ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བཙན་པོ་མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་གསོ་རིག་གཞུང་ལུགས་མ་ལག་གསར་དུ་བཏོད་པའི་སྐོར།

སྤེལ་དུས 2009-05-25 ཡོང་ཁུངས། རྩོམ་པ་པོ།

བཙན་པོ་ཁྲི་ལྟེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྐུ་དུས་སུ་གྱིམ་ཤིང་ཀོང་ཇོ་བོད་དུ་གདན་དྲངས་དུས་དེར་རྒྱ་ནག་ནས་རྩིས་པ་དང་སྨན་དཔྱད་ཀྱི་གཞུང་ལུགས་དུ་མ་བོད་དུ་གདན་དྲངས་ཏེ་བོད་ཡིག་ཏུ་བསྒྱུར་དེ་དག་གི་ནང་ནས་སོ་མ་རཱ་ཛའམ་<<སྨན་དཔྱད་ཟླ་བའི་རྒྱལ་པོ་>>ནི་ད་ཡོད་སྨན་གཞུང་ནང་ཅེས་སྔ་ཤོས་ཤིག་ཡིན། སྨན་གཞུང་དེ་ནི་རྩ་བའི་རིག་པའི་གཞུང་ལུགས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་དང་སྨན་སྦྱོར་གྱི་རྣམ་གྲངས་ཀྱང་ཤིན་ཏུ་མང་། དུས་དེར་རྒྱ་ནག་དང་རྒྱ་གར་སོགས་ནས་གསོ་དཔྱད་ཀྱི་གཞུང་ལུགས་མང་པོ་བོད་དུ་བསྒྱུར་ཏེ་སྨན་དཔྱད་ཀྱི་བསྟན་པ་རྒྱ་ཆེ་སྤེལ་ཁྱད་པར་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་གསར་དུ་བཏོད།