ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

ཨ་ལེ་ན་རེ། བྱ་དགའ་ཐོབ་ཀྱང་མ་ཐོབ་རུང་སྔར་བཞིན་ལམ་དུ་བསྐྱོད་དགོས།

སྤེལ་དུས 2014-08-21 ཡོང་ཁུངས། ཐིན་ཞོན་དྲ་བ། རྩོམ་པ་པོ། ཨ་གུར་གྱིས་བསྒྱུར།

 ཟླ་འདིའི་ཚེས༡༦ཉིན་གྱི་སི་ཁྲོན་སྐུད་ལམ་གྱི་གསར་འགྱུར་ལྟར་ན། སྐབས་དྲུག་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་མིང་ཐོ་ཉིན་འགའི་སྔོན་དུ་སྤྱི་ལ་བསྒྲགས་ཤིང་། སྙན་ཞུའི་རྩོམ་རིག་བྱ་དགའི་རྣམ་གྲངས་ཁྲོད་ཀྱི་མཱོ་ཏོན་རྩོམ་རིག་བྱ་དགའ་ཐོབ་མྱོང་པའི་རྩོམ་པ་པོ་ཨ་ལེའི་རྟོག་བཟོ་མ་ཡིན་པའི་བརྩམས་ཆོས་རིང་མོ《ལྕགས་མདུད། ལོ་ངོ་ཉིས་བརྒྱའི་ཁམས་པའི་ངོ་མཚར་གཏམ་རྒྱུད》ལ་བྱ་དགའི་འདེམ་ཤོག༠ཐོབ་པ་དེས་རྩོམ་རིག་གི་སྡེ་རུ་གྲགས་འགུལ་ཆེན་པོ་བཟོས་ཤིང་། ཨ་ལེ་ཡིས་ཀྱང་ངོ་རྒོལ་བྱས་ཏེ་རྒྱུ་མ་ཕུ་འདེད་བྱ་རྒྱུ་ཡིན་པ་བསྟན།

དེ་རིང་། ཨ་ལེ་ཡིས་བྱ་དགའི་དཔྱད་འདེམ་བྱེད་སྟངས་དང་དཔྱད་འདེམ་གྱི་བྱ་རིམ། བརྩམས་ཆོས་ཀྱི་རྒྱུ་སྤུས་བཅས་ཕྱོགས་གསུམ་གྱི་སྟེང་ནས་འདྲི་རྩད་བྱ་རྒྱུ་ཡིན་པ་སྤྱི་ལ་གསལ་བསྒྲགས་བྱས། དེ་དང་མཉམ་དུ་ཁོས"བྱ་དགའ་ཐོབ་ཀྱང་མ་ཐོབ་རུང་སྔར་བཞིན་ལམ་དུ་བསྐྱོད་ནས་ཁེར་རྐྱང་གི་འཚོལ་སྙེག་བྱ་རྒྱུ་ཡིན"ཞེས་བཤད།

རྩོམ་སྟངས་གླེང་བ། རྟོག་བཟོ་མ་ཡིན་པ་ནི་སྙན་ཞུའི་རྩོམ་རིག་གི་སྲོག་སྐྱོབ་ཡིན།

ཐེངས་འདིའི་ལུའུ་ཞུན་རྩོམ་རིག་བྱ་དགའི་ཁྲོད་དུ།ཨ་ལེའི《ལྕགས་མདུད》ལ་འདེམ་ཤོག་གཅིག་ཀྱང་མ་ཐོབ་པར་བྱ་དགའ་རེག་མ་སོང་བ་དེར་ཀུན་པོས་དོ་སྣང་ཆེན་པོ་བྱས། ཨ་ལེས་རང་ཉིད་ལ་བྱ་དགའ་རེག་མ་སོང་བར་བཅའ་འདྲི་བྱེད་པའི་སྐབས་སུ་ཁོང་ཁྲོ་ཆེན་པོས་ངང"ངས་ལུའུ་ཞུན་རྩོམ་རིག་བྱ་དགའི་སྙན་ཞུ་རྩོམ་རིག་བྱ་དགར་ངོ་རྒོལ་བྱ་རྒྱུ་ཡིན"པ་དང་། ཡི་གེའི་ལམ་ནས་དོན་དག་འདིར་ཨ་ལན་སློག་རྒྱུ་ཡིན་ལ།དེ་ནི་རང་གི་སྙན་གྲགས་ཙམ་མིན་པར་རྩོམ་རིག་གི་ཆེད་དུ་ཡིན་ཟེར། བྱ་དགའི་དཔྱད་འདེམ་པ་ཧོ་ཆན་མན་གྱིས་དོན་འདིར་དམིགས་ནས་ཨ་ལན་བསློགས་དོན།"བརྩམས་སྒྲུང་བྲིས་ནས་བྱ་དགའ་ཐོབ་མྱོང་བའི་རྩོམ་པ་པོས་སྙན་ཞུའི་རྩོམ་བྲིས་ནའང་བྱ་དགའ་ཐོབ་དགོས་པའི་ངེས་པ་མེད"ཅེས་བཤད།འོན་ཀྱང་རྩོམ་པ་པོ་ཧྥང་ཧྥང་གིས་རྩོམ་འདི་དང་སྙན་ཞུའི་རྩོམ་རིག་གི་རྩོམ་སྟངས་ཀྱི་ཐད་ན་རྩོད་གཞི་ཡོད་ཅེས་བརྗོད།

དེ་རིང་།ཨ་ལེས་གསལ་བསྒྲགས་སྤེལ་ཏེ་བྱ་དགའི་འདེམས་ཤོག་༠ཐོབ་པར་དོགས་འདྲི་བྱས། གསལ་བསྒྲགས་སུ《ལྕགས་མདུད》ལ་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་ཡོད་ཅིང་དེ《མི་དམངས་རྩོམ་རིག》གི"རྟོག་བཟོ་མ་ཡིན་པའི་རྩོམ་རིག"ལེ་ཚན་དུ་བཀོད་ཡོད་པ་གླེང་།  《ལྕགས་བདུད 》ཀྱི་རྩོམ་སྟངས་སྙན་ཞུའི་རྩོམ་རིག་དང་མི་མཐུན་པས་བྱ་དགའ་མ་ཐོབ་པ་རེད་ཅེས་པའི་བཤད་སྟངས་ལ་ཨ་ལེས་བཤད་རྒྱུར།  རྟོག་བཟོ་མ་ཡིན་པ་ཞེས་པའི་གོ་དོན་འདི་ཀྲུང་གོའི་རྩོམ་རིག་ཏུ་དར་སྤེལ་བཏང་བ་དང་དེའི་འབྲི་སྟངས་བྱེད་པའི་རྩོམ་པ་པོ་ཇེ་མང་ཡིན་པ་ནི་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བའི་སྙན་ཉུའི་རྩོམ་རིག་ལ་མཚོན་ན་སྲོག་སྐྱོབ་པ་རེད་ཅེས་བཤད། "ད་ལྟའི་སྙན་ཞུའི་རྩོམ་རིག་ལ་བྱུང་པའི་ཉེན་ཁར་རྒྱུ་རྐྱེན་མང་པོ་ཡོད་ལ། དེའི་ནང་ཆེས་གལ་ཆེ་བ་ནི་དེའི་རྩོམ་འབྲི་ལ་མ་དཔེ་རིགས་ཤིག་ཆད་པ་དང་། གསར་གཏོད་དང་གསར་འབྱེད་ཀྱི་འདུ་ཤེས་དང་ཚོད་ལྟ་མེད་པ་རེད།"

དུས་མཚུངས་སུ་ཨ་ལེས"རྟོག་བཟོ་མ་ཡིན་པ་སྙན་ཞུའི་རྩོམ་རིག་མིན་ན་དེ་རྩོམ་རིག་གི་རིགས་གང་རེད། སྙན་ངག་ཡིན་ནམ་ལྷ་སྒྲུང་རེད"ཅེས་ལྡོག་འདྲི་བྱས། དེ་མིན་ཨ་ལེས་ད་དུང"རྟོག་བཟོ་མ་ཡིན་པ་སྙན་ཞུའི་རྩོམ་རིག་མིན་ན་ཅིའི་ཕྱིར《ལྕགས་མདུད》དང་ཐོག་ནས་ཕྱིར་ཕུད་མི་བྱེད་པར་སྙན་ཞུའི་རྩོམ་རིག་གི་བྱ་དགའི་རྣམ་གྲངས་སུ་ཚུད་དུ་བཅུག་པ་ཡིན།  འདེམ་ཤོག་རིམ་པ་རིམ་པ་བྱས་ནས་ཕངས་རྗེས་ད་གཟོད་འདི་ལྟར་འདེམ་ཤོག་གཅིག་ཀྱང་མེད་པར་མཇུག་བསྡུས་པ་ཡིན། འཛམ་གླིང་ན་འདི་ལྟའི་བྱ་རིམ་ཞིག་གང་ན་ཡོད"ཅེས་བྱ་དགའི་དཔྱད་འཇོག་གི་བྱ་རིམ་ལ་དོགས་འདྲི་བྱས།

བརྩམས་ཆོས་གླེང་བ། ལོ་རྒྱུས་དོན་རྙིང་ལེགས་སྒྲིག་བྱེད་ཞོར་དང་རྟོག་ཞིབ་བྱ་ཞོར་བྱེད།

རྩོམ་སྟངས་དང་བྱ་རིམ་ལ་འདྲི་རྩད་བྱས་རྗེས། ཨ་ལེས་ཡང་བསྐྱར་རང་གི་བརྩམས་ཆོས《ལྕགས་མདུད》གླེང་།བརྩམས་ཆོས་འདི་ལ་མཚོན་ན། ཨ་ལེས་སྔོན་ལའང"ངས་ལྟོས་མེད་ཀྱི་ཚད་གཞིའི་སྟེང་ནས་རྩོམ་འདི་ཆེས་ལེགས་པོ་ཡིན་ཞེས་བཤད་མི་ཐུབ།འོན་ཀྱང་། རང་ལ་འདིར་བྱ་དགའི་འདེམ་ཤོག་༠མི་ཐོབ་པར་བརྒྱ་ཆའི་སུམ་བརྒྱ་བཞི་བརྒྱ་ཡི་ཡིད་ཆེས་ཡོད"ཅེས་བཤད་མྱོང་། གསལ་བསྒྲགས་སུ་ཨ་ལེས་བརྩམས་འདི་རྩོམ་རྒྱུ་ལས་སླ་མོ་ཞིག་མིན་པའང་གླེང་བྱུང་སྟེ།"《ལྕགས་མདུད》ཅེས་པའི་རྩོམ་འདི་ནི་དེང་བལྟས་སྔ་དྲན་གྱིས་ཕྱོགས་གཅིག་ནས་ལོ་རྒྱུས་དོན་རྙིང་དག་སྒྲིག་དང་། ཕྱོགས་གཅིག་ནས་འདས་པའི་ལོ་རྒྱུས་ཀྱི་ཡུལ་དངོས་ལ་དོན་དངོས་ཀྱི་རྟོག་ཞིབ་བྱས་"ཁོས་ད་དུང"《ལྕགས་མདུད》འདི་ཁོ་ཚོས་བྱ་དགའི་འདེམ་ཤོག་ཕངས་པའི་བརྩམས་ཆོས་གང་དང་བསྡུར་ན་སྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་ཞན། སྐད་བརྡ་ཡིན་ནམ་སྒྲིག་གཞི་ཡིན།ཕྱོགས་གང་ཞིག་ནས་བཞད་གད་ཀྱི་ཡུལ་དུ་འགྱུར་བའི་སྐྱོན་ཆ་བྱུང་སྟེ་བྱ་དགའི་འདེམ་ཤོག་གཅིག་ཀྱང་མ་ཐོབ་པ་ཡིན"ཞེས་ཐེ་ཚོམ་མེད་པར་ལྡོག་འདྲི་བྱས།

གསལ་བསྒྲགས་ཡི་གེའི་མཇུག་ཏུ། ཨ་ལེས་གོང་གི་དོགས་འདྲི་འདི་དག་ནི་མཐའ་མ་ཞིག་ལ་མེད་པར་ངེས་པའི་རང་གི་མཚན་སྙན་ཉི་ཚེ་བ་དེའི་ཆེད་དུ་མིན་པར་སྤྱི་ཚོགས་ཀྱི་དྲང་བདེན་གྱི་ཆེད་དང་། "དེ་ལས་ཀྱང་མི་འགའ་ཞིག་གིས་རྩོམ་རིག་གི་མིང་རྫུན་མ་བཟུང་ཞིང་རྩོམ་རིག་མིན་པའི་བྱེད་ཐབས་སྤྱད་དེ་རྩོམ་རིག་གི་ངོ་སོ་བརླག་པར་ངོ་རྒོད་བྱེད་པའི་ཆེད་དུ་ཡིན"པ། མ་འོངས་པ་ན་ཁོས་རེ་བར་བྱ་དགའི་རྣམ་གྲངས་སོ་སོ་ཉ་ཉོག་མེད་པར་ཐོབ་འོས་པར་ཐོབ་དུ་འཇུག་པ་དང་། རང་ཉིད་ལའང་དོགས་འདྲི་དག་གི་རྐྱེན་གྱིས་འཁོན་ལན་སློག་མི་སྲིད་པ་བསྟན།" བྱ་དགའ་ཐོབ་ཀྱང་མ་ཐོབ་རུང་རང་ཉིད་སྔར་བཞིན་ལམ་དུ་བསྐྱོད་ནས་ཁེར་རྐྱང་གི་འཚོལ་སྙེག་བྱ་རྒྱུ་ཡིན།"

ཁ་བྱང་ཕྱི་མོ། ཨ་ལེ་ཡིས་བྱ་དགའི་འདེམ་ཤོག༠ཐོབ་པར་གསལ་བསྒྲགས་སྤེལ་ཏེ། བྱ་དགའ་ཐོབ་ཀྱང་མ་ཐོབ་རུང་སྔར་བཞིན་ལམ་དུ་བསྐྱོད་དགོས་ཟེར།

རྩོམ་འགན་པ། སྒྲོལ་ཚེ།