ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

ས་སྐྱ་པཎྚི་ཏའི་མཛད་རྣམ་དང་ས་སྐྱ་ལེགས་བཤད་ཀྱི་སྐོར་ཅུང་ཟད་བཤད་པ།

སྤེལ་དུས 2010-11-16 ཡོང་ཁུངས། རྩོམ་པ་པོ། ལྗོན་སྨྱུག་ནས་བཤུས་ཏེ་བསྒྲིགས །

     དང་པོ།  གདུང་རྒྱུད་ཁྱད་པར་ཅན་དང་དུས་ཁྱད་པར་བ་ལ་སྐུའི་སྐྱེ་བཞེས་པ་དང་།རྟེན་དེ་ལ་ཡོན་ཏན་བརྙེས་པ་དང་།བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་བཅས་ཀྱི་ཚུལ་སྤྱིར་བཤད་པ།

གདུང་རྒྱུད།

        ས་སྐྱ་འཁོན་གྱི་གདུང་རྒྱུད། གནམ་ལ་སྤྱི་རིང་།གཡུ་རིང་།གཡུ་བསེ་གསུམ།འབྲིང་བ། གཡུ་རིང་ལས་བརྩིས་པའི་རབས༥པ་གཡའ་སྤང་སྐྱེས་སྲིན་པོ་སྐྱ་རེངས་ཁྲག་མེད་དང་འཁོན་ཞིང་།དེའི་ཆུང་མ་གཡའ་འབྲུམ་སི་ལི་མ་འཕྲོགས་པ་ལ་སྲིན་པོ་དང་འཁོན་པའི་བར་དེར་སྲས་གཅིག་སྐྱེས་པས།མིང་འཁོན་བར་སྐྱེས་ཞེས་བཏགས།དེ་ནས་གདུང་རྒྱུད་འདི་ལ་འཁོན་ཞེས་འབོད་པ་བྱུང་།གཡུ་རིང་ནས་བརྩིས་པའི་རབས༡༧པ་འཁོན་དཀོན་མཆོག་རྒྱལ་པོ༼༡༠༣༤ནས༡༡༠༢༽ས་སྤྱི་ལོ༡༠༧༣ལོར་ས་སྐྱའི་བྱང་ངོས་དབོན་པོ་རིའི་འདབས་སུ་ས་སྐྱ་དགོན་པ་བཏབ།འཁོན་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ༼རབས༡༨པ༽དེ་ལ་སློབ་དཔོན་བསོད་ནམས་རྩེ་མོ།རྗེ་བཙུན་གྲགས་པ་རྒྱལ་མཚན།དཔལ་ཆེན་འོད་པོ་སྟེ་སྲས་གསུམ།འདི་དག་རབས༡༩པ།དཔལ་ཆེན་འོད་པོ་ལ་སྲས་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན༼༡༡༨༢ནས༡༢༥༡༽དང་ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས།འདི་གཉིས་རབས༢༠པ།ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་སྲས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན༼༡༢༣༥ནས༡༢༨༠༽དང་འགྲོ་མགོན་ཕྱག་ན་གཉིས།

      ས་སྐྱ་གོང་མ་རྣམ་ལྔ།དཀར་པོ་རྣམ་གསུམ།དམར་པོ་རྣམ་གཉིས། སད་མི་མི་བདུན། འཁོན་ཀླུའི་དབང་པོ་སྲུང་བ།

དུས།

བོད་སིལ་བུའི་དུས༼༨༤༢ནས༡༢༥༢༽མཇུག་དུ།རིས་སུ་ཆད་ནས་འཐབ་རྩོད་དང་འཁྲུག་ལོང་མང་བ༼དང་པོ་དབུ་གཡོར་འཁྲུག་པ།དེ་ནས་དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ།ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད། མང་ཚན་ཉུང་ཚན།གསེར་པ་གཡུ་པ།ཤ་ཟན་རྩམ་ཟན་ཞེས་སྡེ་གཉིས་སུ་ཆད་དེ་རྩོད་པ༽ འབངས་གྱེན་ལོག་བྱུང་བ།སིལ་བུར་འཐོར་ཏེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པ།བསྟན་པའི་མེ་རོ་གསོས་པ།ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་ཕེབས་པ༼༡༠༤༢༽གྲུབ་མཐའ་དུ་མ་འབྱུང་བའི་མགོ་བརྩམས་པ།ཕྱི་རུ།རྒྱ་གར་དུ་སངསརྒྱས་ཀྱི་བསྟན་པ་རྨང་ནས་འཇིག༼༡༢༠༦ལོར་མུ་སུལ་མན་གྱི་ངྷི་ལིའི་སུལ་ཏན་རྒྱལརབས་བཙུགས་ཏེ་རྒྱ་གར་ལ་དབང་བསྒྱུར༽ཧོར་དུ་དམག་གི་སྟོབས་ཤུགས་ཆེས་ཆེར་རྒྱས།༡༢༠༦ལོར།ཇིང་གུར་རྒྱལ་པོས་ཧོར་གྱི་རྒྱལ་ཁབ་བཙུགས།༼༡༢༡༩ནས༽༡༢༢༥ལོར།ཇིང་གུར་རྒྱལ་པོས་ནུབ་ཕྱོགས་ལ་དམག་ཐེངས་གསུམ་དྲངས།༼༡༢༠༥ནས༽༡༢༢༧ལོར།ཇིང་གུར་རྒྱལ་པོས་མི་ཉག་ཕབ།༡༢༡༡ནས༡༢༣༤ལོར།ཇིང་གུར་རྒྱལ་པོས་སུང་ལྷོ་མ་དང་འབྲེལ་ནས་ཅིན་ཕབ།

    ༡༢༥༤ལོར།མུང་ཁེས༼ཇིང་གུར་གྱི་ཚ་བོ།ཐོ་ལོའི་ཡི་བུ།གོ་དན་གྱི་ཕ་སྤུན།སེ་ཆེན་གྱི་ཕུབོ༽འཇང་ཕབ།༡༢༧༡ལོར།སེ་ཆེན་རྒྱལ་པོས་ཡོན་རྒྱལ་རབས་བཙུགས།༼༡༢༧༣ནས༽༡༢༧༩ལོར།སེ་ཆེན་རྒྱལ་པོས་སུང་ལྷོ་མ་ཕབ་ནས་ཀྲུང་གོ་ཡོངས་ལ་མངའ་དབང་བསྒྱུར།ཆེན་པོ་ཧོར་གྱི་རྒྱལ་རབས༼༡༢༠༦ནས༡༣༦༨རྒྱལ་པོ་བཅོ་ལྔ༽ཧོར་གྱི་རྒྱལ་པོའི་ཐོག་མ་ཇིང་གུར་རམ་པོག་ཏ་ཆིང་གེ་སེའམ་མུ་ཅེན༼༡༡༦༢ནས༡༢༢༧༽དེ་ལ་ཇུ་ཆུ།ཆ་ག་ཏའི།ཨུ་གེ་ཏེའི།ཐོ་ལོའི་སྟེ་བུ་བཞི།ཨུ་གེ་ཏའི་ལ།གུ་ཡུག་དང་།གོ་དན་དེ་བུ་གཉིས།གོ་དན་ལ།མུང་ཁེ།ཧོར་སེ་ཆེན་རྒྱལ་པོའམ་ཧྭོ་པི་ལའི༼༡༢༦༠ནས༡༢༩༤༽ཨུ་ལེ་ཧུ།ཨ་རིག་པུ་ཧེ་སྟེ་བུ་བཞི།

 རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ།

སྐུ་ན་ཤིན་ཏུ་ཆུང་ངུའི་དུས་ནས་བློ་རྣོ་ཞིང་ཤེས་རབ་བཀྲ་བ།ཅུང་ཟད་ནར་སོན་པ་ན་མཚན་ཉིད་དང་ལྡན་པའི་བླ་མ་དུ་མ་བསྟེན་ནས་ཆོས༼ཕྱི་ནང་གི་ཆོས་དང་ནང་པའི་ཆོས་ལ་མདོ་སྔགས་གཉི་ག༽རིག་གནས།འཇིག་རྟེན་གྱི་གཞུང་ལུགས་དང་བཅས་པ་ལ་སྦྱང་བ་མཐར་ཕྱིན་པ་མཛད།

     བོད་ཀྱི་བླ་མ།ཡབ་དགེ་བའི་བཤེས་གཉེན༼གཙོ་བོ་སྒྲུབ་ཐབས་དང་།སྨན་དཔྱད་ཀྱི་གཞུང་མན་ངག༽ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན༼གསང་སྔགས། ལམ་འབྲས། སྒྲུབ་ཐབས།དུས་འཁོར་སྦྱོར་དྲུག རྩིས་ཀྱི་མན་ངག ཕར་ཕྱིན། དབུ་མ། སྐྱེས་རབས།བསྟོད་པ། སྤྲིངས།བཀའ་གདམས་ལམ་རིམ།སྨྲ་སྒོ།ལུགས་ཀྱི་བསྟན་བཅོས་མང་པོ།དགེ་བསྙེན་གྱི་སྡོམ་པ་བཞེས༽སྐྱོ་ངུར་བ་གཞོན་ནུ་སེང་གེ༼ཚད་མ་དང་དབུ་མ༽སློབ་དཔོན་ཁུ་སྟོན༼བྱམས་ཆོས་ལྔ་དང་དབུ་མ་རྒྱན་སོགས༽སྤྱི་བོ་ལྷས་པ༼མངོན་པ་ཀུན་བཏུས།བརྒྱད་སྟོང་འགྲེལ་བ།བཀའ་གདམས་ལམ་རིམ།དབུ་མ་ཆེན་མོ།ཞི་བྱེད།གཅོད༽ཕྱི་རྒྱལ་གྱི་བླ་མ།ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ༼༡༢༠༤ལོ་སྟེ།ས་པཎ་དགུང་ལོ༢༣སྟེང་བོད་དུ་ཕེབསཔ་དང་མཇལ།ལེགས་སྦྱར་དང་།ཀུན་བཏུས།རྣམ་འགྲེལ།མཛོད།འདུལ་བ།མངོན་རྟོགས་རྒྱན།གསང་འདུས།དུས་འཁོར་སོགས་གསན།བསྙེན་རྫོགས་ཀྱི་སྡོམ་པ་བཞེས༽བལ་བོའི་པཎྚི་ཏ་སངྒྷ་ཤྲཱི༼སྒྲ་དང་།སྡེབ་སྦྱོར།སྐྱེས་རབས་སོགས་རིག་གནས་ཀྱི་སྐོར་ཕལ་ཆེ་བ་འདི་པ་ལས་གསན༽ཤར་ཕྱོགས་ཀྱི་པཎྚི་ཏ་དཱ་ན་ཤཱི་ལ༼ཚད་མ་དང་གསང་སྔགས༽པཎྚི་ཏ་སུ་ག་ཏ་ཤྲཱི༼ཕྱི་རོལ་བའི་རིག་བྱེད་བཞི་སྒྲ་ངེས་པར་སྦྱར་བ་དང་བཅས་པ།སྒྲ་ཀ་ཅལཱ་པ།སྡེབ་སྦྱོར་རིན་འབྱུང་།སྙན་ངག་ཆེན་པོ་གསུམ་དང་ཆུང་ངུ་གསུམ།མངོན་བརྗོད་འཆི་མེད་མཛོད།ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ།ཀླུ་ཀུན་ཏུ་དགའ་བ་སོགས་གསན༽ཐོས་བསམ་མཛད་ཚུལ་ཞིབ་མོ་ནི་ས་པཎ་རྣམ་ཐར་དང་ཆག་ལོའི་དྲིས་ལན་དུ་གསལ།