ཨ་མར་ཆམ་ནད་ཕོག་ཚེ་འོ་མ་སྟེར་མཚམས་འཇོག་དགོས་སམ།
སྤེལ་དུས 2018-04-24
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཨ་མས་ཕྲུ་གུར་འོ་མ་སྟེར་སྐབས། ཚ་བ་རྒྱག་པ་དང་། གློ་རྒྱག་པ། གྲོད་པ་བཤལ་བ་སོགས་མི་བདེ་བའི་སྣང་ཚུལ་ཐོན་སྲིད། དེའི་སྐབས་ནུ་མའི་ཆ་ཤས་སུ་ཐག་དབྱིབས་ཆུ་ཐོར་དང་ནུ་མའི་གཤེར་རྨེན་གཉན་ཚད་སོགས་དང་དོས་དྲག་འགོ་ནད་མིན་ཚེ་མུ་མཐུད་ཨ་མས་ཕྲུ་གུར་འོ་མ་སྟེར་ཆོག
དབུགས་ལམ་གྱི་འགོ་ནད་དང་འཇུ་ལམ་གྱི་ནད་འབུ་ཨ་མའི་འོ་མ་བརྒྱུད་ཕྲུ་གུར་འགོས་མི་སྲིད། ཨ་མའི་ལུས་པོའི་ནང་གི་ནད་འབུར་དམིགས་ནས་ཐོན་པའི་དུག་སྲིན་འགོག་རྫས་དཔེར་ན། ནད་འགོག་ཟླུམ་དབྱིབས་སྤྲི་དཀར་ཨ་མའི་འོ་མ་བརྒྱུད་ཕྲུ་གུར་ཆགས་ཐུབ།
ནུ་མའི་ཆ་ཤས་སུ་གཉན་ཁ་རྒྱས་པའམ་ཡང་ན་འགོ་ནད་མིན་ཚེ་ཨ་མར་ཆམ་ནད་ཕོག་ནའང་ཕྲུ་གུར་མུ་མཐུད་འོ་མ་སྟེར་ཆོག