ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ག་འདྲ་ཞིག་ལ་མིག་ནད་བར་འགྲིབ་ཟེར་ཞིང་དེར་ནད་རྟགས་ག་འདྲ་དང་གསོ་བཅོས་བྱེད་ཐབས་ཅི་ཡོད།

སྤེལ་དུས 2018-02-13 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          མིག་ནད་བར་འགྲིབ་ནི་མཐོང་བྱེད་རྒྱལ་མོའི་དྭངས་གསལ་བདར་དབྱིབས་གཟུགས་རབ་རིབ་ཉོག་རྫོབ་ཏུ་གྱུར་པ་ལ་བརྟེན་ནས་འོད་ཚུར་བསྡུ་བའི་ནུས་པ་ཉམས་ཤིང་གཟུགས་འཛིན་ནུས་པའམ་མཐོང་ཤུགས་མར་འགྲིབ་པའི་ནད་ཅིག་སྟེ། འདི་ཉིད་རྒྱུད་འདེད་དང་སྨུག་ཕྱིའི་འོད་ཐིག་འཚོ་བཅུད་ལ་སོགས་པར་འབྲེལ་བ་ངེས་ཅན་ཞིག་ཡོད། ཐོག་མའི་རབ་རིབ་ཀྱིས་གཟུགས་འཛིན་ནུས་པར་ཤུགས་རྐྱེན་ཆེར་མེད་ནའང་ཡུན་གྱིས་ཇེ་སྡུག་ཇེ་ཐུར་སོང་སྟེ་ཐ་ན་མིག་ཞར་འགྲོ་བའི་གནས་ཚུལ་ཡང་འབྱུང་།
          མིག་ནད་བར་འགྲིབ་ནི་མིག་སྔར་འཛམ་གླིང་ཧྲིལ་པོའི་ཁྱོན་ནས་བཤད་ནའང་རྨོངས་ལོང་སྐྱེད་བྱེད་གཙོ་བོ་ཞིག་སྟེ། ད་ལྟ་འཛམ་གླིང་ཡོངས་སུ་ཧ་ལམ་མི་བྱེ་བ་གཉིས་ལྷག་མིག་ནད་བར་འགྲིབ་ཀྱིས་རྐྱེན་པས་རྨོངས་ལོང་དུ་གྱུར་ཡོད་པར་མ་ཟད། བར་འགྲིབ་ཀྱི་ནད་པ་དུང་ཕྱུར་གཅིག་ཙམ་ནི་གཤག་བཅོས་ལ་བརྟེན་ནས་མཐོང་ཤུགས་སླར་གསོ་བྱེད་དགོས་པའི་གནས་སུ་གྱུར་ཡོད།
མིག་མཐིལ་ཁྲག་རྡོལ་བའི་ནད།
          ལོ་ལོན་རྒས་ཚུལ་སྤྱི་ཚོགས་སུ་འགྱུར་བཞིན་པའི་དེང་གི་དུས་འདིར་རྒན་རྒོན་དག་ལ་རྒྱུན་དུ་མིག་མཐིལ་ནས་ཁྲག་རྡོལ་བ་མཐོང་།འདི་ནི་མིག་ནད་ཁོ་ན་མ་ཡིན་པར་ནད་གཞན་དག་ལའང་འབྱུང་ངེས་པའི་སྤྱིའི་ནད་རྟགས་ཙམ་རེད།ཁྲག་རྡོལ་བ་ཉུང་བའི་སྐབས་སུ་ནད་པར་འཕུར་ཙི་ནད་ཡོད་ཅིང་། ཁྲག་མ་རྡོལ་གོང་དུ་མཐོང་བྱེད་དྲ་སྐྱི་ལ་ཟུག་བསླངས་ཚེ་འོད་འཚེར་ཚོར་སྣང་འབྱུང་། དེ་བཞིན་དུ་ཁྲག་རྡོལ་བ་མང་ཚེ་ནག་ཐིག་འབྱུང་ཞིང་མིག་རབ་རིབ་ཏུ་གྱུར་ནས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བའམ། ཡང་ན་འོད་ཚོར་མེད་པར་འགྱུར་བ་ཡིན།
ཉི་འོད་དྲག་པོའི་འོག་ཏུ་མིག་ལ་སྲུང་སྐྱོབ་ཇི་ལྟར་བྱ།
          རྒྱུན་དུ་ཉི་འོད་དྲག་པོའི་འོག་སྡོད་ཡུན་རིང་ན་ངོ་གདོང་ལ་ཕོག་ཐུག་ཆེན་པོ་བཟོ་བ་ཕུད་མཐོང་ཚོར་དྲ་སྐྱིར་རྨས་སྐྱོན་བཟོ་བཞིན་ཡོད།དེས་མིག་རྩ་ནས་ཁྲག་ཐོན་པ་དང་མིག་གི་ནད་གཞི་གཞན་བསླངས་ནས་མཐར་མིག་ཤེད་རིམ་བཞིན་ཉམས་འགྲོ་བཞིན་ཡོད།དེར་བརྟེན་ལོ་ཆུང་དུས་ནས་བཟུང་འཚོ་བའི་གོམས་གཤིས་འགྱུར་ལྡོག་དང་རང་གིས་རང་ལ་གཅེས་སྐྱོང་བྱེད་ཤེས་པ་དང་བྱས་ན་ལོ་ན་མཐོ་རུ་འགྲོ་སྐབས་མིག་ཤེད་ཉམས་པའི་སྣང་ཚུལ་མི་འབྱུང་བ་དང་དེ་མིན་གྱི་ནད་གཞི་གཞན་སྔོན་འགོག་བྱེད་ཐུབ།གཞན་ཡང་དར་མ་དང་གཞོན་ནུའི་ཁྲོད་མིག་ཆུ་བར་མེད་བཞུར་མཁན་མི་ཉུང་བ་ཞིག་ཡོད་པ་དེ་དག་ལོ་ན་ཆུང་དུས་ནས་ཉི་འོད་དྲག་པོའི་འོག་རྒྱུན་རིང་བསྡད་པའི་རྐྱེན་གྱིས་ཡིན།ཉི་འོད་དྲག་པོའི་འོག་ལས་ཀ་དང་འགྲོ་སྐྱོད་སོགས་བྱེད་སྐབས་ངེས་པར་མིག་ཤེལ་ནག་པོ་གྱོན་དགོས་པ་དང་ཡང་ན་རྩྭ་ཞྭ་སོགས་གྱོན་ནས་མིག་ལ་ཉི་འོད་ཐད་ཀར་མི་ཕོག་པ་བྱེད་དགོས།