ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་སོག་གསོ་རིག་ལས་ཁམས་གསོ་བདེ་སྲུང་དང་སྲོལ་རྒྱུན་བཅོས་ཐབས་སྐོར། གཉིས།

སྤེལ་དུས 2018-04-12 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          སྔོ་ཚོད་ཚོད་མ་ནི་སྐམ་ཤས་ཆེ་བའི་ས་ཆ་རུ་སྐྱེ་བས་དྲོ་བ་དང་ཡང་བའི་རང་བཞིན་ལྡན།ཡིན་ཡང་བཞའ་ཚན་ཆེ་བའི་ས་ཁུལ་དུ་སྐྱེ་བ་ཡིན་ན་བསིལ་བ་དང་ལྕི་བའི་རང་བཞིན་གྱི་སྨན་རིགས་ཀྱི་ཁོངས་སུ་གཏོགས་པ་རེད། དྲོ་བ་དང་ཡང་བའི་རང་བཞིན་ཡིན་ན་མཁལ་མ་དང་གྲུམ་ནད་གསོ་བཅོས་བྱེད་པར་ཕན་པ་དང་། བསིལ་བ་དང་ལྕི་བའི་རང་བཞིན་ཡིན་ན་གཉན་ཚ་རྒྱས་པའི་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་པར་ཕན།
          གཤེར་གཟུགས་ཟས་རིགས་ལས་བོད་སོག་གསོ་བ་རིག་པའི་གཞུང་ལུགས་ཁྲོད་འོ་མ་དང་ཆུ། ཆང་སོགས་ཀྱི་བྱེད་ནུས་གཙིགས་སུ་འཛིན་ཏེ།
          (གཅིག) བོད་སོག་གསོ་བ་རིག་པའི་གཞུང་ལུགས་ལས་འོ་མའི་སྨན་ནུས། འོ་མ་ནི་མངར་བའི་རིགས་སུ་གཏོགས་པས་བཞིན་ལ་དམར་མདངས་རྒྱས་ཤིང་སྣུམ་ཞག་དོད་པ། ཤ་མདངས་ལ་འོད་ལྡན་པར་བྱ་ཐུབ་ལ། བསིལ་བ་དང་ལྕི་བའི་རང་བཞིན་གྱི་སྨན་རིགས་ཡིན་པས་བད་ཀན་འཕེལ་བར་བྱེད། བཞོན་མའི་འོ་མས་གློ་གཅོང་གི་ནད་བཅོ་ཐུབ་པར་མ་ཟད། མགོ་ཡུ་འཁོར་བ། གློ་ལུ་དང་ལྟོགས་སྐོམ། གཅིན་པ་གཏོང་མི་ཐུབ་པ་སོགས་ལ་སྨན་ནུས་ཐོན་གྱི་ཡོད།
          ར་མའི་འོ་མ་ནི་ཡང་བའི་རང་བཞིན་གྱི་སྨན་ཡིན་ལ། དབུགས་ལེན་དཀའ་བ་དང་། ཕོ་བ་བཤལ་བ། དེ་མིན་ཚ་རྒྱས་ནས་ཁྲག་ཐོན་པའི་ནད་རིགས་བཅོས་སྐྱོང་བྱེད་པར་ཕན།
          འོ་མ་རློན་པ་ནི་བསིལ་བ་དང་ལྕི་བའི་རང་བཞིན་གྱི་སྨན་རིགས་ཡིན། བཞོས་མ་ཐག་པའི་འོ་མ་ནི་བཅུད་དང་ལྡན་པ་ཞིག་ཡིན་པས་ལུས་ཟུངས་གསོ་བར་ཕན་པ་ཆེན་པོ་ལྡན། ཡིན་ཡང་འོ་རྐྱང་འཐུང་ན་འཇུ་དཀའ།
          (གཉིས) བོད་སོག་གསོ་བ་རིག་པའི་གཞུང་ལུགས་ལས་ཆུའི་སྨན་ནུས། སྨན་གྱི་ནང་དུ་བཀོལ་ཆོག་པའི་ཆུ་ནི་ཆར་ཆུ་དང་། གངས་ཆུ། གཙང་ཆུ། ཆུ་མིག ཁྲོན་ཆུ། མཚོ་ཆུ། ནགས་ཆུ་བཅས་ཡིན། དེའི་ནང་ཆར་ཆུ་ནི་ཆེས་བཟང་བའི་ཆུ་རིགས་ཡིན། བར་སྣང་ནས་མར་འབབ་པའི་གོ་རིམ་ཁྲོད་ཉི་འོད་དང་ཟླ་འོད། རླུང་སོགས་ལ་འཕྲད་ཀྱི་ཡོད་ཅིང་། ཁམས་དྭངས་པར་བྱེད་པས་བདུད་རྩི་དང་འདྲ། ཁོད་ཡངས་པའི་ས་ཆ་ནས་ཆུ་གཙང་མར་བླངས་པ་དེས་སྨན་བཅོས་ཀྱི་ནུས་པ་བཟང་པོ་ཐོན་གྱི་ཡོད།
          རྙོག་རྫོབ་ཆེ་བའི་ཆར་ཆུའི་ནང་དུ་མི་གཙང་བའི་དངོས་པོ་མང་ལ་ཉི་འོད་དང་ཟླ་འོད་ཀྱང་མི་ཕོག་པས་སྨན་བཅོས་ཀྱི་བྱེད་ནུས་འདོན་མི་ཐུབ།
          ཆུ་འཁྱགས་ཀྱིས་ཆང་བཅུད་ནད་དུག་ཕོག་པ་དང་། དྲན་པ་ཉམས་པ། སྐྱུག་ལངས་པ། མགོ་ཡུ་འཁོར་བ་སོགས་བཅོ་ཐུབ་ཀྱི་ཡོད། ཆུ་ཁོལ་འཁྱགས་པོར་གྱུར་རྗེས་ཡང་བའི་རང་བཞིན་གྱི་སྨན་རིགས་ལ་གཏོགས་པས་མཁྲིས་ནད་ལ་ཕན།
          (གསུམ) བོད་སོག་གསོ་བ་རིག་པའི་གཞུང་ལུགས་ལས་ཆང་གི་སྨན་བཅོས་བྱེད་ཐབས། ཆང་བཅུད་ཀྱིས་ཟས་རིགས་འཇུ་བར་རོགས་བྱེད་ཐུབ་པ་དང་། རང་བཞིན་མངར་སྐྱུར་ཁ་གསུམ་དང་ལྡན་པས་གཉིད་ཡེར་བའི་ནད་བཅོ་ཐུབ།
          ཤ་སྐམ་རུས་སྐམ་གྱི་མིས་ཆང་འོས་འཚམ་རེ་འཐུང་ན་ལུས་པོ་བདེ་ཐང་ཡོང་བར་ཕན། ལོ་ཆང་ནི་རླུང་ནད་དང་བད་ཀན་གསོ་བར་ཕན་པ་ཡོད་རུང་། མང་དུ་འཐུང་ན་དུག་ཏུ་འགྱུར་ངེས། མུ་འགོད།