ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

སྤེལ་དུས 2012-04-20 ཡོང་ཁུངས། བོད་ཀྱི་གསོ་རིག་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།

   དེ་ཡང་མི་རྗེ་སངས་རྒྱས་རྒྱ་མཚོས་མཛད་པའི་༼གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན༽ནང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་མི་ཡུལ་དུ་ཐོག་མར་སྐྱེས་པའི་ཤེས་བུ་ཞེས་བྱ་བས་སྲེད་པའི་བག་ཆགས་ཀྱིས་ས་ཞག་ཟོས་པ་ལ་བརྟེན་ནས་མ་ཞུ་བའི་ནད་ཀྱི་ཟུག་རྔུ་དྲག་པོས་བཏབ་སྟེ་སྨྲེ་སྔགས་ཕྱུངས་པ་མེས་པོ་ཚངས་པས་ཐོས་ནས་འགྲོ་བ་ལ་བརྩེ་བའི་བློས་སྔོན་སངས་རྒྱས་ཤྰཀྱ་ཐུབ་ཆེན་གྱིས་གསུངས་པའི་༼གསོ་དཔྱད་འབུམ་སྡེ༽ལས།མ་ཞུ་བའི་ནད་ལ་ཆུ་སྐོལ་གཏོང་བའི་ཚུལ་ཡོད་པ་དྲན་ཏེ་ཚངས་པས་ཆུ་སྐོལ་གྱི་སྦྱོར་བ་བསླབས་པས་ཤེད་བུའི་ནད་ཞི། རྒྱུ་མཚན་དེ་ལ་དཔག་ནས་ནད་ལ་སྔ་བ་མ་ཞུ་བ།ནད་པ་ལ་སྔ་བ་ཤེད་བུ།སྨན་ལ་སྔ་བ་ཤེད་བུ།སྨན་ལ་སྔ་བ་ཆུ་སྐོལ།སྨན་པ་ལ་སྔ་བ་ལྷ་ཚངས་པ་ཡིན་པར་འཇིག་རྟེན་དུ་གྲགས་པའོ།