ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ལུགས་གསོ་རིག་གི་སེམས་ཁམས་འཕྲོད་བསྟེན།

སྤེལ་དུས 2018-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
            སེམས་ཁམས་ཀྱི་འཕྲོད་བསྟེན་ཞེས་པ་ནི་ཐ་སྙད་གསར་པ་ཞིག་ཡིན་ལ། དེར་ཡིད་ཁམས་བདེ་སྲུང་(精神保健)ཞེས་ཀྱང་འབོད། སྤྱིར་བཏང་མི་རྣམས་ཀྱིས་གོམས་སྟོབས་ལས་འཕྲོད་བསྟེན་(卫生)ཞེས་པར་སྒྲ་དོག་འཇུག་གི་གོ་དོན་ཏེ་གད་བདར་གཙང་སྦྲ་དང་།  གཟུགས་འཁྲུད་ཟས་གཙང་སོགས་ལུས་ཁམས་འཕྲོད་བསྟེན་ཁོ་ནར་མ་གཏོགས་མི་གོ་ཡང་།  དོན་དུ་འཕྲོད་བསྟེན་ཞེས་པའི་ནང་དུ་ལུས་སེམས་གཉིས་ཀྱིས་བསྡུས་པའི་འཕྲོད་བསྟེན་མཐའ་དག་ཚུད་ཡོད་པ་མ་ཟད།  སེམས་ཁམས་འཕྲོད་བསྟེན་ཉིད་འཕྲོད་བསྟེན་གྱི་གཙོ་བོའི་ཕྱོགས་ཡིན།   
            བོད་ལུགས་གསོ་རིག་ཏུ་སེམས་ཁམས་འཕྲོད་བསྟེན་ལ་དོ་སྣང་དང་དེའི་སྐོར་གྱི་ཤེས་བྱ་མང་དུ་ཡོད་པར་མ་ཟད། དེའང་གནས་སྐབས་དང་མཐར་ཐུག་གི་སེམས་ཁམས་འཕྲོད་བསྟེན་གཉིས་ལས་ཕྱི་མ་གནད་དུ་འཛིན་གྱི་ཡོད།   
            གནས་སྐབས་ཀྱི་དབང་དུ་བཤད་ན།  ཡིད་སེམས་བདེ་ན་ལུས་པོའི་སྡུག་བསྔལ་ཆེན་པོ་ཟིལ་གྱིས་མནན་ནས་སྡུག་བསྔལ་དུ་མི་ཚོར་བ་དང་།  སེམས་མ་བདེ་ན་ལུས་འདོད་ཡོན་ལྔ་ཡིས་བསྐོར་ཡང་བདེ་བ་གཏན་ནས་མི་ཚོར་ཏེ།  རྒྱུ་མཚན་ནི་སེམས་དེ་ལུས་ལ་དབང་བསྒྱུར་མཁན་དང་ལུས་དེ་སེམས་ཀྱི་དབང་བསྒྱུར་བྱ་ཡིན་པས་སོ།  །ནད་རིགས་དངོས་སུ་སློང་བར་བྱེད་རྐྱེན་དང་། གསོ་དཀའ་སླ། ཟུག་རྔུ་བདེ་སྡུག་གི་ཚོར་བའི་ཆེ་ཆུང་སོགས་ནད་ཐོག་ཁྲོད་སེམས་ཀྱི་རྒྱུ་རྐྱེན་དེ་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལས་མི་དམན་པ་ཡིན་ཚུལ་ཕྱི་ནང་གསོ་རིག་གི་གཞུང་དང་སྨན་པའི་མྱོང་བ་སོགས་གང་ནས་བལྟས་ཀྱང་གསལ་པོར་རྟོགས་ཐུབ་པ་དང་། གཞན་བོད་ཀྱི་གཞུང་དུ་“ན་ཚ་ལམ་ཁྱེར་གྱི་གདམས་པ”ཞེས་གང་ཟག་རབ་རྣམས་ཀྱིས་འདུ་ཤེས་བསྒྱུར་བའི་ཚུལ་གྱིས་ནད་ལམ་དུ་ཁྱེར་བའི་ལོ་རྒྱུས་ཀྱི་དན་རྟགས་མཆིས་པའང་སེམས་ཁམས་ཀྱི་འཕྲོད་བསྟེན་ནམ་བསམ་པའི་ནུས་སྟོབས་ལ་རག་ལུས་པ་བསྟན་ཡོད།  
            དེ་ཡང་རང་རེའི་རྒྱུད་ལས་བསྟན་པའི་ཟས་སྤྱོད་དང་ཐ་མལ་ནད་མེད་སོགས་ནི་དེང་གི་སྐད་གསར་གྱིས་བཤད་པའི་བདེ་སྲུང་ངམ་བདེ་ཐང་རིག་པའི་(保健学)སྐོར་ཡིན་ལ། དེར་ད་ལྟའི་རང་རིགས་ཀྱི་གཞོན་ནུ་ལ་ལས་བདེ་ཐང་རིག་པ་ཞེས་དངོས་སུ་གསལ་ཁ་བཏོན་ཏེ་ཆེད་རྩོམ་ཡང་སྤེལ་འདུག  བདེ་ཐང་རིག་པའི་བརྗོད་དོན་གཙོ་བོ་ནི་མཐར་གཏུགས་ན་ལུས་སེམས་གཉིས་ཀ་ཟུང་འབྲེལ་ལམ་ཐུན་མོང་དུ་མི་ན་བ་གནས་པར་བྱས་ཏེ་(心身保健)བདེ་ཐང་ངམ་འཕྲོད་བསྟེན་ལེགས་པོ་ཡོང་རྒྱུ་དེ་ཡིན་ཞིང་། དེ་བཞིན་བོད་ཀྱི་ཐ་མལ་ནད་མེད་ཀྱི་རིག་གཞུང་སྐོར་ལས་ཀྱང་ལུས་སེམས་གཉི་གའི་བདེ་སྲུང་ངམ་འཕྲོད་བསྟེན་གསུངས་ཡོད་ལ།   ལྷག་ཏུ་སེམས་ཁམས་འཕྲོད་བསྟེན་གྱི་སྐོར་ནས་བཤད་ན། བོད་མི་རིགས་ཀྱི་བསམ་པའི་ཁྱད་ཆོས་ལ་གཞིགས་ཏེ་ཐུན་མོང་མ་ཡིན་ཞིང་ཁྱད་དུ་འཕགས་པའི་རྣམ་བཤད་གང་མང་མཛད་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་བཀོད།   ལར་གངས་རིའི་ཞིང་ཁམས་སུ་གནས་པའི་མི་རིགས་འདིའི་འཚོ་བའི་ཆ་རྐྱེན་དང་། དངོས་པོའི་ལོངས་སྤྱོད། ལུས་པོའི་འཕྲོད་བསྟེན་སོགས་གཞན་པའི་མི་རིགས་ལ་ལའི་དོ་ཟླར་མི་ནུས་ཀྱང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཤན་ཞུགས་འོག་བོད་མི་རྣམས་ནི་ངང་རྒྱུད་བཟང་ཞིང་གཡོ་སྒྱུ་ཆུང་བ་དང་། འདོད་ཆུང་ཆོག་ཤེས་བྱེད་མཁས་པ་སོགས་སེམས་ཁམས་ཀྱི་འཕྲོད་བསྟེན་དེ་ཉིད་ཤིན་ཏུ་ནས་གཙིགས་ཆེན་པོར་འཛིན་གྱི་ཡོད་པ་རེད།