། ཕྱིས་སུ་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་རིམ་གྱིས་སྔར་གྱི་ལྷ་མང་ལ་དད་པ་བྱེད་པའི་སྲོལ་དེ་འགྱུར་ནས་ལྷ་གཙོ་བོར་དད་པ་བྱེད་པའི་སྲོལ་བྱུང་བ་དང་། བྲམ་ཟེ་རྣམས་ཀྱི་དད་པ་བྱེད་ཡུལ་གཙོ་བོ་ནི་ཚངས་པ་དང་། དབང་ཕྱུག ཁྱབ་འཇུག  ཚོགས་བདག་བཅས་ཡིན་ཞིང་། ཚངས་པ་ནི་སྣང་སྲིད་ཀུན་གྱི་བདག་པོ་དང་ལྷ་ཐམས་ཅད་ཀྱི་སྤྲུལ་གཞི་སྟེ་ཚེ་རིག་ལ་མཚོན་ནའང་ཚངས་པས་ཚེ་ཡི་རིག་བྱེད་དྲན་ཞེས་པ་ལྟར་དང་།  དབང་ཕྱུག་ནི་སྐྱེ་དགུ་དང་དངོས་པོ་ཐམས་ཅད་སྐྱེད་པར་བྱེད་པ་པོ། ཁྱབ་འཇུག་ནི་འཇིག་རྟེན་གནས་ཤིང་སྐྱོང་བར་བྱེད་པ་པོ།   ཚོགས་བདག་ནི་དུས་ཀྱི་མཐའ་མར་འཇིག་རྟེན་འཇིག་པར་བྱེད་པ་པོ་བཅས་ཡིན་པར་བཤད།   
            བྲམ་ཟེ་རྣམས་ཆུང་དུས་ནས་གཉེན་སྒྲིག་མི་བྱེད་པར་རྩིས་དང་སྒྱུ་རྩལ་1982ལོའི་པར་གཞི་དང་པོ།   p88)ཞེས་འཁོད་འདུག་ལ། དྲང་སྲོང་ཤ་ལི་ཧོ་ཏྲ་དང་། ལེགས་ཐོས་དང་།  ཛ་ལས་རྒྱལ་ལ་སོགས་པ་རྣམས་ཀྱིས་ཀྱང་ཚེའི་རིག་བྱེད་ཀྱི་བསྟན་བཅོས་རྒྱ་ཆེ་ཞིང་གྲགས་མང་བ་བརྩམས་པ་ལས་དར་ཞིང་རྒྱས་པར་མཛད་ཡོད་པར་གསུངས།  དེ་བཞིན་དེང་གི་འཛམ་གླིང་གསོ་རིག་ལོ་རྒྱུས་སྨྲ་བ་ཚོས་མིག་སྔའི་རྒྱ་གར་གསོ་རིག་ཡིག་ཚང་ལ་རྟོག་ཞིབ་བྱས་པར་གཞིགས་ན། སྐྱེ་དགུའི་བདག་པོ་མྱུར་བ(Daksha达克沙)དང་། lndraདང་། (因陀罗)Bhriguདང་། (毖哩拘)Dhanvantariདང་། (德罕温塔里)དྲང་སྲོང་ཆེན་པོ་རྒྱུན་ཤེས་བུ(Atreya敢食)སོགས་ཀྱིས་ཨར་ཡ་བེདཿའི་གསོ་དཔྱད་ཕྱོགས་ཡོངས་ནས་རྒྱུད་འཛིན་དར་སྤེལ་དུ་བཏང་བ་དང་། ཁྱད་པར་དྲང་སྲོང་ཆེན་པོ་མེ་བཞིན་འཇུག(Agnivesa如火氏)གིས་དྲང་སྲོང་རྒྱུན་ཤེས་ལུགས་ཀྱི་གསོ་དཔྱད་གྲུབ་མཐའ་ཀུན་ཕྱོགས་གཅིག་ཏུ་དྲིལ་ནས་རྒྱུན་ཤེས་ཆེན་པོའི་གཞུང་(Atreya  Tantra 敢食集)ཞེས་པའི་བསྟན་བཅོས་ཤིག་མཛད་དེ་གསོ་བ་རིག་པ་འདི་བཞིན་ལྷ་སྒྲུང་གི་འདུ་ཤེས་དང་།  རིག་བྱེད་ཆེན་པོ་བཞིའི་ཁོངས་ལས་ཡོངས་སུ་བརྒལ་ནས་བྲམ་ཟེ་བའི་གསོ་དཔྱད་ཀྱི་ལུགས་སུ་སྤེལ་ཞིང་།  རྒྱ་གར་ཚེ་ཡི་རིག་བྱེད་གཞུང་གི་སྒྲོམ་གཞི་ཡང་དུས་སྐབས་དེར་གཞི་ནས་བྱུང་བ་ཡིན་པར་ངོས་འཛིན་གནང་བཞིན་ཡོད།   
            དྲང་སྲོང་རྒྱུན་ཤེས་ཀྱི་གཞུང་དུ་ཚེ་ཡི་རིག་བྱེད་ཀུན་བརྗོད་བྱ་ཡན་ལག་བརྒྱད་དུ་དབྱེ་ནས་བཤད་ཡོད་དེ། ཁོང་ནད་དང་། ཕྱི་ནད། མགོ་དང་དབང་པོའི་ནད། དབང་རྩ་དང་གདོན་ནད།  བྱིས་ནད། དུག་ནད། རྒས་པ་དང་མཚན་མ་གསོ་བ་བཅས་བརྒྱད་དོ། ། གཞུང་འདིར་ད་དུང་སྔོ་སྨན་མང་པོ་ཞིག་གི་ནང་དོན་དང་།  སྐྱེ་ལུགས་རིག་པའི་ཤེས་བྱ།  རྟ་དང་བ་གླང་དང་གླང་ཆེན་སྨན་དཔྱད་བཅས་སློབ་ཅིང་བསྟི་གནས་སུ་དཀའ་ཐུབ་ལ་སོགས་པའི་ཚངས་སྤྱོད་དང་ཏིང་ངེ་འཛིན་ལ་གནས་པ་བཅས་ཀྱིས་རྒྱ་གར་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣར་གྱུར་ནས། མི་ཕལ་བ་རྣམས་ཀྱིས་རང་ལ་ན་ཚ་འདྲ་བྱུང་ན་ཁོ་ཚོར་ཡོན་ཕུལ་ཏེ་སྨན་བཅོས་དང་རིག་བྱེད་འདོན་པ་སོགས་བྱེད་དུ་བཅུག་པས་སྤྱི་ཚོགས་ཀྱི་གོ་གནས་ཆེན་པོ་ཐོབ་ནས་རིམ་པ་མཐོ་བའི་རིགས་ཀྱི་གྲས་སུ་ཚུད་པ་དང་། དོན་ཧ་ཅང་རྟོགས་དཀའ་ཤིང་སྦས་དོན་ཟབ་མོར་རློམ་པའི་ངེས་བརྗོད་རིག་བྱེད་སོགས་ལ་བྲམ་ཟེ་རྣམས་ཀྱིས་འགྲེལ་པ་བྱེད་པའི་སྲོལ་བྱུང་བ་དང་རིམ་གྱིས་རིག་བྱེད་དེ་བྲམ་ཟེ་ཆོས་ལུགས་ཀྱི་ངོ་བོར་གྱུར་པ་དང་།  ཚེ་ཡི་རིག་བྱེད་དེའང་བྲམ་ཟེ་ཆོས་ལུགས་པའི་དྲང་སྲོང་རྣམས་ཀྱིས་སྒོ་ཀུན་ནས་གོང་དུ་སྤེལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལྟར་ན། བརྒྱ་བྱིན་ལ་སློབ་མ་སྐྱ་སེང་གི་བུ་ལྟར་ཕ་ལྷའི་དྲང་སྲོང་རྒྱུན་ཤེས་དང་། འོད་ཟེར་ཅན་དང་། འོད་ཡངས་དང་། ཡན་ལག་སྐྱེས་དང་། ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་གཙུག་ཕུན་ཅན་བདུན་ཞེས་གྲགས་པ་དང་མ་མའི་བུད་མེད་ལ་བརྟེན་ནས་བྱུང་བ་ནི་རྒྱུན་ཤེས་ཀྱི་བུ་དང་། མེ་བཞིན་འཇུག་དང་། ཐང་ལ་འབར་དང་། དཀའ་གཉིས་སྤྱོད་དང་། མུ་ཁྱུད་འཛིན་དང་། འགྲོ་བ་སྐྱོང་གི་བུ་དང་། ནབས་སོ་སྐྱེས་དང་། གཤོལ་འགྲོ་སྐྱེས་དང་བརྒྱད་པོ་དེས་བརྒྱ་བྱིན་ལས་ཐོས་པའི་ཚེའི་རིག་བྱེད་ཀྱི་རྒྱུད་ལ་འཇུག་པའི་འགྲེལ་པ་རེ་རེ་བརྩམས་པ་ནི།   དཀོན་སྟོན་པའི་སྡེ་དང་། གཞི་གྲུབ་པའི་སྡེ། བདུད་རྩི་ཆེན་པོའི་སྡེ། མི་འཇིགས་མཚོན་ཆའི་སྡེ། བདུད་རྩི་སྒྲུབ་པའི་སྡེ། སྲོག་གི་སྒྲོམ་བུའི་སྡེ། གསོ་དཔྱད་སྨན་སྦྱོར་གྱི་སྡེ།  སྦྱོང་བྱེད་ལས་ལྔའི་སྡེ་སྟེ་ལེའུ་བཞི་བརྒྱ་དང་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཙ་ར་ཀ་སྡེ་བརྒྱད་དུ་གྲགས། (སྡེ་སྲིད་གསོ་རིག་ཁོག་འབུགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སོགས་ཕྱུགས་རིགས་ཀྱི་ན་ཚའི་རྟགས་བཅོས་དང་ཁྱད་པར་དུ་གླང་ཆེན་གྱི་ནད་རིགས་སྐོར་འཁོད་པ་མང་དུ་སྣང་ལ། ཕྱིས་སུ་གཞུང་འདིའི་བརྗོད་བྱ་རྣམས་ཙ་ར་ཀའི་སྡེ་བརྒྱད་དུ་དྲངས་ཡོད་པར་སྨྲ། དུས་དེར་རྒྱ་གར་ཚེ་ཡི་རིག་བྱེད་གཞུང་གི་སྒྲོམ་གཞི་སྟེ། དབུགས་ཀྱི་རྒྱུ་བ་ཙམ་ལ་འདོད་པའི་རླུང་དང་། སྣོད་ཀྱི་མཁྲིས་ཁུ་སེར་པོ། ཁ་མཆུ་བེ་སྣབས་སོགས་འབར་བག་ཁོ་ན་ཙམ་ལ་འདོད་པ་བད་ཀན་གསུམ་གྱི་བཤད་པ་ཐོག་མར་བྱུང་ཞིང་ལུས་ཟུངས་དྲི་མ་བཅས་ཀྱི་དབྱེ་སྒོའང་དར།  ནད་ཀྱི་དབྱེ་བ་ལ་ལུས་སེམས་གཉིས་དང་རྐྱེན་ལ་ཕྱི་ནང་གཉིས།  ནད་གཞི་གསོ་བར་ཟས་སྐོམ་དང་སྨན་རྫས་དང་དུས་ཚིགས་གསུམ་གྱི་རྩོད་སྒྲུབ་འབྲེལ་བ་སོགས་ཅུང་ཞིབ་རྒྱས་སུ་གསུངས་ཡོད།  མཁྲིས་པ་དང་རླུང་དང་བད་ཀན་གསུམ་ནི་བྲམ་ཟེ་ཆོས་ལུགས་དར་བའི་དུས་སྐབས་ནས་བཟུང་རྒྱ་གར་གསོ་རིག་གཞུང་གི་རྩ་བར་གྱུར་པ་དང་།    ཞི་ལཱ་གསོ་བ་རིག་པའི་འབྱུང་བཞིའི་བཤད་པ་ལའང་རྒྱ་གར་ཚེའི་རིག་བྱེད་ཀྱི་ཉེས་གསུམ་གྱི་ཤུགས་རྐྱེན་ཐེབས་པ་ལས་ཕུང་གཤེར་བཞི་ཞེས་པའི་རྣམ་བཤད་དུ་གོང་འཕེལ་ཕྱིན་ལ། དེ་བཞིན་ཞི་ལྭའི་ཕུང་གཤེར་བཞིའི་རྣམ་བཤད་ཀྱིས་སླར་ཡང་རྒྱ་གར་གྱི་ཉེས་གསུམ་ལ་ལྡོག་ནུས་ཐོན་ཏེ་ཁྲག་དང་ཆུ་སེར་སོགས་ཀྱི་བཤད་པ་བྱུང་བར་བཞེད། དེས་གསོ་བ་རིག་པའི་འཕེལ་རྒྱས་ནི་ཁོར་ཡུག་མི་གཅིག་པའི་ནང་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་གཅིག་པ་ཡིན་ཚུལ་གསལ་བཤད་གནང་ཡོད་ཅིང་ཕན་ཚུན་ཤན་གྱིས་ཁྱབ་པའི་འབྲེལ་བ་རྟོགས་ནུས་སོ། །
            བྲམ་ཟེ་ཆོས་ལུགས་པའི་ཤུགས་རྐྱེན་ལ་བརྟེན་ནས་རྒྱ་གར་དུ་མི་ཚོར་མཐོ་དམན་གྱི་ཁྱད་པར་སྟེ་བྲམ་ཟེའི་རིགས་དང་། རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་རིགས་ཆེན་པོ་བཞི་རུ་དབྱེ་བའི་སྲོལ་བྱུང་ཞིང་། འཚོ་བྱེད་སྨན་པ་ནི་དང་ཐོག་རིགས་བཞི་ལས་མཆོག་ཏུ་བརྩི་བའི་བྲམ་ཟེའི་གྲལ་དུ་གཏོགས་པ་དང་། དུས་དེའི་སྔ་གཞུག་ནས་སྨན་པར་ཕྱི་བཅོས་སྨན་པ་དང་། ཁོང་ནད། མོ་པྲ་བརྟག་མཁན་བཅས་གསུམ་དུ་བགར་ཡོད་ལ། ཕྲ་ཞིབ་ངང་གཤག་འབྱེད་རིག་པར་དངོས་སུ་ཞིབ་འཇུག་བྱེད་པའི་འགོ་བརྩམ་ནས་གཞང་འབྲུམ་གྱི་དཔྱད་དང་། ལྒང་བའི་རྡེའུ་སྐྲན་གྱི་དཔྱད། མིག་འགྲིབ་ཀྱི་དཔྱད་སོགས་ལག་ཏུ་བསྟར་བཞིན་པ་མ་ཟད། འཛམ་གླིང་ཕྱི་ནད་གཤག་བཅོས་ཀྱི་ལོ་རྒྱུས་སྟེང་ཆེས་སྔ་བའི་གདོང་དབང་མཛེས་བར་བཟོ་བའི་དཔྱད་(整容术)དེ་སྣ་དབྱིབས་གྲུབ་ཐབས་(鼻成形术)དང་། རྣ་ཤལ་མཛེས་བཟོའི་དཔྱད་སོགས་ཁྱད་དུ་མཚར་བའི་ལག་ཐབས་དེའི་རིགས་ཀྱིས་རྗེས་དུས་རྒྱ་གར་གསོ་རིག་གི་ཕྱི་བཅོས་རིག་པའི་དཔེ་མཚོན་རང་བཞིན་གྱི་བསྟན་བཅོས་གྲགས་ཅན་དྲང་སྲོང་ལེགས་ཐོས་སམ་མིང་གཞན་ཐང་ལ་འབར་གྱི་གཞུང་ཞེས་པ་ལེགས་འགྲུབ་ཡོང་བར་ལག་ལེན་གྱི་རྨང་གཞི་བརྟན་པོ་བཏིངས་པ་གོར་མ་ཆག  ཡིན་ནའང་། བྲམ་ཟེའི་དུས་མཇུག་ཏུ་སླེབས་སྐབས་སྨན་པའི་གོ་གནས་དམའ་རུ་སོང་བ་དང་བྲམ་ཟེ་བས་རང་ཉིད་མཆོག་ཏུ་བརྩི་ཞིང་མི་ལ་མཐོ་དམན་གྱི་ཁྱད་པར་དང་འདྲ་མཉམ་མིན་པའི་ལམ་ལུགས་ཆེས་ཆེར་སྤེལ་བའི་སྟོབས་ཀྱིས་མི་དམངས་ཀྱིས་བྲམ་ཟེ་ཆོས་ལ་དགག་པ་བརྒྱབ་པ་སོགས་ལས་བྲམ་ཟེ་བའི་ཆོས་ལུགས་རྒྱབ་ལྗོངས་ཡིན་པའི་ཚེ་ཡི་རིག་བྱེད་འཕེལ་རྒྱས་སུ་འགྲོ་བ་ལའང་ཚད་བཀག་ཐེབས་ནས་ཅུང་ཉམས་རྒུད་ཀྱི་ལམ་ཁར་གཏད་འགོ་བརྩམས།  ཡིན་ནའང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་བ་དང་བསྟུན་ནས་རྒྱ་གར་གསོ་དཔྱད་རིག་པ་དེ་མ་ལག་ལྡན་པའི་རྣམ་བཤད་ཀྱི་ཕྱོགས་སུ་བསྐྱོད་དེ་མཐོ་རླབས་གསར་བའི་མཛེས་སྒེག་མངོན་ཐུབ་པ་བྱུང་།  འོན་ཏེ་གནད་ཁ་ཤས་ནས་བཤད་ན།  ནང་བསྟན་ཆོས་དར་བའི་རྒྱུན་ལས་སྲོག་ཆགས་དང་མིའི་བེམ་རོར་གཤག་འབྱེད་མི་རིགས་པའི་ལྟ་ཚུལ་སོགས་ཀྱི་དབང་གིས་རྒྱ་གར་གསོ་དཔྱད་པའི་ཕྱི་ནད་རིག་པ་དང་རྨ་བཅོས་ལག་ཐབས་སྐོར་ལ་ཉམས་གུད་ངེས་ཅན་ཐེབས་པ་རེད།  
གསུམ་པ། ནང་བསྟན་ཆོས་ལུགས་ཀྱི་དུས་སྐབས།
(སྤྱི་ལོ་སྔོན་གྱི་ལོ500-སྤྱི་ལོ500བར)
            སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར་ཤཱཀྱའི་རིགས་ལས་འཁྲུངས་པའི་རྒྱལ་སྲས་དོན་གྲུབ་ཀྱིས་ནང་བསྟན་ཆོས་ལུགས་གསར་གཏོད་གནང་རྗེས། བྲམ་ཟེ་བས་མི་ལ་མཐོ་དམན་འབྱེད་པའི་སྲོལ་ངན་ལ་མཐའ་གཅིག་ཏུ་སུན་འབྱིན་དང་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་ལྟ་བ་རྒྱ་ཆེར་སྤེལ་བ་སོགས་མདོར་ན་ཤཱཀྱ་ཐུབ་པའི་ཆོས་ཀྱི་དགོངས་དོན་རྣམས་འབངས་ཡོངས་ཀྱི་འདོད་བློ་དང་མཐུན་ཞིང་རྒྱལ་རིགས་རྗེ་རིགས་རྣམས་ཀྱི་ཁེ་ཕན་དང་ཡང་འཚམ་པས།  སངས་རྒྱས་ཆོས་ལུགས་དེ་མགྱོགས་མྱུར་ངང་གོང་འཕེལ་སོང་སྟེ་དམངས་ཡོངས་རང་བཞིན་གྱི་དད་མོས་བྱེད་ཡུལ་ཞིག་ཏུ་གྱུར་པ་དང་། དེ་དང་ཆབས་ཅིག་ཆོས་ལུགས་གྲུབ་མཐའ་ནང་བ་ཡིན་པའི་མཁས་དབང་རྣམས་ཀྱིས་གསོ་རིག་གཞུང་ལག་ལེན་དང་བཅས་པར་ཕྱོགས་ཡོངས་ནས་ཞིབ་འཇུག་ཆེན་པོ་གནང་པ་ལས་རྒྱ་གར་ཚེ་ཡི་རིག་བྱེད་ཉིད་རྒྱ་མཚོའི་རླབས་ཕྲེང་བཞིན་མཁའ་ནས་མཁའ་རུ་འཕྱུར་བའི་དུས་རབས་ཤིག་ཏུ་སླེབས།  
            རྒྱ་གར་ཚེའི་རིག་བྱེད་ཀྱི་དཔྱད་བཅོས་རིག་པའི་མཁན་པོར་གྱུར་པ“Susruta”ཞེས་པ་ནི།    རྒྱ་ནག་པའི་གནའ་ཡིག་ནང“妙闻”ཞེས་འབྱུང་བ་དེ་ཡིན་ཞིང་།  དྲང་སྲོང་འདི་བའི་མཚན་འདོགས་དང་བྱོན་པའི་དུས་ཚིགས་ཐད་ལ་མཁས་པ་རྣམས་ཞལ་བཞེད་ཅུང་མི་མཐུན་པ་འདུག་སྟེ། རྒྱ་ནག་གི་སྐད་དོད་“妙闻”ཞེས་པར་གཞིགས་ན་དྲང་སྲོང་ལེགས་ཐོས་ཡིན་པར་བསམ་པ་དང་།“Susruta”ཞེས་ལེགས་སྦྱར་སྒྲ་ལས་དྲངས་ན་སྲུ་སྲུ་ཏ་ཞེས་པར་འགྱུར་སྙམ་མོད།  ཁོང་གིས་མཛད་པའི་གཞུང་དོན་བརྗོད་བྱ་ལྟར་ན་ཐང་ལ་འབར་གྱི་གཞུང་(妙闻集)ཡིན་ཤས་ཆེ་བས།   རྒྱ་དཀར་ནག་གི་ཡིག་ཚང་ནང་དྲང་སྲོང་གང་གི་མཚན་ཤིན་ཏུ་གསལ་བར་བསྟན་པས་རྙོག་དྲ་ཅི་ཡང་མེད་ཀྱང་བོད་ཀྱི་ཡིག་ཆར་འདྲ་འདྲ་མང་པོ་ཞིག་སྣང་བས་འོལ་ཚོད་ཀྱིས་ཡིན་ཐག་གཅོད་དཀའ་བའི་གནས་སུ་གདའ། འོན་ཏེ་ཅུང་ཙམ་དཔྱད་ཚེ། ལེགས་སྦྱར་སྐད་དོད་དུ་མཚན་ལ་སྲུ་སྲུ་ཏ་ཞེས་པ་ཚུར་བོད་སྐད་དུ་བསྒྱུར་པས་ལེགས་ཐོས་ཀྱི་དོན་དུ་འགྱུར་བས་སྲུ་སྲུ་ཏ་དང་ལེགས་ཐོས་གཉིས་མི་གཅིག་ཏུ་བཞག་ཆོག་སྙམ་ལ། ཐང་ལ་འབར་ནི“妙闻集”ཞེས་པའི་གཞུང་གི་ཐོག་མའི་བྱེད་པོ་སྟེ་དེ་བྱོན་པའི་ལོ་ཚིགས་སྐོར་ལ་ཁ་ཤས་ཀྱིས་སྤྱི་ལོ་སྔོན་གྱི་མི་ལོ1000ཡན་ཡིན་པར་བཞེད་ལ།  མཁས་དབང་མང་ཆེ་བས་སྤྱི་ལོ་སྔོན་གྱི་མི་ལོ500ཡིན་པར་བཤད་པ་དང་།   ཐང་ལ་འབར་ལུགས་ཀྱི་དཔྱད་ཀུན་ཁོང་གི་བརྒྱུད་པའི་སློབ་མ་སྲུ་སྲུ་ཏ་སོགས་ཀྱིས་རིམ་པས་འཐུས་སྒོ་ཚང་བར་མཛད་པ་ལས་ད་གཟོད་ཐང་ལ་འབར་གྱི་གཞུང་“妙闻集”ཞེས་གྲགས་པར་འདོད་དེ། བཤད་རྒྱུན་ལ། (《中华医史杂志》1988年第1期, p40《妙闻集》记载的古代印度外科学)ཐང་ལ་འབར་རང་ནས“Salyatantr”ཞེས་པའི་དཔྱད་ཀྱི་མ་ཡིག་ཅིག་མཛད་མྱོང་བ་དེར་དུས་རབས་བཞི་བའི་མཇུག་ཏུ་རྒྱན་དྲུག་མཆོག་གཉིས་ཀྱི་ཐུ་བོར་གྱུར་པ་མགོན་པོ་ཀླུ་སྒྲུབ(Nagarune)མཆོག་གིས་བཟོ་བཅོས་དང་ཁ་སྣོན་བརྒྱབ་པ་ལས་ཐང་ལ་འབར་གྱི་གཞུང་(妙闻集)ཞེས་དངོས་སུ་མཚན་འདོགས་གནང་བ་དང་།   བསྟན་བཅོས་དེར་ད་དུང་ཐང་ལ་འབར་གཞན་ཞིག་གིས་ཀྱང(另一位Susruta)ལེགས་སྒྲིག་བྱས་པར་བཞེད་པ་མ་ཟད། རྗེས་དུསJeJJda   Acharya དང་།Gayadasaསོགས་མཁས་དབང་བཅུ་ཕྲག་ལོན་པ་ཞིག་གིས་རིམ་གྱིས་རྣམ་བཤད་དང་རྩོམ་སྒྲིག་གང་ལེགས་མཛད་པ་ལས་ད་གཟོད་ང་ཚོའི་མིག་ལ་མཇལ་དུ་ཡོད་པའི་ཐང་ལ་འབར་གྱི་གཞུང་འདི་བཞིན་ལེགས་འགྲུབ་བྱུང་བ་ཡིན་པས། ཐང་ལ་འབར་གྱི་གཞུང་ཞེས་པ་ནི་མི་གཅིག་གཉིས་ཙམ་གྱི་མཛད་རྗེས་དང་རིག་གཞུང་བསམ་བློ་ཙམ་གཏན་ནས་མ་ཡིན་པར་ཐུན་མོང་བའི་ཤེས་རབ་ཀྱི་ཉིང་བཅུད་དང་དུས་རབས་གང་འཚམ་ཞིག་གི་དཔྱད་བཅོས་ཉམས་མྱོང་གི་ཕྱོགས་བསྡོམས་སུ་བཞེད་དོ།   །ཐང་ལ་འབར་གྱི་དཔྱད་བཅོས་ལ་དམིགས་བསལ་གྱི་ཁྱད་ཆོས་མང་ཞིང་ཁོང་གིས་བློ་ཞིབ་མོས་རྣམ་པ་མི་འདྲ་བའི་ཆ་བྱད་སྣ་ཚོགས་བཟོས་ཏེ།  སློབ་མ་རྣམས་ལ་དཔྱད་ཀྱི་ལག་རྩལ་སྐོར་བསླབ་དུས་ནམ་ཡང་སྔོན་ལ་འདྲ་གཟུགས་དང་དེ་ནས་སྲོག་ཆགས་ཀྱི་བེམ་རོའི་སྟེང་སྦྱོང་དུ་འཇུག་ལ་ཐ་མར་མིའི་ལུས་ཕུང་སྟེང་ནས་དམར་ཁྲིད་བྱེད་པ་དང་། སྐབས་དེའི་རྒྱ་གར་གསོ་དཔྱད་ཀྱི་གཤག་བཅོས་ཆུ་ཚད་དེ་ཨེ་ཅིབ་དང་ཞི་ལཱ་གསོ་རིག་སོགས་ལས་ཆེས་སྔོན་ཐོན་གྱི་ཚད་ལ་སླེབས་ནས་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད་སྐད།  
            སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་ནང་སྟོན་པ་ཤཱཀྱ་ཐུབ་པ་དང་དུས་མཉམ་པར་རྒྱལ་པོ་གཟུགས་ཅན་སྙིང་པོར་སྲས་འཚོ་བྱེད་གཞོན་ནུ( Jivaka嗜婆)འཁྲུངས་ཤིང་། སྐྱེས་བ་སྔ་མའི་བག་ཆགས་སད་པ་ལས་ཚེ་ཡི་རིག་བྱེད་ལ་བསླབ་ནས་མཁས་པར་གྱུར་པ་དང་།  མགོའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས་པར་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཚེའི་རིག་བྱེད་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོན་པ་དེ་ལ་སློབ་པར་ཞུས་པས་ཉུང་ཤས་ཙམ་ལས་མ་བསྟན་ཀྱང་ཁྱད་པར་དང་བཅས་ཏེ་ལོབས། ལོ་ངོ་བདུན་རིང་དུ་རྒྱུན་ཤེས་ཀྱི་བུའི་རྗེས་སུ་བསླབ་སྟེ་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་བུམ་པ་གང་བྱོའི་ཚུལ་དུ་འཚོ་བྱེད་གཞོན་ནུ་ལ་བསྩལ།  རྒྱ་གར་ཡུལ་དབུས་སུ་གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་འགྲོ་བ་ནད་པ་མང་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་བ་དང་སྟོན་མཆོག་བུ་རམ་ཤིང་པ་ལའང་སྨན་བཅོས་གནང་པ་སོགས་སྨན་པའི་རྒྱལ་པོ་ཆེན་པོར་ལན་གསུམ་དུ་དབང་བསྐུར་བ་དང་།  བྱིས་པའི་ནད་གསོ་བར་དེ་བས་མཁས་པར་གྱུར་ཏེ་ཁ་སྭ་བའི་སྡེ(Kasyapa     Samhjta)ཞེས་པའི་བྱིས་ནད་བཅོས་པའི་གསོ་དཔྱད་ཀྱི་གཞུང་ཞིག་ཀྱང་མཛད།  
            སྤྱི་ལོ་སྔོན་གྱི་དུས་རབས་བཞི་བར་མོ་རྭའི་རྒྱལ་རབས་ཀྱི་མགོ་ཚུགས་ཤིང་རྒྱལ་པོ་དང་པོར་ཙནྡྲ་གུབྷར་གྲགས་ཤིང་གཅེར་བུ་བ་བླ་མར་འཛིན།   རྒྱལ་པོ་འདིས་ཞི་ལྭའི་དམག་དཔོན་སྡིག་ཅན་ཨེ་ལེགས་ཟན་དར་(亚历山大)ཕམ་པར་བྱས་ཏེ་རྨ་བའི་རྒྱལ་རབས་བཙུགས་པ་དང་།   དུས་སྐབས་དེར་རྡོ་འཇོག་སློབ་གྲྭ་ཆེན་མོ་ནི་སྐད་གྲགས་ཆེ་བའི་གསོ་རིག་སློབ་གླིང་ཞིག་ཡིན་ལ། རྡོ་འཇོག་གི་བྲམ་ཟེ་ཙ་ན་ཀ་བྱ་བས་སྲིད་སྐྱོང་ལུགས་ཀྱི་བསྟན་བཅོས(治国要术Arthasatra)ཞེས་གྲགས་སྙན་འབར་བ་ཞིག་མཛད་པར་མིང་གཞན་ཁྱབ་འཇུག་སྦས་པ་ཞེས་འབོད། དེར་རྒྱལ་ཐབས་རྣམས་སྐོར་ཚོ་བཅོ་ལྔར་བསྡུས་ནས་འཆད་ཡོད་པ་དང་སྲིད་སྐྱོང་ལུགས་དེང་གི་ནུབ་ཕྱོགས་རྒྱལ་ཁབ་དང་འདྲ་སེ་བ་ཞིག་བཤད་ཡོད། བསྟན་བཅོས་དེ་ནི་གསོ་དཔྱད་སྐོར་གྱི་ཆེད་གཉེར་གསུང་རབ་ཅིག་མ་ཡིན་ཡང་དེའི་ནང་དུ་ནད་ཀྱི་བཅོས་ཐབས་དང་སྔོ་སྨན་གྱི་སྐོར་མང་དུ་གསུངས་ཡོད་ཅིང་སྤྱིར་བཏང་གི་དཔྱད་དང་།  བུ་བཙའ་བའི་ཐབས།  དུག་བཅོས།  དམག་དོན་གྱི་དཔྱད།  སྨན་ཁྲིམས་ཀྱི་དཔྱད་ལ་སོགས་པའི་བརྗོད་བྱ་འཁོད་ཡོད་པས་མི་ཚད། འགོས་ནད་རིགས་ཀྱི་དོ་དམ་དང་། ཤི་བའི་སྙན་ཞུ་སྐོར་གྱི་གཏན་འབེབས་ལམ་ལུགས།  མི་སྒེར་དང་ཁོར་ཡུག་གི་འཕྲོད་བསྟེན་ཇི་ལྟར་ཡིན་པ་སོགས་ཀྱང་མཆིས། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་ལའང་འཛམ་གླིང་སུམ་གཉིས་ཆ་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་ནས་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་བརྩེ་བས་ཐུགས་ཀྱིས་བསྐྱངས་ཤིང་། ཞབས་ཀྱིས་བཅག་པའི་ཡུལ་ཀུན་དུ་མི་ཕྱུགས་གཉིས་ཀྱི་ཆེད་གཉེར་སྨན་ཁང་བཙུགས་ནས་རྒྱ་གར་གསོ་བ་རིག་པའི་སྨན་བཅོས་ལག་ལེན་ཕྱོགས་ཀུན་ནས་དར་རྒྱས་ཆེན་པོ་བྱུང་།  
            ཆོས་རྒྱལ་མྱ་ངན་མེད་འདས་རྗེས་རིམ་གྱིས་མོ་རྭའི་རྒྱལ་རབས་སིལ་བུར་ཐོར་བ་དང་སྤྱི་ལོ་དུས་རབས་དང་པོར་སླེབས་དུས་རྒྱལ་པོ་ཀ་ནི་ཤ་ཀ(Kanishka)བྱ་བས་ཁྲི་བཟུང་ཞིང་དྲང་སྲོང་ཙ་ར་ཀ་(Caraka 奢罗迦)དཔལ་ལྡན་ཕྲེང་བས་རྒྱལ་པོ་དེའི་བླ་སྨན་གནང་། དྲང་སྲོང་འདི་བས་མེ་བཞིན་འཇུག་གིས་མཛད་པའི་རྒྱུན་ཤེས་ཆེན་པོའི་གཞུང་(Atreya   Tantra 敢食集)གི་སྙིང་བཅུད་བླངས་ནས་ཙ་ར་ཀའི་སྡེ་(caraka  Samhita 奢罗迦全集)ཞེས་རྒྱ་གར་ཚེའི་རིག་བྱེད་ལས་ཁོང་ནད་རིག་པའི་གཞུང་ཨ་མ་ལྟ་བུའི་བསྟན་བཅོས་གྲགས་ཅན་དེ་བརྩམས་པ་རེད།   བསྟན་བཅོས་འདི་བཞིན་གོང་སྨོས་ཀྱི་ཙ་ར་ཀ་སྡེ་བརྒྱད་ཅེས་པ་ཡིན་མིན་གསལ་པོ་བཤད་དཀའ་ཡང་གང་ལྟར་གཞུང་དེའི་དགོངས་དོན་རྣམས་བསྡུས་ཡོད་པ་ནི་སྨོས་ཅི་འཚལ་ཏེ། ཇི་སྐད་དུ། ཙ་ར་ཀ་སྡེ་བརྒྱད་དུ་གྲགས་པ་དེ་དག་གི་འགྲེལ་པ་དྲང་སྲོང་དཔལ་ལྡན་ཕྲེང་བས་སྟོད་འགྲེལ་ཉི་ཟླ་བར་བཀབ་བམ་པོ་བརྒྱད་ཅུ། སྨད་འགྲེལ་འཕྲུལ་གྱི་ལྡེ་མིག་བམ་པོ་བཞི་བཅུ་སྟེ་ཁྱོན་བརྒྱ་ཉི་ཤུ་ཞེས་པས་རྟོགས་ནུས་སོ།   །ཙ་ར་ཀའི་སྡེ་འདི་རྗེས་དུས་ཏ་ཟིག་གི་སྐད་དུ་འགྱུར་ཡོད་པ་དང་སྤྱི་ལོ་དུས་རབས་བདུན་པར་ཨ་རབ་ཀྱི་སྐད་དུའང་བསྒྱུར་འདུག  
            1890ལོརBowerཞེས་པས་རང་རྒྱལ་ཞིན་ཅང་གི་མངའ་ཁོངས་ཁའོ་ཁྲིག་སངས་རྒྱས་མཆོད་རྟེན་དུ་རྙེད་པའི་སམ་སྐྲིཏའི་ཡི་གེ་ལས་བྲིས་པའི་དཔེ་དུམ་བདུན་ལ་ཞིབ་འཇུག་བྱས་པ་ལྟར་ན།  སྤྱི་ལོ་སྔོན་གྱི་ལོ་350ཡས་མས་སུ་བརྩམས་པའི་དཔེ་རྙིང་དུ་འདོད་ཅིང་དེ་ལས་དུམ་བུ་གསུམ་ནི་གསོ་དཔྱད་ཀྱི་སྐོར་ཡིན་པ་ལ་དུམ་བུ་དང་པོ་སྒོག་པའི་ཕན་ཡོན་དང་།  དུམ་བུ་གཉིས་པར་གནའ་བོའི་སྨན་སྦྱོར་གྱི་ཕྱག་ལེན་སྙིང་པོར་དྲིལ་ནས་གསུངས་པ་དང་ཆབས་ཅིག་རྒྱ་གར་གྱི་གསོ་དཔྱད་མཁས་པ་མང་པོ་ཞིག་གི་མཚན་དྲངས་ཡོད་པར་ཐང་ལ་འབར་(妙闻)མ་གཏོགས་གཞན་རྣམས་གསལ་ཆ་ཅི་ཡང་མི་འདུག་པས། རྒྱ་གར་ཚེའི་རིག་བྱེད་ཀྱི་ལོ་རྒྱུས་སུ་གནམ་གྱིས་ས་བཀབ་པ་ལྟ་བུའི་དྲང་སྲོང་མཁས་པ་མང་པོ་ཞིག་བྱོན་གནང་པ་ཐེ་ཚོམ་བྲལ་ལ།  དུམ་བུ་གསུམ་པ་ནི་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་བྱུག་པ་སོགས་ཀྱི་ལག་ལེན་རེད།  
            སྟོན་པ་ཤཱཀྱ་ཐུབ་པ་མྱ་ནང་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ན་རྒྱ་གར་ལྷོ་ཕྱོགས་བེདཪྦྷ་ཞེས་བྱ་བའི་ཡུལ་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་།  ཐེག་པ་ཆེན་པོའི་དབུ་མའི་ལྟ་བ་དར་སྤེལ་མཛད་དེ་གདུལ་བྱ་བགྲང་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པ་སོགས་སངས་རྒྱས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བགྱིས་ཏེ་ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྱུར་པ་དང་། གསོ་བ་རིག་པའི་སྐོར་ལ་འཚོ་བའི་མདོ་ཚིགས་སུ་བཅད་པ་དང་། རྩྭ་ཨ་ལྦའི་ཆོ་ག  སྔོ་སྦྱོར་བདུད་རྩིའི་གསང་བ། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ། ལྷོག་པ་སྤུན་བཞིའི་གཉན་བཅོས་སོགས་བརྩམས་པ་དང་། གོང་དུ་སྨོས་པའི་ཐང་ལ་འབར་ལུགས་ཀྱི་གཞུང་ལ་ཞུས་གཏན་འཐུས་ཚང་ཡང་གནང་ཡོད་ཚོད་འདུག  མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མར་གྱུར་པ་སློབ་དཔོན་དཔའ་བོ་(vagbhatha 婆拜他氏)ནི། ཡོངས་གྲགས་ལོ་རྒྱུས་ལྟར་ན་འཕགས་ཡུལ་གྱི་ཆེན་པོ་བཞིའི་ཡ་གྱལ་སྟེ་མཚན་གཞན་ལ་དཔལ་ལྡན་ཕ་ཁོལ་དང་། གསུང་སྙན་པས་རྟ་དབྱངས་སུ་གྲགས་པ་དེ་ཡིན་ཞིང་།  དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་ལུགས་ཀྱི་རིག་བྱེད་ཁག་དང་ཁྱད་པར་དུ་ཚེ་ཡི་རིག་བྱེད་ཡན་ལག་བརྒྱད་པ་ལ་བྱང་ཆུབ་པའི་སྨན་པ་ཆེན་པོ་སེང་གེ་གསང་བ་སྟེ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན་པ་དང་།  མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་རྒྱ་གར་ནུབ་ཕྱོགས་ཀྱི་ནང་བའི་པཎྜི་ཏ་རྣམས་དང་བརྩད་ནས་ཡོངས་སུ་ཕམ་པར་མཛད་དེ་ཕྱོགས་ལས་རྣམ་པར་རྒྱལ་པའི་མཁས་དབང་ཆེན་པོར་མངའ་བརྙེས་པ་དང་།   དེ་ནས་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས་འཕགས་མཆོག་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ་དང་བརྩད་པས་ཚུར་ཚར་བཅད་ཅིང་ནང་པའི་རིང་ལུགས་སུ་བསྒྱུར་ནས་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མར་གྱུར་ལ་མཚན་དཀོན་ཅོག་འབངས་ཞེས་གྲགས།  འདི་བ་གསོ་དཔྱད་ལ་འགྲན་ཟླ་དང་བྲལ་བར་གྱུར་པས་རྒྱ་གར་འཕགས་པའི་ཡུལ་དུ་བཤད་རྒྱུན་ལ།  དེད་དཔོན་ཀུན་སྐྱོང་ནོར་གྱི་བདག །  ཀརྞེ་ཀ་ནི་དམག་གི་བདག། མཛེས་མ་འོད་ལྡན་ཚལ་གྱི་བདག །    དཔལ་ལྡན་ཕ་ཁོལ་སྨན་གྱི་བདག །  ཅེས་པའི་མཚན་སྙན་མཆིས་པ་དང་།   ཕྱིས་སུ་ཡོ་རོབ་གླིང་དུ་ཐོ་བཙུན་ཙ་ར་ཀ་དཔལ་ལྡན་ཕྲེང་བ་དང་། ཐང་ལ་འབར། ཕ་ཁོལ་གསུམ་ལ་རྒྱ་གར་གྱི་ཚེ་རིག་འཛིན་པའི་དྲང་སྲོང་ཆེན་པོ་གསུམ་དུ་བཀུར་བར་མ་ཟད། ལྷག་པར་འདི་བ་ལ་ལེགས་སྦྱར་ཡུལ་གྱི་སྨན་པ་ཆེན་པོ་ག་ལུན་(Galen)ཞེས་ཀྱང་བསྙད་དོ། །  
            དཔལ་ལྡན་ཕ་ཁོལ་གྱིས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་པ་ལས་གསོ་རིག་གི་སྐོར་ནས་ཡན་ལག་བརྒྱད་པ་ཆེན་པོ་དང་། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ་སོགས་ཡིན་པ་དང་། རྗེས་སོར་གཞུང་དེ་དག་ལེགས་སྦྱར་སྐད་ལས་དབྱིན་ཇི་སོགས་གཞན་སྐད་དུ་འགྱུར་བ་ཡོད་ཚོད་ཆེ་ལ།  བོད་ཡིག་གི་འགྱུར་ནི་གངས་ལྗོངས་སུ་བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བའི་དབང་ཕྱུག་དམ་པར་གྱུར་པའི་ཞུ་ཆེན་གྱི་ལོ་ཙྭ་བ་དགེ་སློང་རིན་ཆེན་བཟང་བོའི་སྐུ་དྲིན་ལས་བྱུང་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་པའི་དེའི་རང་འགྲེལ་གཉིས་སོ།   །སློབ་དཔོན་དཔའ་བོའི་ཡང་སློབ་ཏུ་གྱུར་པ་ཁ་ཆེ་པཎ་ཏྲི་ཏ་ཟླ་བ་མངོན་དགའ་ནི། རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་ཤིང་དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་ཁྱད་པར་དུ་ཆགས་པ་མངོན་དགའ་བྱ་བ་སློབ་དཔོན་དུ་བསྟེན་ནས་གསོ་བ་རིག་པ་ལ་མཁས་པར་སྦྱངས།   སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ཆེན་པོ་དང་། དེ་ལ་འཇུག་པ། སྙིང་པོ་བསྡུས་པ་རྣམས་དང་། ཙ་ར་ཀ་འབུམ་སྡེ་སོགས་གསོ་རིག་གི་གཙུག་ལག་མཐའ་ཀླས་པར་བརྟེན་ཅིང་།   རང་ཉིད་ཀྱི་རྣམ་པར་དཔྱོད་པའི་རིགས་ལམ་ནས་དྲངས་ཏེ་སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་པ་ཚིག་དོན་ཟླ་ཟེར་དང་།  དེའི་སྨན་མིང་ཟུར་དུ་བཀོལ་པར་ཚིག་དོན་སྒྲ་སྦྱོར་ངེས་པ་སོགས་མཛད་དེ་འཕགས་ཡུལ་གྱི་གསོ་རིག་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པར་སྡེ་སྲིད་རིན་པོ་ཆེའི་ཁོག་དབུགས་ལས་བཤད་དོ། །     
བཞི་པ། ཧིན་རྡུ་ཆོས་ལུགས་ཀྱི་དུས་སྐབས།
(སྤྱི་ལོ500-1200)
            ཧིན་རྡུ་ཆོས་ལུགས་ལ་བྲམ་ཟེ་ཆོས་ལུགས་གསར་མ་ཞེས་ཀྱང་བྱ་བ་དང་།  དེ་ནི་སྤྱི་ལོ་དུས་རབས་ལྔ་བའི་ནང་བྲམ་ཟེ་ཆོས་ལུགས་ཀྱི་དགོངས་དོན་རྨང་གཞི་བྱས་ཐོག   སངས་རྒྱས་ཆོས་ལུགས་དང་དུས་ཕྱིས་ཀྱི་ཁ་ཆེའི་ཆོས་ལུགས་བཅས་ཟུང་དུ་འབྲེལ་བ་ལས་བྱུང་བ་ཞིག་ཡིན་ཤས་ཆེ་ལ་དུས་ད་ལྟར་ཡང་རྒྱ་གར་བ་མང་ཆེ་བས་ཆོས་ལུགས་དེར་དད་པ་བྱེད།  སྤྱི་ལོ་དུས་རབས་ལྔ་བ་ནས་བཟུང་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་རིམ་གྱིས་ཉམས་འགོ་ཚུགས་པ་དང་བསྟུན་ནས་ཕྱི་ཕྱོགས་ས་གནས་དང་རྒྱལ་ཁབ་ཁག་སྟེ་ཨ་རབ་དང་། ཞི་ལྭ། རོ་མ། རྒྱ་ནག འབྲས་ལྗོངས། ཧིན་རྡུ་ཉི་ཞི་ཡ། ཡོ་ནན། བོད་ཡུལ་རྣམས་སུ་དར་འགོ་བརྩམས་ལ།  རྒྱ་གར་བའི་ཚེའི་རིག་བྱེད་ཀྱང་ནང་བསྟན་ཆོས་ལུགས་དར་རྒུད་ཀྱི་གོམ་སྟབས་དང་བསྟུན་ནས་རང་སར་རྒུད་ཅིང་གཞན་སར་དར་བའི་དུས་རབས་ཤིག་ལ་སླེབས་པ་དང་།   རྒྱ་གར་བའི་འཚོ་བྱེད་སྨན་པ་རྣམས་ཀྱི་སྙན་གྲགས་ཕྱོགས་བཞིའི་རྒྱལ་ཁབ་སོ་སོར་ཁྱབ་ཅིང་ཁྱད་པར་ཏ་ཟིག་དང་གེ་སེར་(罗马拜占庭)གྱི་ཡུལ་དུ་གདེང་འཇོག་ཆེན་པོ་གནང་བཞིན་ཡོད།  
            སྤྱི་ལོ་དུས་རབས་བརྒྱད་པར་མོ་ཐོ་པོ་ཧི་ལོ་བ་བས་བརྩམས་པའི་“Madhava-nidana”ཞེས་པའི་བསྟན་བཅོས་ནི་ནད་ལུགས་དང་ངོས་འཛིན་རྟགས་ལ་ཞིབ་འཇུག་གནང་པའི་བརྩམས་ཆོས་ཤིག་རེད།  དེའི་ནང་དོན་ལས་སྐབས་དེའི་རྒྱ་གར་སྨན་པས་གསོ་དཔྱད་ཆེན་མོ་ཙ་ར་ཀའི་སྡེ་བྱ་བའི་ཁྲོད་ཀྱི་རྟགས་བསྟུན་བཅོས་ཐབས་ཉིད་གོམ་གང་མདུན་སྤོས་ཀྱིས་དར་སྤེལ་བཏང་བ་ཡིན་པ་མཚོན་ཐུབ་པ་དང་།  བསྟན་བཅོས་དེ་ཕྱིས་སུ་ཐང་ལ་འབར་གྱི་གཞུང་དང་ཙ་ར་ཀའི་སྡེ་གཉིས་དང་ལྷན་དུ་ཨ་རབ་ཀྱི་ཡི་གེར་བསྒྱུར་ཡོད་པ་རེད། སྤྱི་ལོ་དུས་རབས་བཅུ་གཅིག་ནས་བཅུ་བཞིའི་བར་དུ་ཚ་ཁུ་ལོ་པན་རྡ་ཐོ་དང་རོ་ན་སོགས་ཀྱིས་མཛད་པའི་ཨར་ཨ་བེདཿའི་གསོ་དཔྱད་ཀྱི་གཞུང་འགྲེལ་ཆེན་མོར་གྲགས་པ་ཞིག་ཡོད་པར་ཟད་མོད། ནང་དོན་ཐད་ཐོད་བརྒལ་གསར་བ་ཅི་ཡང་མེད་ཅིང་ཚེའི་རིག་བྱེད་ཀྱི་གཞུང་རྙིང་ཀུན་ཕྱོགས་བསྒྲིགས་བྱས་པ་ཙམ་དུ་ཡིན་པར་བསྙད།  སྤྱི་ལོ་དུས་རབས་བཅུ་བའི་མཇུག་ནས་བཟུང་བཀས་བཀོད་རྒྱུད་འཛིན་གྱི་མཐོ་རིམ་མི་སྣས་ཚེ་བསྲིངས་པའི་ཐབས་དང་རྒན་ལུས་གཞོན་འགྱུར་དུ་འགྲོ་ཐུབ་པའི་ཐབས་ལ་མཐའ་གཅིག་ཏུ་སྙེག་པའི་རྒྱུ་རྐྱེན་ལ་བརྟེན་ནས་གཏེར་དངོས་སྨན་རིགས་ཀྱི་བཙོ་སྦྱངས་དང་།  དངུལ་ཆུ་བཙོ་བཀྲུ་བཅུད་ལེན་སོགས་ལ་མཐོང་ཆེན་གནང་བས། རྒྱ་གར་ཚེའི་རིག་བྱེད་ཀྱི་སྨན་སྦྱོར་རིག་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་།  སྤྱི་ལོ་དུས་རབས་བཅུ་གསུམ་པའི་ཡས་མས་སུ་སཱ་འོན་རྒ་ཐོ་ལོ་བྱ་བའི་སྨན་པ་མཁས་པས་ “ Sarangadhara-Samghata”ཞེས་པའི་གཞུང་ཞིག་བརྩམས་པ་དང་། བརྗོད་བྱ་གཙོ་བོ་ནི་སྔོ་སྨན་གྱི་སྦྱོར་སྡེ་དང་རིན་པོ་ཆེའི་སྨན་གྱི་སྦྱོར་བའི་ལག་ལེན།  དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཡིན་ལ།  ལག་ལེན་དེ་དག་གི་མེས་པོ་ནི་དཔལ་མགོན་ཀླུ་སྒྲུབ་ཞབས་ཡིན་ཅིང་རྫས་འགྱུར་སྨན་རིགས་ཀྱི་ལག་ལེན་དེ་དག་ཡོ་རོབ་གླིང་གི་སྨན་པ་རྣམས་ལས་དུས་རབས་གཉིས་གསུམ་ཙམ་གྱིས་སྔ་བར་བཤད།   
            དུས་རབས་བཅུ་གཅིག་པའི་དཀྱིལ་ནས་བརྩམས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་ཀླ་ཀློས་དབང་བསྒྱུར་ནས་རྒྱལ་བསྟན་བསྣུབས་པར་བྱས་ཤིང་།   ལྷག་པར་དུས་རབས་བཅུ་བཞི་བར་མོའི་ཀོ་སིས་(Moghuls)རྒྱ་གར་ལ་བཙན་འཛུལ་བྱས་པ་ནས་བཟུང་ཚེ་ཡི་རིག་བྱེད་ཀྱིས་མཚོན་པའི་རྒྱ་གར་གྱི་རིག་གནས་མཐའ་དག་ལ་གཏོར་བརླག་ཐེབས་པ་དང་།  གསོ་དཔྱད་ཀྱི་བསྟན་བཅོས་མི་ཉུང་བ་ཞིག་རྩ་བརླག་ཏུ་སོང་བ་བཅས་མདོར་ན་ཉེ་བའི་དུས་རབས་ནས་བཟུང་རྒྱ་གར་ཚེའི་རིག་བྱེད་འདི་བཞིན་སོར་གནས་ཀྱི་གོམ་སྟབས་སྟེང་འཕེལ་མེད་ངང་བསྡད་པ་དང་། ཕྱོགས་དུ་མ་ཞིག་ནས་བཤད་ན་ད་དུང་ལྡབ་འགྱུར་གྱིས་ཉམས་རྒུད་དུ་སོང་ཡོད་ལ།   དུས་ད་ལྟའང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཚེ་སྲོག་ཉིད་ཤིན་ཏུ་ཉག་ཕྲ་བའི་གནས་སུ་ལྷུང་ཡོད་པར་སྨྲ།