དབྱར་དུས་ནམ་མཁར་ཆར་སྤྲིན་རྒྱས་པའི་དུས་ཏེ། ཉི་འོད་མི་གསལ་བ་དང་ས་གཞི་རྣམས་རླན་གཤེར་ཆེ་བ། ཆུ་རྣམས་རྙོག་མ་ཡིན་པ་བཅས་ཀྱིས་ཁོང་ནང་གི་མེ་དྲོད་ཕྱིར་ཤོར་ཏེ་ཕོ་བའི་མེ་དྲོད་ཉམས་པས་མ་ཞུ་བའི་ནད་དང་བཤལ་རིམས་ཀྱི་ནད་གཞི་འབྱུང་སླ་བར་བརྟེན་སྐབས་དེར་སྦྲང་ཆང་དང་ཤ་གསོས་པའི་ཁུ་བ། མར་ཁུ་སོགས་སྣུམ་ཞིང་དྲོ་བའི་ཟས་རིགས་སྟེན་པ་ལས་ཟས་སྐོམ་རྙིང་པ་དང་དུས་ཡུན་ལོན་པའི་རིགས་སྟེན་མི་ཉན། གཞན་ཡང་རྒྱུན་དུ་ལུས་གོས་སོགས་ཡང་སེ་བརྗེ་བ་དང་བཀྲུ་དགོས་ལ །རླན་བཤེར་ཆེ་བའི་ས་སྟེང་དུ་ཡུན་རིང་སྡོད་མི་ཉན།