ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

ཚགས་པར་ནང་ཟས་རིགས་འཐུམ་སྒྲིལ་བྱ་རྒྱུ་མེད་པའི་རྒྱུ་མཚན།

སྤེལ་དུས 2011-12-22 ཡོང་ཁུངས། ། «འཚོ་བའི་རྒྱུན་ཤེས་དཀའ་གནད་ཀུན་གྲོལ» རྩོམ་པ་པོ། དབང་སྒྲོལ་སྐྱིད་ཀྱིས་བསྒྲིགས།

ནམ་རྒྱུན་འཚོ་བའི་ནང་མི་མང་པོས་ཚགས་པར་དང་།དུས་དེབ། བརྙན་པར་རྙིང་པ་སོགས་ཀྱི་ནང་ཟས་རིགས་འཐུམ་སྒྲིལ་བྱེད་པ་རྟག་པར་མཐོང་རྒྱུ་ཡོད། ལྷག་པར་དུ་ཁྲོམ་ལམ་ཁག་གི་ཟས་རིགས་ཚོང་ཁང་དང་གྲོང་གསེབ་ཀྱི་ཁྱིམ་ཚང་ནང་གནས་ཚུལ་དེ་འདྲ་དེ་བས་མང་བ་མཐོང་རྒྱུ་ཡོད། འོ་ན་ཚགས་པར་དང་དུས་དེབ་རྙིང་པ་སོགས་ནས་ནང་ཟས་རིགས་འཐུམ་སྒྲིལ་བརྒྱབ་ན་གནོད་འཚེ་གང་ཡོད་དམ་ཞེ་ན། དང་ཐོག་ཚགས་པར་དང་དུས་དེབ་པར་འདེབས་བྱེད་པར་སྤྱོད་པའི་སྣག་ཚའི་ནང་ཏོའུ་ལུའུ་ལན་པན་ཞེས་པའི་དུག་རྒྱུའི་དངོས་པོ་ཞིག་འདུས་ཡོད་ཅིང་། དེའི་རྫས་འགྱུར་གྲུབ་ཆ་ནི་ཏི་ཏི་ཝི་དང་ཁྱད་པར་མེད། གལ་ཏེ་ང་ཚོས་ཚགས་པར་ནང་བཟའ་བཅའ་འཐུམ་སྒྲིལ་བྱས་ན། རྫས་འགྱུར་དངོས་རྒྱུ་དེ་རིགས་བཟའ་བཅའི་ཐོག་གོས་ནས་ཁོག་ནང་དུ་ཐིམ་པ་དང་། རྫས་འགྱུར་དངོས་རྒྱུ་དེ་རིགས་ལུས་པོར་འཇུ་ལེན་བྱས་རྗེས། ལུས་པོའི་ནང་ཕུང་གསོག་ཐེབས་ནས་ཕྱིར་ཐོན་ཁག་པོ་ཡོད། གལ་ཏེ་ལུས་པོའི་ནང་ཏོའུ་ལུའུ་ལན་པན་གསོག་ཚད་ཁེ་ཝ༠.༥-༢བར་སླེབས་སྐབས། དུག་ཕོག་ནས་ཡང་མིག་ལྤགས་སྐྲངས་པ་དང་ལག་མཐིལ་ནས་རྔུལ་ཆུ་ཐོན་པ། ལུས་པོ་ཧྲིལ་པོ་ནས་ཐོར་སིབ་དམར་པོ་ཐོན་གྱི་ཡོད། ལྕི་བར་སྐྱུགས་བསྐྱུགས་པ་དང་མཆིན་པའི་ནུས་པ་འཁྲུག་པ། ཤ་གནད་ལ་ན་ཟུག་གཏོང་བ། གློ་གོག་པ་སོགས་ཀྱིས་སྲོག་ལ་ཉེན་ཁ་བཟོ་གི་ཡོད། གཞན་ཡང་ཚགས་པར་དང་དུས་དེབ་རྙིང་པ་མི་ལག་མང་པོ་བརྒྱུད་སྟབས་དེའི་ཐོག་ནད་འབུ་ཕྲ་མོ་དང་ནད་དུག་འབོར་ཆེན་འདུས་ཡོད་པས། དེའི་ནང་ཟས་རིགས་སྤྱི་དང་ཁྱད་པར་ཚོས་ཟས་རིགས་བསྒྲིལ་ན་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་གི་ཡོད།