ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

མུ་ར་ཁཱ་མེ་ན་རེ། ང་ནི་འཇར་པན་གྱི་རྩོམ་རིག་གི་སྡེས་བསྐྱུར་བའི་བུ་ལོ་ཡིན།

སྤེལ་དུས 2014-09-19 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ཀླུ་བྱམས་རྒྱལ་གྱིས་བསྒྱུར།

མུ་ར་ཁཱ་མེ་ཡིས《འཁོར་སྐར་བརྙན་འཕྲིན་གཏོང་འགོད》ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་སུ། སང་ལོ་ཁོས་བརྩམས་སྒྲུང་རིང་མོ་ཞིག་འབྲི་རྒྱུ་ཡིན་ཟེར། འཇར་པན་གྱི་རྩོམ་རིག་ལས་རིགས་ཁྲོད་ཀྱི་རང་ཉིད་ཀྱི་གནས་བབ་ཐད།  ཁོས་རང་ཉིད་ནི་འཇར་པན་གྱི་རྩོམ་རིག་ལས་རིགས་ཀྱིས་བསྐྱུར་བའི་བུ་ལོ་ཡིན་ཟེར་ཞིང་། རང་ཉིད་ནི་བཙོག་ཅིང་ཆུང་བའི་བྱ་གག་ལ་དཔེ་བླངས་ཏེ་ངང་བ་དཀར་པོར་འགྱུར་མི་སྲིད་པར་གསུངས། 

《རང་མདངས་ཡལ་བའི་ཐ་ཛ་ཁེ་རི་དང་ཁོའི་གནས་མཇལ་གྱི་ལོ་ཟླ།》(གཤམ་ནས་བསྡུས་མིང《ཐ་ཛ་ཁེ་རིར》འབོད།)ཟེར་བའི་སྒྲུང་རིང་དེ་ན་ནིང་འཇར་པན་ནས་པར་སྐྲུན་བྱས་ཤིང་ལོ་གཉིས་རིང་ལ་དཔེ་དེབ་ས་ཡ་གཅིག་ལྷག་བཙོང་ན་ཡང་། མུ་ར་ཁཱ་མེ་ཡིས་འཇར་པན་གྱི་ཀློག་པ་པོ་དང་སྨྱན་བྱད་པའི་སྡེར་མཇལ་འཕྲད་མ་གནང་། ད་ལོའི་ཟླ༨པའི་ཟླ་མཇུག་ལ་མུ་ར་ཁཱ་མེ་་ཨིར་ཏམ་པོག་གི་དཔེ་ཆའི་འགྲེམ་སྟོན་ལ་ཕེབས་ཤིང་རྩོམ་རིག་གི་བྱ་འགུལ་འགར་ཞུགས་པ་མ་ཟད། 《ཐ་ཛ་ཁེ་རི》ཡི་དབྱིན་ཇིའི་དཔར་ལ་དྲིལ་བསྒྲགས་གནང་།  ཟླ༩ཚེས༡༣ཉིན《འཁོར་སྐར་བརྙན་འཕྲིན་གཏོང་འགོད》ཀྱིས་མུ་ར་ཁཱ་མེ་་ལ་ཆེད་དུ་བཅར་འདྲི་བྱས་ཚུལ་བཀོད་ཅིང་།  མུ་ར་ཁཱ་མེ་་ཡིས་བཅར་འདྲི་ངོས་ལེན་བྱེད་སྐབས་བཤད་རྒྱུར།  སང་ལོ་ཁོས་བརྩམས་སྒྲུང་རིང་མོ་ཞིག་འབྲི་རྒྱུ་ཡིན་ཟེར། འཇར་པན་གྱི་རྩོམ་རིག་ལས་རིགས་ཁྲོད་ཀྱི་རང་ཉིད་ཀྱི་གནས་བབ་ཐད།  ཁོས་རང་ཉིད་ནི་འཇར་པན་གྱི་རྩོམ་རིག་ལས་རིགས་ཀྱིས་བསྐྱུར་བའི་བུ་ལོ་ཡིན་ཟེར་ཞིང་། རང་ཉིད་བྱ་གག་བཙོག་ཆུང་ཞིག་ལ་དཔེ་བླངས་ཏེ་ངང་བ་དཀར་པོར་འགྱུར་མི་སྲིད་པར་གསུངས།      

  སྒྱུ་འཕྲུལ་གྱིས་སྒྲུང་གཏམ་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ།   

མུ་ར་ཁཱ་མེ་་ལ་བཅར་འདྲི་བྱས་པ་དེ་ཨིར་ཏམ་པོག་གི་དཔེ་ཆའི་འགྲེམ་སྟོན་སྐབས་ལེགས་འགྲུབ་བྱུང་ཞིང་། 《ཐ་ཛ་ཁེ་རི》ཡི་གསར་རྩོམ་ཐད་མུ་ར་ཁཱ་མེ་་ཡིས"དང་ཐོག་ངས་སྒྲུང་ཐུང་ཞིག་འབྲི་རྩིས་བྱས་ཤིང་། ལོ༣༦ཅན་གྱི་སྐྱེས་པ་དེའི་ཁེར་རྐྱང་དང་ཁོའི་འཚོ་བ་ཞིབ་འབྲི་བྱེད་འདོད་ཡོད"ཅེས་བཤད།  ལྕགས་ལམ་བཟོ་བཀོད་པ་ཕལ་བ་ཐ་ཛ་ཁེ་རི་ཉིད་དོན་དག་ཡ་མཚན་དག་ལ་འཕྲད་ཅིང་དགའ་མོ་ས་ལོ་ཡི་སྐུལ་སློང་འོག་ཆུང་དུས་མ་ཤེས་པའི་གསང་བ་འཚོལ་དུ་སོང་།  ཁོས་བཤད་རྒྱུར"འཇིག་རྟེན་འདི་ནས་དོན་དག་ཡ་མཚན་དག་ནམ་ཡང་འབྱུང་སྲིད་ལ་ཁྱེད་ཀྱིས་དེ་འདྲ་ཡིན་པའི་རྒྱུ་མཚན་མི་ཤེས"ཟེར།   སྐད་ཆ་འདི་ནི་ཁོའི་སྒྲུང་གཏམ་ཡོད་ཚད་ལ་གོ་བ་ལེན་པའི་གཙོ་གནད་ཅིག་ཡིན་སྲིད་མོད།   འོན་ཀྱང་ཁོའི་སྐད་ཆ་འདིའི་དམིགས་ས་ནི《ཐ་ཛ་ཁེ་རི》ཡིན།       

སྒྲུང་གཏམ་ནང་དུ་རྗེ་སི་ཀང་ཆིན་རོལ་མོ་པ་ཞིག་ཡོད་ལ་ཁོས་ཤུ་གསོན་གྱི་དམ་བཅའ་བཞག་པ་དང་འདྲ་བར་མིའི་ནང་སེམས་གསལ་བོར་མཐོང་ཐུབ།   མུ་ར་ཁཱ་མེ་་ཡིས་བཤད་དོན"ཀང་ཆིན་རོལ་མོ་པས་ཅིའི་ཕྱིར་མིའི་ལུས་སྟེང་གི་ཁ་མདོག་མཐོང་ཐུབ་པ་ངས་མི་ཤེས"ཞེས་དང"དོན་དག་དེ་ལྟར་བྱུང་སོང"ཟེར།  མུ་ར་ཁཱ་མེ་་ཡིས་སྤྱིར་སྒྲུང་གཏམ་ལ་གསང་བའི་རང་བཞིན་ངེས་ཅན་ཞིག་དགོས་ཤིང་། "གལ་ཏེ་ཧ་ཅང་གལ་ཆེན་གྱི་གསང་བ་གོ་གསེད་བྱེད་ཐུབ་མེད་ཚེ་ཀློག་པ་པོའི་ཡིད་སེམས་ཕམ་འགྲོ་ལ།   དེ་ནི་ངའི་རེ་བ་བྱེད་སའང་མིན།   ཡིན་ཡང་གསང་བ་ངེས་ཅན་ཞིག་གསང་བའི་ཚུལ་དུ་བཞག་ན།   དེ་ནི་ཧ་ཅང་ངོ་མཚར་ཆེ་བ་ཞིག་ཡིན་ལ་ཀློག་པ་པོ་རྣམས་ཀྱང་དེ་ལ་མོས་པར་བསམ"བཞིན་ཡོད།   ཁོ་རང་ཉིད་ཀྱི་བརྩམས་ཆོས་དང་བསྡུར་ན"ང་ནི་དེ་འདྲའི་ཡ་མཚར་ཞིག་མིན"ཞེས་མུ་ར་ཁཱ་མེ་་དགོད་བཞིན་བཤད།