གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

གཟུགས་པོ་བདེ་མ་ཐང་མ་ཡིན་པའི་ཚད་གཞི་བཅུ།

སྤེལ་དུས 2018-06-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            གང་འདྲ་བྱས་ན་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཐུབ་བམ་ཞེ་ན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་དབྱེ་ཞིབ་བྱས་ནས་ཞིབ་ཕྲའི་ཚད་གཞི་བཅུ་ཕྱོགས་སྡོམ་བྱས་པ་གཤམ་གསལ་ལྟར།
           1.སེམས་ཤུགས་ངེས་ཅན་ལྡན་དགོས་ཤིང་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་དཀའ་ངལ་འཕྲད་དུས་འཚབ་འཚུབ་དང་དངངས་སྐྲག་ཆེན་པོ་མ་སྐྱེས་པར་ཁ་གཏད་ཡག་པོ་གཅོག་ཐུབ་པ། 
           2.གནད་དོན་ཐག་གཅོད་བྱེད་སྐབས་བསམ་བློ་ཡག་པའི་ཕྱོགས་སུ་གཏོང་ཐུབ་པ་དང་དེར་འགན་འཁྲི་ཡག་པོ་འཁུར་བ།
           3.ངལ་གསོ་ངེས་ཅན་བརྒྱབ་པ་དང་གཉིད་དུས་ཐོག་ཏུ་ཁུག་པ།
           4.སྟབས་བསྟུན་གྱི་ནུས་པ་ཡག་པོ་ཡོད་པ་དང་གནས་ཚུལ་གང་ཡིན་དེ་དང་འཚམ་པའི་ཐབས་ཇུས་འདོན་མཁས་པ། 
           5.རྒྱུན་གཏན་གྱི་ཆམ་ནད་དང་འགོས་ནད་ལ་སྔོན་འགོག་ཡག་པོ་བྱེད་ཐུབ་པ།
           6.གཟུགས་པོའི་ལྗིད་ཚད་ཚད་དང་མཐུན་པ་དང་གཟུགས་པོའི་བོངས་ཚད་ཆ་སྙོམས་པོ་ཡོད་པ།
           7.མིག་ཁྲ་ལམ་མེར་ཡོད་ལ་གཉན་ཁ་རྒྱབ་མི་སླ་ཞིང་ཚོར་བ་སྐྱེན་པོ་ཡོད་པ།
           8.སོ་གཙང་ཞིང་རུལ་པ་མེད་པ་དང་སོ་རྙིལ་དམར་མདངས་རྒྱས་ལ་ཁྲག་མི་དོན་པ།
           9.སྐྲ་ལོ་གནག་ཅིང་སྣུམ་པ་དང་། སྐོགས་ལྤགས་མེད་པ།
           10.པགས་པ་མཉེན་ཞིང་འཇམ་ལ་གོམ་པ་སྤོ་སྐབས་ཡང་ཤ་དོད་པོ་ཡོད་པ།