ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

རང་ཉིད་ནི་རང་གི“སྨན་པ་ཐོག་མ”ཡིན།(གསུམ)

སྤེལ་དུས 2017-08-04 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
          རྒྱུ་ལམ་དང་འབྲེལ་བའི་ནད་རྟགས་འགའ།
          ཆེད་མཁས་པའི་གཏམ། ཕོ་བའི་རྒྱུ་ལམ་བདེ་ཐང་ཡིན་མིན་དང་། ཁྲག་ནག་པོ་བཤལ་དུས་གཞང་འབྲུམ་ནད་དང་རྒྱུ་མའི་འབྲས་སྐྲན་དང་འབྲེལ་ཡོད་མེད་སོགས་བྱེད་ཐབས་གང་ཞིག་བརྒྱུད་དེ་ངོས་འཛིན་དགོས་སམ་ཞེ་ན།
          ཐེངས་འདིར་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སྨན་ཁང་ཨང་དྲུག་པའི་ཡོན་ཀྲང་གཞོན་པའམ་རྩམ་ལོང་དང་གཞང་དཀར་ནག་གི་ཕྱི་ནད་ཆེད་མཁས་པའམ་དགེ་རྒན་ཆེན་མོ་བང་ལོས་སོགས་མཁས་པས་ཚང་མར་གོང་གི་གནད་དོན་ཕྱོགས་ལ་འགྲེལ་བཤད་བྱས།
          དྲི་ཆེན་གཏོང་བའི་གོམས་གཤིས་རྒྱུན་ལྡན་མིན་དུས་མཉམ་འཇོག་དགོས།
          ཕོ་བ་དང་རྒྱུ་མ་ནི་མིའི་ལུས་པོའི་རིམས་འགོག་དབང་པོ་དང་གསང་རྒྱུད་ཟགས་གཤེར་གྱི་དབང་པོ་ཡིན། གལ་སྲིད་སྔར་ཡོད་ཀྱི་ཕོ་བའི་ནད་ཇེ་སྡུག་ཏུ་འགྲོ་བ་དང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། ཟས་ཀྱི་ཡི་ག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྱུར་བ། དུས་རྒྱུན་དུ་དྲི་ཆེན་ནག་པོ་གཏོང་བ། ཤེད་ཤུགས་ཞན་པ། ཟུངས་ཁྲག་ཉམས་པ་སོགས་ཀྱི་གནས་ཚུལ་འབྱུང་དུས་ཕོ་བའི་འབྲས་སྐྲན་བྱུང་བའི་ཉེན་ཁ་ཆེ་མོད། འོན་ཀྱང་དྲི་ཆེན་གཏོང་བའི་གོམས་གཤིས་རྒྱུན་ལྡན་མིན་པ་དང་ཕོ་བ་ན་བ། ཁྲག་ནག་པོ་བཤལ་བ། གློ་བུར་དུ་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ་དང་རྒྱུ་མཚན་གསལ་པོ་མེད་པར་ཟུགས་ཁྲག་ཉམས་པ་བཅས་ཀྱི་གནས་ཚུལ་འབྱུང་དུས། རྒྱུ་མའི་འབྲས་སྐྲན་བྱུང་བའི་ཉེན་ཁ་ལྡན།
          “དྲི་ཆེན་གཏོང་བའི་གོམས་གཤིས་རྒྱུན་ལྡན་མིན་པ”ཟེར་བ་ནི་དྲི་ཆེན་ནང་དུ་ཁྲག་འདྲེས་པ་དང་དྲི་ཆེན་གཏོང་བའི་ཐེངས་གྲངས་ཇེ་མང་དུ་འགྲོ་བ། དྲི་ཆེན་ཇེ་ཕྲ་རུ་འགྱུར་བ། ཕོ་བ་ན་བ། འཇུ་སྟོབས་ཞན་པ། དང་ག་འགག་པ། གསུས་ཆུང་དང་བཤང་སྒོ་རུ་སྐྲངས་པ་ཡོད་པ། ཁོག་པ་བཤལ་བ་དང་རྩ་འགག་པ་སོགས་ནད་རྟགས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བ་ལ་ཟེར།
          གལ་སྲིད་གཟའ་འཁོར་གཅིག་གི་ནང་དུ་དྲི་ཆེན་གཏོང་བའི་ཐེངས2ལས་ཉུང་ཞིང་དྲི་ཆེན་ཉུང་ཞིང་སྲ་མོ་ཡིན་པ། དྲི་ཆེན་གཏོང་དཀའ་བ་བཅས་ཀྱི་གནས་ཚུལ་བྱུང་ན་རྩ་འགག་པ་ཡིན་མོད། འོན་ཀྱུང་གལ་སྲིད་ཉིན་རེའི་དྲི་ཆེན་གཏོང་ཚད་ཐེངས3གྱི་ཡན་ཆད་དུ་སླེབས་ན་ཕལ་ཆེར་ཁོག་པ་བཤལ་བའི་རིགས་ཡིན།
          ཁྲག་བཤལ་བ་ནི་གཞང་འབྲུམ་གྱི་རྐྱེན་ཁོ་ན་མིན་ཞིང་ཁ་ཤས་རྒྱུ་མའི་འབྲས་སྐྲན་དང་འབྲེལ་བ་ཡོད།
          ཁྲག་བཤལ་བ་ནི་རྒྱུ་མའི་འབྲས་སྐྲན་ཡིན་ནམ་གཞང་འབྲུམ་ཡིན་ཞེ་ན། ཆེད་མཁས་པས་བསྟན་དོན། དེར་དབྱེ་འབྱེད་བྱེད་ཐབས་སླ་མོ་ནི། བཤལ་བའི་ཁྲག་མདོག་ཇི་ལྟར་ནག་པོ་ཡིན་ན་བཤང་སྒོ་བར་དང་དེ་ལྟར་བར་ཐག་རིང་བ་ཡིན། གལ་སྲིད་གཞང་འབྲུམ་དང་བཤང་སྒོ་སོགས་ཀྱི་རྐྱེན་དུ་ཁྲག་བཤལ་བ་ཡིན་ན་མདོག་དམར་པོ་ཡིན། དེ་མིན་ཁྲག་ནག་པོ་ཅན་ཡིན་ན་ཕལ་ཆེར་རྒྱུ་མའི་འབྲས་སྐྲན་དང་གཞང་དཀར་ནག་གི་འབྲས་སྐྲན་དང་འབྲེལ་བ་ཡོད།
          རང་ཉིད་ཀྱི་ལུས་པོར་དུས་རྒྱུན་དུ་རང་འགུལ་གྱིས་མཉམ་འཇོག་དགོས།
          ཕོ་བ་དང་རྒྱུ་མར་མཚོན་ན་དུས་རྒྱུན་དུ“ཉེན་བརྡ”གཏོང་བ་ཡིན་མོད། འོན་ཀྱང་མི་རྣམས་ཀྱིས་འདི་ལྟ་བུའི“ཉེན་བརྡ”ལ་ཁ་ཡ་ནན་མོ་མི་བྱེད་པ་དང་། ཡང་ན“ཉེན་བརྡ”གཏོབ་བའི་དུས་སུ་སྨན་བཅོས་བྱས་ན་ཕན་ནུས་ཐོན་པའི་དུས་སྐབས་ལས་ཡོལ་སོང་བ་རེད། དེ་བས་ཆེད་མཁས་པས་བསྟན་དོན། རྒྱུ་མ་བདེ་ཐང་ཡིན་དགོས་ན་སྔ་མོ་ནས་བརྟག་བཤེར་བྱེད་པར་མཐོང་ཆེན་བྱེད་དགོས། རང་འགུལ་གྱིས་སྔ་མོ་ནས་བརྟག་བཤེར་བྱེད་པ་དང་ལྷག་པར་འབྲས་སྐྲན་ནད་དུ་མ་འགྱུར་བའི་སྔོན་དུ་བརྟག་བཤེར་བྱེད་པ་ནི་ཧ་ཅང་གལ་ཆེ་བ་ཡིན། ལོ་ན40ཡན་ཆད་དུ་སླེབས་དུས་དུས་བཅད་ལྟར་ཕོ་བ་དང་རྒྱུ་མ་ལ་བརྟག་བཤེར་བྱེད་དགོས།
          འབྲས་སྐྲན་དུ་འགྱུར་སླ་བའི་ཕོ་ནད་གཙོ་བོ་ནི་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ་དང་དལ་གཤིས་རྙིད་འཁུམ་ཕོ་ཚད་དང་ཕོ་བའི་རལ་ཟགས། ཕོ་བའི་ཤ་ལུ་བཅས་ཡིན། ནད་དེ་དག་ལ་བརྟག་དཔྱད་བྱེད་པའི་བྱེད་ཐབས་གཙོ་བོ་ནི་ཕོ་ཤེལ་ཞིབ་བཤེར་དང་པྰ་ཟན། CTསོགས་ཡིན། ཆེད་མཁས་པའི་བསམ་འཆར་ལྟར་ན། ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ་དེ་གཏན་ནས་འགོག་བཅོས་བྱེད་པར་མཐོང་ཆེན་བྱེད་དགོས་པ་དང་ཕོ་བའི་རལ་ཟགས་སྨན་བཅོས་བྱེད་ཐབས་ཚད་ལྡན་ཅན་དུ་གཏོང་དགོས་པ་དང་དུས་བཅད་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
          ལོང་གའི་གཤེར་རྨེན་སྐྲན་ནི་ལོང་གའི་འབྲས་སྐྲན་གྱི་དུས་མགོའི་ནད་རྟགས་ཤིག་ཡིན། 80%ཡི་ནད་པའི་ལོང་གའི་གཤེར་རྨེན་སྐྲན་ནད་དེ་དུས་ཡུན་ལོ10ནས་ལོ15ཡི་རྗེས་སུ་ལོང་གའི་འབྲས་སྐྲན་དུ་འགྱུར་བ་ཡིན། དེ་བས་གལ་སྲིད་ལོང་གའི་གཤེར་རྨེན་སྐྲན་བྱུང་ཡོད་པ་ཤེས་རྗེས་སྔ་མོ་ནས་གཤག་བཅོས་བྱས་ན་བཟང་།
          ཆེད་མཁས་པས་བསྟན་དོན། ལོང་འབྲས་ནི་བརྟག་བཤེར་ངོས་འཛིན་བྱེད་སླ་བའི་འབྲས་སྐྲན་ཞིག་ཡིན། བརྟག་བཤེར་བྱེད་པའི་དམིགས་ཡུལ་ནི་རྨེན་སྐྲན་ཡིན་མིན་སྔ་མོ་ནས་ཤེས་རྒྱུ་དེ་ཡིན། གལ་སྲིད་རྨེན་སྐྲན་ལ་ནུས་ལྡན་གྱི་འགོག་བཅོས་མ་བྱས་ན་དུས་མགོའི་རྒྱུ་མའི་འབྲས་སྐྲན་དུ་འགྱུར་བར་དུས་ཡུན་ལོ་བཅུ་ཡས་མས་དགོས་པ་དང་། དེ་ནས་འབྲས་སྐྲན་གྱི་དུས་མཇུག་ཏུ་ཐོན་པར་དུས་ཡུན་ལོ3ལས་མི་དགོས།
          རྨེན་སྐྲན་གྱི་སྐབས་སུ་ནང་ཤེལ་བརྒྱུད་ནས་བརྟག་བཤེར་བྱས་རྗེས་གཤག་བཅོས་བྱས་ནས་བླངས་ན་ཆོག དུས་ཡུན་ལོ5ཡི་གསོན་ཚད100%ལ་སླེབས་ཐུབ། སྐབས་འདིར་སྨན་བཅོས་བྱས་ན་རྒྱུ་མའི་འབྲས་ནད་འབྱུང་ཚད་དངོས་སུ་ཇེ་དམའ་རུ་གཏོང་ཐུབ།
          ཁྱིམ་མི་ལ་རྒྱུ་མའི་འབྲས་ནད་འབྱུང་དུས་ཐོག་མར་རྒྱུད་འཛིན་ཕྱོགས་སུ་བརྟག་དཔྱད་བྱེད་དགོས།
          ཆེད་མཁས་པས་བསྟན་དོན། མི་རིགས་བདུན་ལ་རྒྱུ་མའི་འབྲས་ནད་འབྱུང་སླ་བ་ཡིན། དེ་བས། ལོ་ཚད40ཡན་ཆད་ཀྱི་མི་ལ་མཚོན་ན། དུས་ཡུན་ལོ་གཅིག་རེར་རྒྱུ་མར་བརྟག་བཤེར་ཐེངས་རེ་བྱེད་དགོས།
          1. མི་རྒན་པ། རྒྱུ་མའི་འབྲས་ནད་འབྱུང་ཚད་ནི་ལོ་ཚོད་དང་བསྟུན་ནས་ཇེ་ཆེར་འགྲོ་བ་ཞིག་ཡིན་པས། མི་རྒན་པས་ལྷག་པར་མཉམ་འཇོག་དགོས།
          2.བཟའ་བཏུང་གོམས་གཤིས་མི་ལེགས་པའི་མི། ཤའི་རིགས་ཟ་བར་དགའ་བ་དང་སྔོ་ཚོད་དང་སིལ་ཏོག་གི་རིགས་ཟ་རྒྱུར་མི་དགའ་བའི་མི་ལ་རྒྱུ་མའི་འབྲས་ནད་འབྱུང་སླ་བ་ཡིན།
          3. དུ་བ་འཐེན་དགའ་བའི་མི། དུ་བ་འཐེན་དགའ་བའི་མི་ལ་མཚོན་ན། རྒྱུ་མའི་འབྲས་ནད་འབྱུང་བའི་ཉེན་ཁ་དུ་བ་མི་འཐེན་པ་ལས34%ཡིས་མཐོ་བ་ཡིན། དུ་བ་འཐེན་པའི་དུས་ཡུན་རིང་ན་ཤི་བའི་ཉེན་ཁ་དེ་བཞིན་ཆེ་བ་ཡིན།
          4.ཆང་འཐུང་དགའ་བའི་མི། ཞིབ་འཇུག་བྱས་པ་ལྟར་ན། རྒྱུ་མའི་འབྲས་ནད་འབྱུང་བའི་ཁྱིམ་རྒྱུད་ཀྱི་མི་ལ་མཚོན་ན། གལ་སྲིད་ཆང་འཐུང་རྒྱུར་དགའ་ན་རྒྱུ་མའི་འབྲས་ནད་འབྱུང་བའི་ཉེན་ཁ་མི་གཞན་པ་ལས་མཐོ་བ་ཡིན།
          5. རྒྱུ་མའི་འབྲས་ནད་དང་རྒྱུ་མའི་ཤ་ལུ་འབྱུང་བའི་ཁྱིམ་རྒྱུད་ཀྱི་མི། །