ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

མི་དར་མས་རྩལ་སྦྱོང་བྱེད་སྐབས་ཀྱི་དོ་སྣང་བྱེད་དགོས་ས་འགའ།

སྤེལ་དུས 2018-03-05 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          གཅིག དུས་ཡུན་རན་པ་འཛིན་དགོས།
          གཟའ་འཁོར་གཅིག་གི་ནང་ཐེངས3ནས་ཐེངས5ལ་རྩལ་སྦྱོང་བྱེད་པ་དང་ཐེངས་རེའི་དུས་ཡུན་སྐར་མ30ནས་སྐར་མ50བར་འཚམ།དུས་ཡུན་སྐར་མ30མན་གྱི་རྩལ་སྦྱོང་ལ་ཕལ་ཆེར་ནུས་པ་མེད། ཆེད་མཁས་པའི་བསམ་འཆར་ཡིན་ན།ཉིན་རེར་དུས་ཡུན་སྐར་མ60ལ་རྐང་ཐང་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ན་ཧ་ཅང་བཟང་།
          གཉིས།ཆེས་བཟང་བའི་རྩལ་སྦྱོང་དུས་ཚོད།
          ཉིན་གཅིག་གི་ཆེས་བཟང་བའི་རྩལ་སྦྱོང་དུས་ཚོད་ནི་མཚན་མོ་ཡིན།སྔ་མོར་མིའི་ལུས་སྟེང་གི་ཁྲག་འབག་པས་སྙིང་ནད་དང་ཁྲག་ནད་ཡོད་པའི་མི་ལ་མཚོན་ན་སྔ་མོར་རྩལ་སྦྱོང་བྱས་ན་ཉེན་ཁ་འབྱུང་སླ།ཡིན་ནའང་མཚན་མོའི་དུས་སུ་ལུས་སྟེང་གི་ཁྲག་ཇེ་དྭངས་སུ་སོང་བས་རྩལ་སྦྱོང་བྱས་ན་ཉེན་ཁ་ཆུང་ལ་ཕན་པ་ཡང་ཆེ།
          མིའི་ལུས་པོའི་མཚམས་ཚིགས་ལྟར་ན།ཆེས་བཟང་བའི་རྩལ་སྦྱོང་དུས་ཚོད་ནི་ཕྱི་དྲོའི་དུས་ཚོད5ཡི་རྗེས་ཡིན། སྐབས་དེར་མི་མང་ཆེ་བའི་ལུས་སྟོབས་རྒྱས་ཤིང་རྐང་ལག་ཡང་མཉེན་པོ་ཡིན་ལ།ལུས་པོའི་ནུས་ཤུགས་ཆེས་བཟང་བའི་དུས་སུ་སླེབས་ཡོད། དེ་མིན་སྐབས་དེར་མིའི་ལུས་པོའི་འགུལ་སྐྱོད་ནུས་པ་ཧ་ཅང་བཟང་བས།རྩལ་སྦྱོང་བྱེད་པའི་དུས་སྐབས་ཆེས་བཟང་པོ་ཞིག་ཡིན།
          རྩལ་སྦྱོང་བྱེད་པའི་དུས་ཚོད་གཏན་འཇགས་ཡིན་ན་བཟང་།མི་རེ་རེའི་འགུལ་སྐྱོད་ཚང་མ་ནི་ཀླད་པས་ཁྲིད་སྟོན་འོག་གྲུབ་པ་ཡིན།ཉིན་རེ་རེར་གཏན་ཁེལ་བྱས་པའི་དུས་ཚོད་ལྟར་ཡར་ལངས་པ་དང་ཟ་མ་ཟ་བ།ངལ་གསོ་བ།བྱ་བ་སྒྲུབ་པ།གཉིད་ཉལ་བ།ལུས་རྩལ་སྦྱོང་བརྡར་བྱེད་པ་བཅས་བྱས་ཏེ། ཆོས་ཉིད་ལྡན་པའི་སློབ་སྦྱོང་དང་འཚོ་བའི་གོམས་སྲོལ་ཆགས་རྗེས།དབང་རྩ་མ་ལག་དང་ཕང་གྲུབ་དབང་བོའི་འགུལ་སྐྱོད་ལའང་ཆོས་ཉིད་ངེས་ཅན་ལྡན་པས།དུས་ཚོད་ལྟར་འགུལ་སྐྱོད་བྱས་ན་ལུས་པོས་ཀྱང་དེ་བཞིན་གྲ་སྒྲིག་བྱ་ངེས་ཡིན།
          གསུམ། རྩལ་སྦྱོང་བྱེད་དུས་དོ་སྣང་བྱེད་དགོས་ས།
          རྩལ་སྦྱོང་བྱེད་པའི་སྔ་གཞུག་ཏུ་སྔོན་འགོག་བྱེད་ཐབས་ངེས་ཅན་སྤྱད་དགོས།དེ་ལྟར་མ་བྱས་ན་རྩལ་སྦྱོང་བྱེད་དུས་རྨས་སྐྱོན་ཕོག་པའི་ཉེན་ཁ་ཆེ།
          རྩལ་སྦྱོང་བྱེད་ས་ཐང་བདེ་པོ་ཡིན་དགོས་པར་མ་ཟད།ད་དུང་མཁའ་དབུགས་དྭངས་མོ་ཡིན་དགོས།
          སྤྲི་དཀར་གྱི་བཅུད་འཛོམས་པའི་ཟས་རིགས་ཟ་དགོས།
          རྩལ་སྦྱོང་བྱེད་པའི་སྔོན་དུ་ཆུ་ཁོལ་རན་པ་འཐུངས་ན།ཪྙིང་དོར་གསར་ལེན་བྱེད་ཐུབ་པ་དང་།རྩལ་སྦྱོང་བྱེད་པའི་སྔོན་ལུས་པོ་དྲོན་པོར་ཡོང་ཐུབ་བར་བྱ་དགོས།དེ་ལྟར་རྩལ་སྦྱོང་བྱས་ན་ལུས་པོར་ཕན་པ་ཆེ།
          རྩལ་སྦྱོང་བྱས་ཚར་རྗེས་ཆུ་ཁོལ་འཐུངས་ན་རྩལ་སྦྱོང་བྱས་རྐྱེན་ལུས་པོའི་ཆུ་ཤོར་བ་དེ་ཁ་གསབ་བྱེད་ཐུབ།
          རྩལ་སྦྱོང་བྱེད་པའི་སྔོན་དུ་ལུས་པོ་ཇེ་དྲོད་དུ་གཏོང་བའི་གྲ་སྒྲིག་བྱ་དགོས།གྲ་སྒྲིག་བྱེད་པའི་དུས་ཡུན་སྐར་མ5ནས་སྐར་མ10ཡིན་དགོས།གྲང་ངར་ཆེ་དུས་གྲ་སྒྲིག་གི་དུས་ཡུན་ཇེ་རིང་དུ་གཏོང་དགོས་པ་དང་།ལྭ་བ་དྲོན་པོ་གོན་དགོས།
          རྩལ་སྦྱོང་བྱས་ཚར་རྗེས་རིམ་བཞིན་ངལ་གསོ་བྱས་ན་ལུས་པོར་ཕན།
          རྩལ་སྦྱོང་བྱས་ཚར་རྗེས་མྱུར་དུ་ལུས་པོ་བཀྲུ་མི་རུང་། རྩལ་སྦྱོང་བྱས་མ་ཐག་ཏུ་ལུས་པོ་བཀྲུས་ན་སྙིང་དང་ཀླད་པར་གནོད་པ་ཡོད།
          དྲོད་ཆེ་བ་དང་གྲང་ངར་ཆེ་བ།ལྷག་པར་གྲང་ཞིང་རླུང་ཆེ་བའི་སྐབས་སུ་རྩལ་སྦྱོང་བྱེད་མི་རུང་།
          ཁོག་སྟོང་དུ་རྩལ་སྦྱོང་བྱེད་མི་རུང་།ཟ་མ་ཟས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་རྗེས་སུ་ད་གཟོད་རྩལ་སྦྱོང་བྱེད་ཆོག དེ་མིན་ད་དུང་ཉལ་ཁ་རྩལ་སྦྱོང་བྱེད་ཚད་དྲག་ན་གཉིད་མི་ཡོང་བའི་ཉེན་ཁ་ལྡན།
          རྩལ་སྦྱོང་བྱེད་དུས་བདེ་མོ་ཡིན་པའི་གྱོན་པ་གོན་དགོས་པ་དང་།རྩལ་སྦྱོང་བྱས་ཚར་རྗེས་ཀྱི་གཙང་སྦྲར་དོ་སྣང་བྱ་དགོས།
          རྩལ་སྦྱོང་བྱེད་དུས་རྨས་སྐྱོན་བྱུང་ན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།