ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

༄༅།།གནམ་རི་སྲོང་བཙན་གྱི་སྐུ་དུས་ནས་ཀྲུང་དབྱིའི་གསོ་རིགས་བོད་དུ་དར་བའི་སྐོར།

སྤེལ་དུས 2009-05-25 ཡོང་ཁུངས། རྩོམ་པ་པོ།

    ལྕགས་བྱ་(སྤྱི་ལོ་༦༠༡)ལོར་ཡབ་སྟག་རི་གཉན་གཟིགས་དང་ཡུམ་འོལ་གོང་བཟང་སྟོང་བཙུནའགྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན་སྐུ་འཁྲུངས་སྲིད་ཁྲིར་རྗེས་མཐའ་བཞིའི་རྒྱལ་ཕྲན་མང་པོ་དབང་དུ་བསྒྱུར་བཙན་པོ་དེ་ཡི་སྐུ་དུས་སུ་བོད་ཕྱུག་མང་པོ་རྒྱ་ནག་ཐང་རྒྱལ་ཁབ་ཏུ་བཏང་སྟེ་སྨན་རྩིས་གཉིས་ཀར་སློབ་སྦྱོང་ལེགས་པར་ བྱས་ཀྲུང་དབྱིའི་ལུགས་ཀྱི་གསོ་རིག་དང་ནག་རྩིས་དྲུག་ཅུའི་ལྐོར་བོད་དུ་དར་བས་བོད་ཀྱི་གསོ་རིག་གོང་དུ་འཕེལ་བར་སྐུལ་མ་ངེས་གཏམ་ཞིག་ཐེབས་དེ་ནས་བོད་ལྕགས་གླང་(སྤྱི་ལོ་༦༤༡)ལོར་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས་སྐལ་རྫོངས་ཀྱི་གྲས་སུ་བརྟག་ཐབས་བརྒྱད་དཔྱད་ལྔ་སྦྱོང་དྲུག་སྦྱོར་སྡེ་བཞི་སོགས་སྨན་དཔྱད་མཐའ་ཡས་པ་གནང་ཁྱད་པར་དུ་རྒྱ་བཟའ་ཀོང་ཇོས་ཀྲུང་དབྱིའི་གསོ་རིག་གི་གཞུང་ཆེན་<<སྨན་དཔྱད་ཆེ་མོ་>>བོད་དུ་གདན་དྲངས ་ཏེ་ཧྭ་ཤང་མ་ཧྰ་དེ་ལྦ་དང་བོད་ཀྱི་ལོ་ཙྰ་བ་དྷརྨ་ཀོ་ཥ་ཟུང་གིས་བོད་ཡིག་ཏུ་བསྒྱུར་དུས་མཚུངས་འཕགས་ཡུལ་གྱི་སྨན་པ་བྷར་དྷ་ཛས་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར་རྒྱ་ནག་གིས་སྨན་པ་ཧན་ལྦན་ཧད་ཀྱིས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་ཏ་ཟིག་གི་སྨན་པ་ག་ལེས་ནོ་ཡིས་མགོ་སྔོན་བསྡུས་པ་དང་དེ་ཕོ་རྨ་བྱ་ནེ་ཙོ་གསུམ་གྱི་དཔྱད་བཅས་བོད་ཡིག་ཏུ་བསྒྱུར་པའི་རྒྱ་ནག་གི་སྨན་གཞུང་<<སྨན་དཔྱད་ཆེན་མོ་>>དེ་ཁུངས་ཐུབ་པ་དང་གལ་འགངས་ཆེ་བ་ཞིག་ཡིན་རུང་ཆེས་སྔ་བའི་དུས་ནས་འཐོར་གྱར་དུ་སོང་ནས་ད་ལྟ་མིག་ལམ་དུ་མཇལ་རྒྱུ་མེད་འོན་ཀྱང་དེའི་ནང་དོན་མང་ཆེ་བ་བོད་ཀྱི་གསོ་རིག་རྒྱུད་བཞིའི་ནང་དུ་བསྡུ་ལེན་བྱས་ཡོད་ཚུལ་ལྐོར་སློབ་དཔོན་ཆེན་པོ་སེམས་སོ་ཞེས་གསུངས་དེ་རྗེས་འཕགས་ཡུལ་གྱི་སྨན་པ་བྷ་ར་དྷ་ཛ་དང་རྒྱ་ནག་གི་སྨན་པ་ཧན་ལྦན་ཧད་ཏ་ཟིག་གི་སྨན་ག་ལེས་ནོ་གསུམ་བཀའ་གྲོས་ལེགས་པར་མཛད་དེ་<<མི་འཇིགས་མཚོན་ཆ་>>ཞེས་པ་ལེའུ་བདུན་བརྩམས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོར་ཕུལ་བས་བྱ་དགའ་གང་ལེགས་ཐོབ་དེ་ནས་ཡུན་རིང་མ་སོང་བར་འཕགས་ཡུལ་དང་རྒྱ་ནག་གི་སྨན་པ་རྣམ་གཉིས་རང་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་མཛད་ཏ་ཟིག་གི་སྨན་པ་ག་ལེས་ནོ་མུ་མཐུན་ལྷ་སར་བཞུགས་ཏེ་བཙན་པོའི་བླ་སྨན་པ་མཛད་གཉེན་སྒྲི་གནང་ནས་སྲས་གསུམ་འཁྲུངས་ཡབ་ཀྱི་བྱ་གཞག་བརྒྱུད་འཛིན་ལེགས་པར་གནང་དུས་དེར་རྒྱ་གར་དང་རྒྱ་ནག་སྟོད་ཕྱོགས་ཞང་ཞུང་བཅས་ཀྱི་གསོ་རིག་དབུས་གཙང་སོགས་ཀྱི་ཁུལ་དུ་དར་ཁྱབ་ཆེ་བར་གྱུར་བརྟེན་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྨན་དཔྱད་ཀྱི་གཞུང་ལུགས་དེ་རྣམས་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་བོད་ཕྲུག་རིག་པ་རྣོ་བ་ཁག་གཅིག་གིས་གསོ་དཔྱད་གཞུང་ལུགས་སྦྱོང་དགོས་པའི་བཀའ་ཕབ་པ་དང་བོད་མེ་རིགས་རང་གི་ཡིག་ཐོག་ནས་གསོ་རིག་གི་གཞུང་ལུགས་སློབ་པའི་ལམ་སྲོལ་གསར་དུ་བཏོད་བྱ་ཐབས་དེ་རྣམས་དོན་དུ་ལེགས་པར་འཁྱོལ་ཆེད་སློབ་མ་སོ་སོའི་སྦྱང་འབྲས་ལ་དཔགས་ནས་བརྩིགས་ཆིན་དགུ་བརྩིགས་ཕྲན་གསུམ་ཏེ་བཅུ་གཉིས་ཀྱི་བཀའ་ཡིག་དང་འཚོ་བྱེད་སྨན་པ་ཞེས་པའི་མཚན་སྙན་གནང་མདོར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་བྱ་ཐབས་མང་པོར་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པའི་ཉི་མ་ཤར་དེས་བོད་མི་རིགས་རང་གི་གསོ་བ་རིག་པའི་གཞུང་ལུགས་གསར་དུ་གཏོད་པར་རྨང་གཞི་བཟང་པོ་ཞིག་བཏིངས་པ་བཅས་སོ།།