ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ལུགས་གསོ་རིག་གི་སེམས་རིག་སྐོར་གྱི་བྱུང་འཕེལ་ཆེས་ཉུང་ངུར་བརྗོད་པ།

སྤེལ་དུས 2018-05-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
           རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་མཁས་པས་ར་འཕྲོད་བྱུང་བ་ལྟར། འཛམ་གླིང་གི་གཙུག་ཏོར་ལྟ་བུའི་རི་མཐོ་ཞིང་ས་གཙང་བའི་མདོ་དབུས་མཐོ་སྒང་སྟེང་དུ་ལོ་ངོ་ཁྲི་ཕྲག་དུ་མའི་གོང་རོལ་ནས་མིའི་འགྲོ་བ་བྱུང་ཡོད་པ་དང་། མིའི་རིགས་དར་བ་དང་དུས་མཚུངས་མིའི་ལུས་སེམས་ལ་བར་དུ་གཅོད་པའི་ནད་རིགས་ཀྱང་དུས་མཉམ་དུ་བྱུང་ཞིང་།     བོད་རིགས་ངལ་རྩོལ་མི་དམངས་ཀྱིས་མཚོ་བོད་མཐོ་སྒང་ཞེས་དམིགས་བསལ་ལྡན་པའི་རང་བྱུང་ཆེན་པོའི་ཁོར་ཡུག་འདིའི་ཁྲོད་དུ་འཚོ་གནས་དང་སྐྱེ་འཕེལ་གྱི་སླད་དུ་ནད་རིགས་དང་འཐབ་རྩོད་བྱས་པ་བརྒྱུད་སྨན་བཅོས་བྱེད་སྒོ་དར་བ་དང་།   བོད་ལུགས་གསོ་རིག་གི་སེམས་རིག་སྐོར་གྱི་བསམ་བློའི་མྱུ་གུ་གསར་པའང་དེ་དང་བསྟུན་ནས་གངས་ལྗོངས་སུ་འབུས་འགོ་བརྩམས་པ་རེད།  
          སྐབས་དེ་དུས་མི་རྣམས་ཀྱིས་ཟས་སུ་ཤིང་ཏོག་དང་མ་རྨོས་པའི་ལོ་ཏོག་སོགས་ཟ་བ་དང་།    གོས་སུ་ཤིང་ལོ་གྱོན་པ་བཅས་འཚོ་བའི་ཆུ་ཚད་ཧ་ཅང་དམའ་བ་དང་ཐོན་སྐྱེད་ལག་རྩལ་ཤིན་ཏུ་རྗེས་ལུས་ཡིན་པས་རང་བྱུང་ཁམས་ཀྱི་སྣང་ཚུལ་མཐའ་དག་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་མི་ཐུབ་པ་ལྟར་ལུས་ཁམས་ལ་བྱུང་བའི་ནད་རིགས་ལའང་རང་བྱུང་གི་སྟོབས་ལས་བརྒལ་བའི་ལྷ་འདྲེ་གང་ཞིག་གིས་བསམ་བཞིན་སྐྱེད་པའམ་གནོད་པ་ཡིན་པར་ངོས་འཛིན་བྱས་ཡོད་པའི་བཤད་ཚུལ་དེ་ནི་གནའ་དེང་ཕྱི་ནང་གི་ཁུངས་བཙན་གྱི་ལོ་རྒྱུས་དུ་མར་བསྟན་ཡོད་ལ། དངོས་ཡོད་ཀྱི་ལྟ་ཚུལ་དང་མཐུན་པ་ཞིག་ཀྱང་རེད།  གདོད་མའི་དུས་དེར་ཐོན་སྐྱེད་ལག་རྩལ་ཧ་ཅང་རྗེས་ལུས་ཡིན་པས་སྨན་དཔྱད་ཀྱི་ཤེས་བྱ་ཉུང་ཞིང་ནད་རིགས་གསོ་བཅོས་བྱེད་སྟངས་གཙོ་བོ་ནི་སེམས་ཁམས་ཀྱི་གསོ་ཐབས་ཏེ། ལྷ་གསོལ་འདྲེ་སྐྲོད་སོགས་ཀྱི་ཐབས་ཤེས་སྤྱོད་བཞིན་ཡོད་ལ་དེར་ཕྱི་ལུགས་གསོ་བ་རིག་པའི་ལོ་རྒྱུས་སུ་“ལྷན་ནུས་ལ་བརྟེན་ནས་གསོ་བཅོས་བྱེད་པའི་དུས་རབས་”(本能的治疗时代)ཞེས་འབོད་པ་དང་། གདོད་མའི་གསོ་རིག་གི་སེམས་ཁམས་རིག་པའི་བསམ་བློ་ཡང་ལྷ་གསོལ་འདྲེ་སྐྲོད་སོགས་ཀྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་སུ་ཕྱིན་པ་ཞིག་རེད།  
          བོད་མི་རྣམས་ཀྱིས་ཟས་མ་ཞུ་བའི་སྐབས་ཆུ་ཚན་འཐུང་བ་དང་།  རྨ་ཁ་ནས་ཁྲག་དོན་སྐབས་རི་དྭགས་ཀྱི་པགས་སྤུས་གླན་པ་སོགས་རང་བྱུང་ཁམས་དང་འབྲེལ་འདྲིས་ཡུན་རིང་བྱས་པའི་ཉམས་མྱོང་བསགས་པ་ལས། རང་གི་ངལ་རྩོལ་གྱི་ནུས་ཤུགས་ལ་བརྟེན་ནས་སྨན་དཔྱད་ཉིད་རིམ་བཞིན་ནད་རིགས་དང་འཐབ་རྩོད་བྱེད་པའི་ལག་ཆ་གཙོ་བོར་གྱུར་ནས་དེས་ལྷ་གསོལ་འདྲེ་སྐྲོད་ཀྱི་སེམས་ཁམས་གསོ་ཐབས་ལ་ཚད་བཀག་ཐེབས།  དེ་ལྟར་སེམས་ཁམས་ཀྱི་གསོ་ཐབས་དེ་སྨན་དཔྱད་བཅོས་ཐབས་ཀྱི་སྔོན་དུ་བྱུང་བ་དང་།  སྨན་བཅོས་ཀྱི་ཆུ་ཚད་རིམ་བཞིན་གོང་འཕེལ་སོང་བས་སེམས་ཁམས་ཀྱི་གསོ་ཐབས་དེ་ཕལ་པ་དང་སྨན་བཅོས་གཙོ་བོར་གྱུར་པ་རེད། སྣང་ཚུལ་དེ་ནི་གསོ་རིག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཡོངས་ཁྱབ་ཏུ་ཡོད་ལ།   གངས་ལྗོངས་གསོ་རིག་གི་སེམས་རིག་སྐོར་གྱི་ནང་དོན་ཡང་དེ་མཚུངས་སོ། །  
          བོད་ཡུལ་འདི་བཞིན་སྤྱི་ལོའི་སྔོན་གྱི་ལོ་ངོ་ལྔ་བརྒྱའི་ཡས་མས་ཀྱི་དུས་ལ་སླེབས་སྐབས།  ད་ལྟའི་མངའ་རིས་སམ་ཞང་ཞུང་གི་ཡུལ་ལ་སྔ་རབས་བོད་ཀྱི་ཤེས་རིག་དར་ཡོད་པ་(ཤེས་བྱ་སྤྱིའི་ཁོག་དབུགས་》སོགས་ཚད་ལྡན་ལོ་རྒྱུས་རྣམས་སུ་འཁོད་ཡོད་ལ། དེའུ་དམར་པའི་(ཟབ་གསལ་སྙིང་གི་ཐིག་ལེ་》སོགས་ད་ཡོད་ཀྱི་གསོ་རིག་དཔྱད་ཡིག་རྣམས་སུ་དེའི་དུས་ཀྱི་སྨན་རིག་ལག་རྩལ་གྱི་ཤེས་བྱ་ཞིབ་གསལ་དུ་འཁོད་པ་སོགས་ལ་གཞིགས་ན།  སྐབས་དེར་བོད་གནའ་རབས་ཀྱི་སྨན་དཔྱད་ཤིན་ཏུ་དར་ཏེ་མིའི་ལུས་ཁམས་ཀྱི་ནད་རིགས་དེ་ལྷ་འདྲེ་ལ་འབྲེལ་བ་མེད་པར་རང་བྱུང་གི་རྒྱུ་རྐྱེན་ལས་བྱུང་བ་ཡིན་པ་རྟོགས་ཡོད་པ་ང་ཚོས་ཤེས་ཐུབ་ཅིང་།  ཕྱི་རོལ་གྱི་སྣང་ཚུལ་འབྱུང་བ་ས་ཆུ་མེ་རླུང་བཞི་པོ་དེའང་སྐབས་དེར་གཞི་ནས་གསོ་རིག་ཁྲོད་དུ་ཚུར་དྲངས་ནས་བེད་སྤྱོད་བྱས་པ་ཞིག་ཡིན་པར་སེམས་ལ།  རྗེས་སུ་བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིར་གྱུར་པ་འདི་བཞིན་ལགས།    
          དེ་ཡང་ལོ་རྒྱུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་བོད་ཁམས་འདི་བཙན་པོའི་རྒྱལ་རབས་ལ་སླེབས་ཙ་ན། རྒྱལ་པོ་སྒེར་ལ་ཆེད་དུ་མངགས་པའི་བླ་སྨན་གྱི་སྲོལ་དར་བ་དང་།   རྫས་སྦྱོར་རིག་པ་ལ་བརྟེན་ནས་ནད་རིགས་གསོ་བཅོས་བྱེད་པ། དེ་བཞིན་མིག་ལ་བཤག་བཅོས་བྱེད་པ་སོགས་གསོ་རིག་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་པ་དང་།    ལྷག་དོན་ཆོས་རྒྱལ་སྲོང་བཙན་གྱིས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་མཛད་ནས་བོད་སྤྱིའི་སྐད་དང་མཐུན་པའི་ཡི་གེ་བཟོས་ཏེ་མི་རིགས་རང་གི་ཤེས་རིག་འཕེལ་རྒྱས་གཏོང་རྒྱུར་རིན་ཐང་བྲལ་བའི་རྨང་གཞི་བཏོད་ཅིང་།  རྒྱ་དཀར་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འབྲེལ་བ་བྱས་ཏེ་རིག་གནས་བརྗེ་རེས་བྱེད་པའི་སྲོལ་བཟང་བཙུགས་པ་སོགས་ཀྱིས།   བོད་ཀྱི་ཚབ་དཔལ་རིག་གསུམ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་། དེ་དང་ཆབས་ཅིག་རང་རེའི་གསོ་དཔྱད་སྨན་གྱི་རིག་པ་དེའང་རྒྱ་མཚོའི་རླབས་ཕྲེང་བཞིན་མཁའ་ནས་མཁའ་ལ་འཕྱུར་བའི་དུས་རབས་ཤིག་ལ་སླེབས་པ་རྒྱ་བོད་ལོ་རྒྱུས་སུ་གསལ་བ་དང་། ལྷག་དོན་དུས་རབས་བརྒྱད་པར་མི་རིགས་རང་ཉིད་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པའི་དཔལ་ལྡན་རྒྱུད་བཞི་བྱུང་བ་དེས།   བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་དུས་རབས་ལས་བརྒལ་བའི་རླབས་ཆེན་བྱ་གཞག་གི་རྡོ་རིང་ཆེན་པོ་ཞིག་བསྐྲུན་པ་མཚོན་ཡོད་ཁར།   བོད་ཀྱི་ཚན་རིག་ལོ་རྒྱུས་སྟེང་གི་གཞུང་ལུགས་འགངས་ཆེན་ཞིག་ཀྱང་ཡིན་པས།   ཤེས་རིག་གླིང་དུ་དེ་ལ་གསོ་རིག་ཚན་རྩལ་ཀུན་འདུས་ཀྱི་བསྟན་བཅོས་ཆེན་པོ་ཞེས་བརྗོད་པའང་དོན་ལ་གནས་ཤིང་།   དེས་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་གསར་དུ་བཏོད་ཅིང་།  བོད་ཀྱི་གསོ་བ་རིག་པ་དང་སྨན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་ནས་ཆུ་ཚད་མཐོ་པོར་སླེབས་ཡོད་པ་མཚོན་ཐུབ་ལ།  བོད་ལུགས་གསོ་རིག་སེམས་ཁམས་རིག་པའི་གཞུང་ལུགས་ཀྱི་མ་ལག་ཀྱང་དེ་ནས་འགོ་ཚུགས་ཏེ་གྲུབ་པ་རེད་ཅེས་སྨྲས་ཆོག་སྟེ།   དེ་ཡང་སེམས་བྱུང་འདོད་ཁྲོ་གཏི་གསུམ་མམ་ཉོན་མོངས་དུག་གསུམ་པོ་ཕྱི་ནང་གི་འབྱུང་བ་ས་ཆུ་མེ་རླུང་གི་མཚན་ཉིད་དང་སྦྱར་ཏེ་གསོ་རིག་སེམས་ཁམས་རིག་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཁྱད་མཚར་བ་ཞིག་བཏོད་པ་དང་། རླུང་མཁྲིས་བད་གསུམ་ལ་བརྟེན་ནས་མིའི་རང་བཞིན་གྱི་རྣམ་པ་མི་འདྲ་བ་དུ་མར་འགྱུར་གྱི་ཡོད་པ་གསལ་པོར་བརྗོད་དེ་མི་གཤིས་སེམས་ཁམས་རིག་པའི་རྣམ་བཤད་ཅིག་བསྐྲུན་པ། དེ་བཞིན་རྨི་ལམ་སོགས་སེམས་ཁམས་ཀྱི་སྣང་ཚུལ་དང་། སེམས་ཁམས་ཀྱི་ནད་རིགས། སེམས་ཁམས་ཀྱི་གསོ་ཐབས་བཅས་ནད་ཐོག་གི་བརྗོད་དོན་ཚར་དུ་དངར་བ་བཀོད་ཡོད་པ་སོགས་ལས། དུས་དེར་བོད་ཀྱི་གསོ་རིག་དང་གསོ་རིག་སེམས་ཁམས་རིག་པ་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཡོད་པ་རྟོགས་ཐུབ་བོ།།  
          དེ་ལྟར་ཆོས་རྒྱལ་རིམ་བྱོན་གྱི་མཛད་འཕྲིན་ལས་བོད་ཀྱི་གསོ་རིག་བྱ་གཞག་འདི་ཉིད་ཡར་རྒྱས་གོང་འཕེལ་གྱི་བགྲོད་ལམ་ཆེན་པོ་ཞིག་གི་སྟེང་དུ་བསྐྱོད་ཐུབ་པ་བྱུང་ཡོད་རུང་།    མཐར་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ཡོངས་སུ་ཉམས་ཏེ་བོད་ཁམས་སིལ་བུར་འཐོར་སོང་བ་དང་གཅིག དུས་ཕྱིས་ཀྱི་བོད་ཀྱི་ཚེ་རིག་པ་ཚོས་དུས་ཡུན་རིང་པོ་ཞིག་གི་ནང་དུ་ཞིབ་འཇུག་དང་དབྱེ་ཞིབ་ལ་བརྟེན་ནས་རྒྱུ་མཚན་དང་གནས་ལུགས་བཙལ་རྒྱུར་དོ་སྣང་མ་བྱས་པ་དང་གཉིས།   སྲོལ་རྒྱུན་ཁོ་ན་དང་རྒྱུད་ཚིག་བློ་འཛིན་ངག་སྐྱོར་བྱེད་རྒྱུ་སློབ་གསོའི་ཨང་དང་པོར་བཞག་པ་དང་གསུམ་བཅས་ཀྱིས། བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་དེ་ཙམ་ཆེན་པོ་བྱུང་མ་ཐུབ་པ་དང་། སེམས་རིག་སྐོར་ནས་བཤད་ན་དེ་བས་ཀྱང་འཕེལ་རྒྱས་ཆེན་པོ་གཏོང་ཐུབ་མེད་པ་རེད།