ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

རང་གི་བདེ་ཐང་གི་ཆེད་དུ་མཉམ་འཇོག་བྱེད་དགོས་པ་འགའ།

སྤེལ་དུས 2018-02-14 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ཐ་མག་གི་ཉེས་དམིགས།
          ཐ་མག་འཐེན་པ་ནི་ལུས་ཕུང་ལ་ཤིན་ཏུ་གནོད་པའི་གོམས་གཤིས་མི་ལེགས་པ་ཞིག་རེད།ཐ་མག་གི་དུ་བའི་ནང་དུ་གནོད་ལྡན་དངོས་རྫས་སྟོང་ཕྲག་ལྷག་ཡོད་ཅིང་། དེ་ལས་ཉི་ཀུའུ་ཏེན་དང་། དུ་དྲེག་གི་སྣུམ། དབྱང་གཅིག་ཐཱན་འགྱུར་བཅས་ཀྱི་གནོད་པ་ཆེས་ཆེ་བ་ཡིན།
          ཐ་མག་འཐེན་པ་ནི་རང་ཉིད་ཀྱི་གློ་བ་མིར་སྦར་བ་ཡིན།
          གསོ་རིག་གི་ཞིབ་འཇུག་ཅིག་ལས། ཐ་མག་འཐེན་ན་སྙིང་དང་གློ་བ། ཕོ་བ་དང་རྒྱུ་མ། དབང་རྩ། མཆིན་པ། མཁལ་མ། ཁྲག་རྩ་སོགས་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་སྲིད་ཟེར། དུས་ཡུན་རིང་བོར་ཐ་མག་འཐེན་ན་གློ་ཡུའི་ཡན་ལག་གི་གཉན་ཚད་དང་། དབུགས་འཚང་བ། གློ་བའི་དབུགས་སྐྲངས། ཁྲག་ཤེད་མཐོ་བ། སྙིང་ནད། ཕོ་བ་སྨུག་པོའི་ནད་སོགས་སློང་སྲིད་པར་མ་ཟད། ད་དུང་གློ་བའི་འབྲས་དང་ཁ་འབྲས། མིད་པའི་འབྲས་སོགས་འབྲས་སྐྲན་ངན་པར་འགྱུར་སྲིད།