ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

དགུན་ཁར་ལུས་སྟོབས་གསོ་བའི་ཐབས་དམ་པ་དྲུག

སྤེལ་དུས 2018-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             དུས་ཚིགས་བཞི་དང་བསྟུན་ནས་དྲོད་གྲང་ལ་མཉམ་འཇོག་བྱེད་དགོས་ཏེ། དབྱར་ཁ་དང་དཔྱིད་ཀར་གདགས་རླུང་གསོ་བ་དང་། སྟོན་ཁ་དང་དགུན་ཁར་སྲིབ་རླུང་གསོ་བ་ཞེས་པ་ལྟར་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྟེང་བཟའ་བཏུང་གི་བསྟེན་སྟངས་ལ་དུས་ཚིགས་ཡོད་པ་དང་རོ་ལྔ་དུས་ཚིགས་དང་བསྟུན་ནས་སྡེབ་དགོས། དེ་ཡང་ཞིབ་ཏུ་བཤད་ན། ལུས་སྟོབས་གསོ་བའི་ཐབས་དམ་པ་དྲུག་ཡོད་པ་གཤམ་གསལ་ལྟར།
             ༡ ཞོགས་ཟས་སྔ་དགོས།
             ཞོགས་པའི་ནངས་ཟས་སྔ་དགོས་ཤིང་དགོང་ཟས་འཕྱི་མི་རུང་། ཞོགས་ཟས་ཟོས་རྗེས་ད་གཟོད་སྒོར་སོང་ན་མཚེར་བ་དང་ཕོ་བར་ཕན་པ་ཡིན།
             ༢ ཟས་ཁོལ་མ་ཟ་བ།
             ཟས་ཟ་དུས་ཁོལ་མ་དང་ཞིབ་བལྡད་དལ་མིད་བྱེད་དགོས། དེ་ལྟར་བྱས་ན་འཚོ་བཅུད་འཇུ་བར་ཕན།
             ༣ ཟས་ཟ་ཚོད་ཟིན་དགོས།
             བཟའ་བཏུང་ལེགས་པར་སྡེབ་སྟེ་ཉུང་ཙམ་ཟ་དགོས། ཕོ་བ་ལྟོགས་དུས་ཟས་མང་པོ་ཟ་བ་དང་ཁ་སྐོམ་དུས་ཆུ་མང་པོ་འཐུང་བ་སོགས་མི་བྱེད་པ། ཉིན་རེར་ཤ་ཉུང་ཙམ་ཟ་བ་དང་ཟས་ཟ་ཚོད་ཟིན་དགོས། དགོང་ཟས་ཉུང་ཙམ་ཟོས་ན་ཟས་འཇུ་བར་ཕན།
             ༤ སྣུམ་ཉུང་ཞིང་ཟས་དྭངས་སྤྱོད་པ།
             དྭངས་ཟས་མི་ལུས་ལ་ཕན་ཞིང་། རོ་ལྔ་མང་དྲགས་ན་དེ་དག་གིས་ལུས་ལ་གནོད་པ་ཡིན། དཔེར་ན་མངར་ཆ་མང་དྲགས་ན་རུས་པ་ན་བ་དང་མགོའི་སྐྲ་ལྷུང་བ། སྐྱུར་མང་དྲགས་ན་སྐྱི་པགས་ཇེ་མཐུག་ཏུ་གྱུར་ཏེ་སྐྱི་པགས་དང་ཁ་ལ་སོགས་པར་སེར་ཁ་འབྱུང་སླ་བ། ཁ་ཚ་བ་མང་དུ་བསྟེན་ན་སྙིང་ལ་གནོད་ཅིང་ཁྲག་འགག་པར་འགྱུར་བས། རོ་ལྔ་ཚད་དང་མཐུན་པར་ལེགས་པར་སྡེབ་ན་ལུས་སྟོབས་གསོ་བར་ཕན་ཞིང་། དེ་ལས་ལྡོག་ན་ནད་གཞིའི་སྣ་འདྲེན་དུ་གྱུར་ཏེ་ཚེ་ཐག་ཇེ་ཐུང་དུ་གཏོང་ངེས།
             ༥ ཟས་ཁོལ་མར་དགའ་བ།
             མཚེར་བ་དང་ཕོ་བར་འཁྱགས་པའི་རིགས་མི་ཕན་པས། ཟས་རློན་པ་དང་འཁྱགས་པའི་རིགས་མ་ཟོས་ན་བཟང་།
             ༦ ཟས་སྙི་མོ་ཟ་བ།
             ཟས་སྲ་མོའི་རིགས་ཕོ་བས་འཇུ་དཀའ་བས། ཤ་སོགས་ཟ་དུས་ཚོས་ཐག་ཆོད་པར་བྱེད་དགོས་ཤིང་འབྲས་བཙོད་ནའང་ཚོས་ཐག་ཆོད་དགོས།
             བཟའ་བཏུང་གིས་མི་ལུས་ཀྱི་གདགས་རླུང་དང་སྲུབ་རླུང་སྙོམས་པོར་གཏོང་བ་དང་། གཟུགས་གཞི་གསོ་བ། ཁྲག་རླུང་སྐྱེད་པ། སེམས་ཁམས་སྙོམ་སྒྲིག་བཅས་བྱེད་པས། མི་དར་མ་དང་རྒན་པས་ལུས་སྟོབས་གསོ་བའི་ཐབས་དམ་པ་དྲུག་ལྟར་ཟས་ལ་རོལ་ན་རང་ལུས་ལ་ཤིན་ཏུ་ཕན་ནོ།
             «ཞིང་གྲོང་ཁྱིམ་ཚང་གི་འཚོ་བཅུད་དང་འཕྲོད་བསྟེན »ཞེས་པའི་དེབ་ཆུང་ལས་བཤུས།