ཚོ་ཆེ་བའི་རྒྱུ་རྐྱེན་ནི་ལུས་ཕུང་གི་འདོར་སྙིགས་བཅུད་ལེན་དང་ཟགས་ཐོན་ནུས་པ་ལ་གནོད་པ་ཐེབས་པ་ཡིན། མི་མང་ཆེ་བའི་ཤ་རྒྱགས་པ་ཆགས་པ་ནི་ཟ་མང་དྲག་པ་དང་གཉིད་མང་པོ་ཉལ་བ། སྐད་ཆ་མང་པོ་བཤད་པ་བཅས་ལས་བྱུང། ཚོ་ཆེ་ན་གཟུགས་པོའི་སྐྱེས་མཆེད་མི་མཛེས་བས་མི་ཚད། ལུས་པོ་སྐྲངས་པ་ལྟ་བུ། འགྲོ་འདུག་སྟབས་མི་བདེ་བ་དང་། ཐང་ཆད་པ། དབུགས་ཧེལ་བ། སེམས་འཚུབ་པ། མགོ་ཡུ་འཁོར་བ། རྔུལ་མང་པ། གཉིད་ཉོབ་པ་བཅས་ཀྱི་རྟགས་ཡོད། ལྷག་པར་དུ་ཚབས་ཆེ་བ་ནི་དར་ཡོལ་གྱི་མི་རྒྱགས་པ་ཡིན། འདི་ལ་ན་ཚ་འབྱུང་སླ་ཞིང་། ཡམས་འགོག་གི་ནུས་པ་ཞན། ལས་སླ་བོར་སྙིང་རྩའི་ནད་དང་ཁྲག་ཤེད་མཐོ་བ། གཅིན་སྙི། མཁྲིས་སྐྲན། གྲིབ་སྐྱོན་ལ་སོགས་པ་འབྱུང་བར་ཉེན་ཆེ།
གཅིག ཟས་བཅད་ཚོ་བྲི་ལ་ལྷགས་པའི་གནོད་སྐྱོན།
ཉེ་ཆར་ཕྱི་རྒྱལ་གྱི་ཞིབ་འཇུག་པས་བརྟག་དཔྱད་བྱས་པ་ལ། ལོ༣༠ནས་༦༠བར་གྱི་མི་དར་མ་ཕོ་མོ༣༡༣༠ཡི་འབྲས་བུར། ཟས་བཅད་དམ་ཉུང་ངུར་ཟོས་པའི་མི་ལ་སྙིང་ནད་བྱུང་བ་ནི་ཟས་སྐོམ་རྒྱུན་ལྡན་བསྟེན་པའི་མི་ལས་བརྒྱ་ཆའི་༧༠་བརྒལ་ཡོད་ལ། འདི་ལས་ཟས་བཅད་ཀྱི་ཐབས་ཤེས་ལ་བརྟེན་ནས་བཙན་ཤུགས་ཀྱིས་ཚོ་བྲི་བར་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ཐུང་ངུར་བྱས་པ་ཡིན།
འདི་ནི་ལུས་ཀྱི་ལྗིད་ཚད་ལ་འགྱུར་བ་ཕྱིན་ནའང། ལུས་ཕུང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཁྲག་ཤེད་དང་མཁྲིས་ཁ་ཡར་འཕེལ་ལ། སྐྱེས་པ་ལས་བུད་མེད་ཀྱི་ནད་པ་ཉེན་ཚབས་ཆེ་བ་ཡོད། རྒྱ་རྐྱེན་ནི་ཕལ་ཆེར་སྐྱེས་པ་ལ་ཞག་ཚིལ་གྲོད་ཁོག་ལ་གསོག་པ་དང་། བུད་མེད་ནི་ཞག་ཚིལ་དཔུང་པ་དང་རྐང་པར་གསོགཕོ་བའི་གནས་ཀྱི་ཞག་ཚིལ་ལས་སླ་བོར་ཁྲག་ཏུ་རྒྱུ་ཞིང་། དེ་ལས་ལྡོག་སྟེ་ཁྲག་རྩ་འགག་པར་འགྱུར།
གསོ་རིག་ཞིབ་འཇུག་དང་མི་སྒེར་གྱི་ཉམས་མྱོང་གིས་གསལ་བཤད་ལྟར། ཟས་བཅད་ཀྱི་སྒོ་ནས་ཚོ་བྲི་བའི་ཐབས་ཤེས་ནི། རྨིས་མི་ཚར་བའི་ཞེད་སྣང་གི་རྨི་ལམ་ཡིན། ཉུང་མཐའ་ཡང་སུམ་ཆའི་གཉིས་ཀྱི་མི་ལ་ཚོ་བྲི་ནས་ལོ་ཁ་ཤས་ཀྱིས་སྔོན་མ་ལྟར་རང་སོར་ཆུད་པར་འགྱུར་ལ། ལ་ལ་དེ་ལས་ལྡོག་སྟེ་ལྗིད་ཆད་སྔོན་མ་ལས་བརྒལ་བར་འགྱུར། དེ་བས་ཟས་བཅད་ཀྱིས་ཚོ་བྲི་བར་བྱེད་པ་ནི་རང་ཉིད་་ལ་མནར་གཅོད་དང་བདེ་ཐང་ལ་གནོད་པའི་ཐབས་ཞིག་རེད།
གཉིས་པ། ཚོ་བྲི་བའི་ཟས་ཐོ།
ནད་གཞི་ལས་མ་བྱུང་བ་དང་སྐྱེས་རྒྱུན་ལས་མིན་པའི་རྒྱགས་པ་ནི། ལུས་རྩལ་སྦྱོངས་བ་དང་ཟས་སྤྱོད་ལ་འཛེམ་པ་སོགས་ཀྱིས་ལྗིད་ཚད་མར་ཆག་པར་འགྱུར། དེ་མིན་ཚོ་བྲི་བའི་སྨན་བཟའ་བ་དང་། ཚོ་བྲི་བའི་ཇ་འཐུང་པ། ཚོ་བྲི་བའི་ཀ་ར་ལ་སོགས་པ་ནི་ལུས་ཕུང་གི་ལྗིད་ཚད་ལ་གནོད་པའི་ཐབས་ཤེས་རྐྱང་རྐྱང་ལས། ཚོ་བྲི་བ་ཕར་ཞོག་ད་རུང་ན་ཚ་གསར་བ་མང་པོ་ཞིག་བསུས་ཡོང་།
ཚོ་བྲི་བ་ལ་ཆེས་ལེགས་པའི་ཐབས་ཤེས་ནི་ཟས་སྐོམ་ལ་ཚོད་འཛིན་བྱེད་པ་དེ་ཡིན། གཙོ་བོ་བྲོ་ཕྱེ་རིགས་ལ་སོགས་པ་ཉུང་ངུ་བཟའ་བ་དང་ཞོར་ཟས་སྔོ་ཚོད་ལ་སོགས་པ་མང་པོ་བསྟེན། ལྷག་པར་དུ་སྤྲི་དཀར་དང་འཚོ་བཅུད་ལྡན་པ། ཚི་སྣ་ལ་སོགས་པའི་ཟས་སྐོམ་དང་། དཔེར་ན་ཤ་རིད། སྔོ་ཚོད། ལྕ་ཚལ། ཚལ་དཀར། ཚལ་སྣགཀེའུ་ལ་སོགས་པའི་སྐྱེས་དངོས་ལ་གཏོགས་པའི་ཚི་སྣའི་རིགས་ཀྱིས་ལུས་ཕུང་ལ་དེ་དག་གིའཇུ་རྩི་མེའུ་ཆད་པ་གསོ་དགོས། ཤ་རྒྱགས་པའི་མི་ཡིའ་སྔོ་ཚལ་འདི་དག་ཟ་དགོས་ལ། ཚི་སྣ་དང་པོས་ལུས་ཕུང་གི་དངས་མ་གཞིབ་པའི་མེ་དྲོད་བསྐྱེད་པ་དང་གཟུགས་མེད་ཀྱི་མེ་དྲོད་ཁོང་དུ་གསོག་པར་བྱེད། ཚི་སྣ་གཉིས་པས་ཕོ་བ་དང་རྒྱུ་མའི་གནས་སུ་དུས་ཚོད་ཐུང་ངུ་བྱེད་པ་དང་ཟངས་བཅུད་ལེན་པ་ལས་ཞག་ཚིལ་སྐོར་ཞིག་ལེན་པར་བྱེད། འབྲས་སྤྱིན་ལ་སོགས་པ་ནི་ཚི་སྣའི་རྩ་བའི་གྲུབ་ཆ་ཡིན། དེ་ནི་ལུས་ཕུང་ལ་དངས་མ་ལེན་མི་དགོས།