ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བུད་མེད་ཚོས་སྨན་འཐུང་དུས་མཆིན་པར་སྲུང་སྐྱོབ་བྱེད་དགོས།

སྤེལ་དུས 2018-01-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          1. མི་མང་ཤོས་ཀྱིས་སྨན་རྫས་ལ་དུག་ཡོད་པ་ཤེས་ཡོད་མོད། འོན་ཀྱང་མཆིན་པ་ནི་མིའི་ལུས་པོའི་རྙིང་ཚབ་གསར་འབྱེད་ཀྱི་དབང་བོ་གལ་ཆེན་ཞིག་ཡིན་པའི་ཆ་ནས་སྨན་རྫས་གསར་བརྗེ་བྱེད་པའི་ནུས་པ་གཙོ་བོ་འདོན་གྱིན་ཡོད་པ་ཤེས་མེད།
          2.ཉེ་ལམ《སྨན་དུག》ཟེར་བའི་དུས་དེབ་སྟེང་བཀོད་པའི་ཞིབ་འཇུག་རྩོམ་ཡིག་ལྟར་ན། བུད་མེད་ལ་སྐྱེས་པ་ལས་ཀྱང་སྨན་འབྱུང་རང་བཞིན་གྱི་མཆིན་པའི་གནོད་པ་འབྱུང་སླ་བ་རེད། སྤྱིར་བཏང་གི་སྨན་འབྱུང་རང་བཞིན་གྱི་མཆིན་པར་གནོད་པ་ཞེས་པ་ནི་སྨན་རྫས་བཀོལ་བའི་དུས་སུ་མཆིན་པར་བཟོས་པའི་གནོད་པ་དང་ཡང་ན་ནད་པའི་དམིགས་བསལ་ཅན་གྱི་ལུས་པོའི་རྐྱེན་གྱིས་སྨན་རྫས་ལ་ཚོར་བ་རྣོན་པོ་ཡིན་པ་དང་ཡང་ན་ནད་པའི་དམིགས་བསལ་ཅན་གྱི་ལུས་པོའི་རྐྱེན་གྱིས་སྨན་རྫས་ལ་ཚོར་བ་རྣོན་པོ་ཡིན་པ་དང་ཡང་ན་སྨན་དུག་སེལ་ནུས་ཞན་པས་མཆིན་པར་གནོད་པ་བཟོས་པ་ལ་གོ གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་བཤད་ན། རང་ཉིད་ཀྱི་ལུས་པོའི་རྐྱེན་གྱིས་སྨན་རྫས་དེ་མཆིན་པའི་ནང་རྙིང་ཚབ་གསར་འབྱེད་བྱེད་པའི་དུས་མཚུངས་སུ། མཆིནཔར་གནོད་པ་ཐེབས་སྲིད་པ་རེད། བུད་མེད་ལ་མཚོན་ན། མཆིན་པའི་ནང་གི་སྨན་རྫས་རྙིང་ཚབ་གསར་འབྱེད་བྱེད་པའི་ནུས་པ་དེ་སྐྱེས་པ་ལས་ཞན་པས། དུག་ལྡན་དངོས་རྫས་མཆིན་པའི་ནང་གསོག་སླ་བ་དང་། སྨན་རྫས་ལས་མཆིན་པར་གནོད་པ་ཐེབས་པའི་ཉེན་ཁའང་སྐྱེས་པ་ལས་ཆེ་བ་རེད།
          3.སྔོན་ཆད་ཀྱི་ཞིབ་འཇུག་སྡོམ་རྩིས་ལྟར་ན། ཀྲུང་ལུགས་སྨན་རྫས་བཀོལ་རྗེས་མཆིན་པར་གནོད་པ་ཐེབས་པའི་ཚད་ཕལ་ཆེར་བརྒྱ་ཆའི་བཞི་བཅུར་སླེབས་པ་དང་། གནས་ཚུལ་དེ་རྒན་པའི་ཁྲོད་ལྷག་ཏུ་རྒྱུན་མཐོང་ཡིན། དུས་རྒྱུན་དུ་མི་རྣམས་དང་ལྷག་པར་རྒན་པ་རྣམས་ཀྱིས་ཀྲུང་ལུགས་སྨན་རྫས་བདེ་འཇགས་ཡིན་པས། ཡུན་རིང་དུ་འཐུང་ནའང་གནོད་པ་གང་ཡང་མེད་པར་འདོད་ཀྱིན་ཡོད་མོད། འོན་ཀྱང་ཀྲུང་ལུགས་སྨན་རྫས་ཀྱང་ཡུན་རིང་དུ་འཐུང་ན་མཆིན་པར་གནོད་པ་ཆེ་བ་རེད། དེའི་ནང་དུ་པགས་ནད་ཚན་ཁག་གི་ཀྲུང་ལུགས་སྨན་རྫས་ཀྱིས་མཆིན་པར་གནོད་པ་བཟོ་ཚད་སྨན་རྫས་གཞན་དག་ལས་ཚབས་ཆེན་ཡིན་པ་སྟེ། སྐྲ་ལྷུང་བ་དང་རླན་འབྲུམ་དང་ཤ་བཀྲ་སོགས་ཀྱི་ནད་རིགས་ལ་སྨན་བཅོས་བྱེད་དུས། ཡུན་རིང་དུ་སྨན་འཐུང་དགོས་པས་མཆིན་པར་གནོད་པ་བཟོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན། ཞིབ་འཇུག་ལས་སྡོམ་རྩིས་བྱས་པའི་འབྲས་བུ་ལྟར་ན། ཀྲུང་སྨན་ཁ་ཤས་ཀྱིས་མཆིན་པར་གནོད་པ་བཟོ་བའི་ཚད་ལྷག་པར་ཆེ་བས་དོ་སྣང་ཆེན་པོ་བྱེད་དགོས།
          དེ་མིན་རུས་ནད་ཚན་ཁག་གིས་རུས་ལྷག་སྐྱེས་པའི་ནད་ལ་སྨན་བཅོས་བྱེད་པ་དང་འགྱེལ་རྡབ་རྨས་སྐྱོན་སོགས་ཕྱོགས་ཀྱི་ཀྲུང་ལུགས་སྨན་རྫས་བཀོལ་དུས་མཆིན་པར་གནོད་པ་ཡོད་པའི་ཉེན་ཁར་མཐོང་ཆེན་བྱེད་དགོས། དེ་བས་རྒྱ་ཆེ་བའི་ནད་པས་སྨན་པའི་མཛུབ་སྟོན་འོག་ཏུ་ཚད་གཞི་ལྡན་པའི་སྒོ་ནས་སྨན་རྫས་བཀོལ་དགོས་པར་མ་ཟད། ད་དུང་མཆིན་པའི་ནུས་པར་དོ་སྣང་དང་ཚད་ལེན་བྱེད་དགོས།
          ད་དུང་ཡུལ་ཐོན་ཡུ་གུ་ཤིང་འདྲེས་པའི་ཀྲུང་སྨན་བཀོལ་དུས་མཉམ་འཇོག་བྱེད་དགོས་ཏེ། དེ་བཀོལ་རྒྱུ་མང་དྲགས་ན་མཆིན་རྩ་ལ་གནོད་པ་ཡོད་ཅིང་། གལ་སྲིད་མཇུག་འབྲས་ཚབས་ཆེན་བཟོས་ན་དམིགས་བསལ་གྱི་སྨན་བཅོས་བྱེད་ཐབས་ཀྱང་མེད་དོ།  །