ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

གཉིད་སྐྱིད་པོ་ཞིག་ཁུག་བསམས་ན་སྔས་མགོའི་སྐོར་གྱི་ཤེས་བྱར་གཟིགས་དང་།

སྤེལ་དུས 2018-04-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
               མི་ཞིག་གི་མི་ཚེའི་གསུམ་ཆ་གཅིག་རྨི་ལམ་གྱི་ཞིང་ཁམས་སུ་འདའ་བཞིན་ཡོད་པས། སྔས་མགོ་ནི་ང་ཚོ་དང་འགྲོགས་ཡུན་རིང་ཤོས་ཀྱི་གྲོགས་པོ་ཞིག་རེད་ཅེས་བརྗོད་ཆོག སྔས་མགོ་ལེགས་པོ་ཞིག་མེད་ན།  གཉིད་ལས་སད་རྗེས་ལུས་པོ་ཡོངས་ལ་དཀའ་ལས་ཁ་བ་མ་ཟད།  ད་དུང་མགོ་ན་བ་དང་། སྐེ་འཆུས་པ། མགོ་ཡུ་འཁོར་བ།  རྣ་འུར་བ། རྐང་ལག་སྦྲིད་པ། གཉིད་ཡེར་བ་སོགས་ཡོང་གི་ཡོད།  ད་འོ་ན་སྔས་མགོ་གང་འདྲ་ཞིག་ཉོ་དགོས་སམ་ཞེ་ན།
གཅིག སྔས་མགོ་འདི་རིགས་ཉོ་མི་རུང་།
    1.སྐེ་ཚིགས་ལེགས་པོ་སྐྱོར་མི་ཐུབ་པའི་སྔས་མགོ།
    2.སྐེ་དང་དཔུང་པ་ངལ་གསོ་མི་ཐུབ་པའི་སྔས་མགོ།
    3.མཐོ་དྲགས་པའམ་དམའ་དྲགས་པའི་སྔས་མགོ།
གཉིས།  སྔས་མགོ་ལེགས་པོ་ཞིག་ཉོ་དགོས་ན། གཤམ་གསལ་གྱི་དོན་གནད་གསུམ་ལ་ལྟ་དགོས།
    1.སྔས་མགོའི་བཟོ་ལྟར་ལྟ་དགོས། སྔས་མགོ་དམའ་དྲགས་ན།  ཨ་སློག་ཡང་སེ་རྒྱག་དགོས་ཡོང་བ་དང་།  སྔས་མགོ་མཐོ་དྲགས་ན།  སྔུར་བ་རྒྱག་གི་ཡོད།
    2.སྔས་མགོའི་རྒྱུ་ཆར་ལྟ་དགོས། མིག་སྔར་ཁྲོམ་དུ་བྲིན་ཁ་རྒྱུག་པའི་སྔས་མགོ་ནི་བྲ་བོའི་ལྤགས་པ་དང་།  བྱ་སྤུ།  སྲིང་བལ་སོབ་སོབ། “བཟོ་ལྟ་དལ་གྱིས་འགྱུར་བའི་བར་སྣང་དྲན་ཤེས་སྲིང་བལ”བཅས་ཀྱི་སྔས་མགོ་ཡིན་ཞིང་། དེ་དག་སོ་སོར་རང་རང་གི་ལེགས་ཆ་ཡོད་ལ་སྐྱོན་ཆའང་ཡོད།  བལྟོས་བཅས་ཀྱིས་བཤད་ན།“བཟོ་ལྟ་དལ་གྱིས་འགྱུར་བའི་བར་སྣང་དྲན་ཤེས་སྲིང་བལ”(慢回弹太空记忆棉)སྔས་མགོ་འདི་ཕྱོགས་ག་ནས་བལྟས་ཀྱང་ལེགས་པོ་ཡོད།
    3.སྔས་མགོའི་མཐོ་དམན་ལ་ལྟ་དགོས།   དར་མའི་སྔས་མགོའི་མཐོ་ཚད་ལི་སྨི་8ནས་15བར་དང་།  གཞོན་པའི་སྔས་མགོའི་མཐོ་ཚད་ལི་སྨི་8ནས་10བར་འཚམ་ཤོས་རེད། 
 གསུམ། བྱིས་པར་སྔས་མགོ་ཐབས་ཆག་བརྒྱབ་ན་མི་འགྲིག
               དེ་ཡང་བྱིས་པར་མི་རྒན་གྱི་སྔས་མགོ་བརྒྱབ་ན། དུས་ཡུན་རིང་ཙམ་ཕྱིན་རྗེས་བྱིས་པའི་སྒལ་རུས་ཀྱི་བཟོ་ལྟ་འགྱུར་ནས་དཔུང་པ་མཐོ་དམན་མི་མཉམ་པ་དང་སྟོད་སྒུར་ཆགས་ཉེན་ཡོད་ལ།  བྱིས་པ་གཉིད་མི་ཁུག་པ་ཡང་ཡོང་གི་ཡོད། དེས་ན་བྱིས་པར་སྔས་མགོ་ཐབས་ཆག་ཅིག་བརྒྱབ་ནས་བཞག་ན་མི་འགྲིག་གོ