དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་སྨན་བྱུ་དམར་བདུན་ཅུའི་སྨན་སྦྱོར།

སྤེལ་དུས 2020-04-30 ཡོང་ཁུངས། རྩོམ་པ་པོ།

          དང་པོ། བོད་སྨན་བྱུ་དམར་བདུན་ཅུའི་སྨན་སྦྱོར་ལག་རྩལ།
          དེ་ཡང་བོད་ཀྱི་གསོ་བ་རིག་པའི་གནས་ལ་སྐུ་དྲིན་བླ་ལྷག་ཆེ་བའི་སློབ་དཔོན་གཡུ་ཐོག་ཡོན་ཏན་མགོན་པོ་ནས་རྣམ་དཔྱོད་ཀྱི་རྩལ་ལས་བོད་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་རང་རེའི་བོད་ལུགས་ཀྱི་ཁྱད་ཆོས་མངོན་དུ་དོད་པའི་གསོ་བཅོས་བྱ་ཐབས་ཀྱི་གཞུང་ལུགས་བསྟན་བཅོས་མང་པོ་ཞིག་ང་ཚོའི་རྗེས་རབས་པའི་སྤྱན་ལམ་དུ་ཏིལ་མར་ཕུལ་ཡོད་གཤིས། ད་ཆ་བོད་ལུགས་གསོ་རིག་གི་ཆེད་མཁས་དག་གིས་ཀྱང་དེ་དག་རྒྱུན་འཛིན་དང་སྔོན་འདོན་གང་ལེགས་བྱས་ཏེ་གཞུང་ལུགས་དང་སྨན་སྦྱོར་གང་ཅིའི་ཐད་ནས་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། བོད་ལུགས་གསོ་རིག་ནི་བོད་མི་རིགས་ཀྱིས་ལོ་ངོ་ཁྲི་སྟོང་མང་བོའི་རིང་རང་བྱུང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་འོག་ནད་རིགས་སྣ་ཚོགས་ལ་གདོང་གཏུགས་འཐབ་རྩོད་བྱས་པའི་ཉམས་མྱོང་གསོག་འཇོག་དང་། ལོ་ངོ༢༣༠༠ལྷག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་གནའ་བོའི་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་གཞན་གྱི་གསོ་རིག་ལེགས་ཆ་བསྡུ་ལེན་བྱས་པ་བརྒྱུད་ནས་ཁྱད་འཕགས་ཀྱི་ལག་རྩལ་དང་། སྣ་མང་སྦྱོར་སྡེ་སོགས་ལ་བརྟེན་ནས་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་བཏོན་དང་འདོན་བཞིན་ཡོད། དེ་བཞིན་བྱུ་དམར་བདུན་ཅུའི་སྨན་སྦྱོར་འདི་ཡང་བོད་ལུགས་གསོ་རིག་སྨན་སྦྱོར་གྱི་སྐྱེད་ཚལ་ཁྲོད་བཀྲག་མདངས་རྣམ་པར་བཀྲ་བའི་མེ་ཏོག་རྐང་གཅིག་སྟེ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིན་ཐང་དང་ཕན་ནུས་ཆེན་པོར་ལྡན་པའི་བོད་ལུགས་གསོ་རིག་གི་པོ་ཏི་རི་བོའི་གཏོས་དང་མཉམ་པ་དག་གི་ནང་བཀོད་པའི་སྙིང་ཀླད་ཁྲག་རྩའི་ནད་རིགས་ཀྱི་བོད་སྨན་སྦྱོར་སྡེ་ཞིག་ཡིན། སྦྱོར་སྡེའི་སྨན་སྣ་མང་ཞིང་སྦྱོར་སྡེབ་ལག་རྩལ་ཞིབ་ཆ་ཆེ་བས། ལོ་རབས༧༠བའི་ནང་བོད་ལུགས་གསོ་རིག་གི་ཆེད་མཁས་པད་མ་རྒྱ་མཚོ་མཆོག་གིས་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་བརྒྱུད་སྔོག་འདོན་སྦྱོར་བཟོ་བྱས་ཤིང་ནད་ཐོག་ཏུ་འང་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་ངོ།།
          གཉིས་པ། བྱུ་དམར་བདུན་ཅུའི་སྨན་རྫས་ཀྱི་སྦྱོར་སྡེ་དང་ཁྱད་ཆོས། 
          བྱུ་དམར་བདུན་ཅུ་ནི་བོད་ལུགས་གསོ་རིག་ཁྲོད་སྙིང་ཀླད་ཁྲག་རྩའི་ནད་རིགས་ལ་སྤྱོད་རྒྱུའི་རིན་ཆེན་རིགས་ཀྱི་སྨན་སྦྱོར་གྱི་གྲས་གལ་ཆེན་ཞིག་ཡིན་ལ། སྦྱོར་སྡེ་འདི་ལ་བྱུ་རུ་དང་མུ་ཏིག སྲོ་ལོ་དམར་པོ། བྱ་རྒོད་སུག་པ། སྐྱུ་རུ་ར། ཁ་གུར། གི་ཝང་། གླ་རྩི། བ་ཤ་ཀ། དཀར་པོ་ཆིག་ཐུབ། ལི་ག་དུར་སོགས་སྨན་སྣ་བདུན་ཅུ་སོགས་ཀྱི་སྦྱོར་བཟོ་ལས་གྲུབ་པ་དང་། སྨན་རྫས་འདི་ཉིད་བོད་ལྗོངས་ས་ཆར་སྙིང་ཀླད་ཁྲག་རྩའི་ནད་པ་རྣམས་ཀྱིས་དགའ་བསུ་ཐོབ་པའི་སྨན་རྫས་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་ལ་ཕྱིར་འཚོང་བྱས་ཏེ་མི་རིགས་མང་པའི་དགའ་བསུའི་གྲུ་ཆར་དུས་རྟག་ཏུ་འཇོ་བཞིན་མཆིས། མིག་སྔར་སྨན་སྦྱོར་འདི་བོད་ལྗོངས་གཞོང་པ་ལྷ་ཆབ་བོད་སྨན་བཟོ་གྲྭའི་སྨན་པ་རྒན་པ་པད་མ་རྒྱ་མཚོ་གཅིག་པུ་ལས་སྦྱོར་བཟོ་བྱེད་ཐུབ་པ་ལས་གཞན་མེད་དོ།།
          བྱུ་དམར་བདུན་ཅུ་སྨན་རྫས་འདི་ལ་བོད་ལུགས་གསོ་རིག་གི་དྲི་མ་ཡལ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་ཏུ་ཐོན་ཡོད་ལ། གཅིག་ནས་སྦྱོར་སྡེའི་སྨན་སྣ་མང་བ། གཉིས་ནས་སྦྱོར་བཟོའི་ལག་རྩལ་ཞིབ་ཆ་ཆེ་བ། གསུམ་ནས་བོད་ལུགས་གསོ་རིག་གིས་སྙིང་ཀླད་ཁྲག་རྩའི་ནད་རིགས་ལ་གསོ་བཅོས་བྱེད་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་པ་ནི་མངོན་པར་གསལ་ལོ། །
          གསུམ་པ། བྱུ་དམར་བདུན་ཅུའི་སྨན་རྫས་ཀྱི་འགན་སྲུང་གི་རིན་ཐང་དང་གནས་བབ།
          བྱུ་དམར་བདུན་ཅུའི་སྨན་རྫས་འདི་ལ་སྲུང་སྐྱོབ་བྱེད་པར་རིན་ཐང་ཆེས་ཆེར་ལྡན་ཏེ། གཅིག་ནས་བོད་ལུགས་གསོ་རིག་འཕེལ་རྒྱས་དང་རྒྱ་ཆེར་སྤེལ་བར་སྐུལ་འདེད་དང་སྣེ་ཁྲིད་བྱེད་ཐུབ་པ། གཉིས་ནས་ཐོན་རྫས་འདི་ཉིད་ཀྱི་ཐོན་ལས་རང་བཞིན་འཕེལ་རྒྱས་འགྲོ་བ། ས་གནས་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཀྱི་འཆམ་མཐུན་འཕེལ་རྒྱས་བཅས་ལའང་སྐུལ་འདེད་ཀྱི་ནུས་ཤུགས་ཆེས་ཆེར་ལྡན།
          སྨན་རྫས་འདིའི་འགན་སྲུང་གི་ཐབས་ལམ་དང་བྱེད་ཐབས་ཀྱི་ཐད་ནས། རྒྱལ་ཁབ་ཟས་རིགས་དང་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ལ་རེ་ཞུ་བྱས་པ་བརྒྱུད་ནས་སྨན་རྫས་ཐོན་སྐྱེད་ཆོག་མཆན་ཨང་རྟགས་བླངས་ཡོད་པར་མ་ཟད། ཆེད་མཁས་པ་པད་མ་རྒྱ་མཚོ་མཆོག་གི་མཛུབ་སྟོན་འོག་ཐོན་སྐྱེད་བྱས་ཡོད་ལ། བྱུ་དམར་བདུན་ཅུའི་སྨན་རྫས་ཀྱི་སྦྱོར་བཟོའི་ལག་རྩལ་ནང་སྦྱོར་སྡེའི་ནང་གི་མ་བཅོས་རྒྱུ་ཆའི་འདུལ་སྦྱོང་ལག་ལེན་ཡང་ཚུད་ཡོད་པས། ཉུང་མཐར་ཡང་རྒྱུན་འཛིན་བྱེད་ཐབས་ལྔ་ལ་དོ་སྣང་བྱེད་དགོས། གཅིག བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭས་ཆེད་མཁས་མཛུབ་སྟོན་དང་། ཆེད་མཁས་པ་པད་མ་རྒྱ་མཚོ་མཆོག་གཙོ་འགན་པ་ཡིན་པས་བྱུ་དམར་བདུན་ཅུ་སྲུང་སྐྱོབ་ཚོ་ཆུང་འཛུགས་པ། གཉིས། སྨན་སྣའི་འདུལ་སྦྱོང་དང་སྦྱོར་སྡེའི་ལག་རྩལ་བྱ་རིམ་སོགས་ཀྱི་འབྲེལ་ཡོད་ཡིག་ཆ་བསྡུ་ཉར་བྱེད་པ། གསུམ། བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭ་ནས་ཐོན་སྐྱེད་སྒྲིག་ཆས་སོགས་མཁོ་འདོན་བྱས་ཏེ། སྐུ་ཞབས་པད་མ་རྒྱ་མཚོས་བྱུ་དམར་བདུན་ཅུའི་རྒྱུན་འཛིན་གྱི་གསོ་སྐྱོང་འཛིན་གྲྭ་འཛུགས་པ། བཞི། བཟོ་གྲྭ་འདིས་ལོ་མང་རིང་སྨན་རྫས་འདེབས་འཛུགས་ཞིབ་འཇུག་བྱས་པ་བརྒྱུད་གསོག་འཇོག་བྱས་པའི་ཉམས་མྱོང་དང་ཤེས་བྱ་སྤྱད་ནས། བྱུ་དམར་བདུན་ཅུའི་སྦྱོར་སྡེ་ནང་རྩ་མེད་འགྲོ་ཉེན་ཆེ་བའི་སྨན་སྣ་འདེབས་འཛུགས་ཞིབ་འཇུག་གི་གཞི་རྒྱ་ཆེ་རུ་གཏོང་བ། ལྔ། རིན་ཆེན་བྱུ་དམར་བདུན་ཅུའི་ཡིག་ཆའི་རྟེན་མཛོད་ཁང་འཛུགས་དགོས་པ་བཅས་སོ།།