ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

གླང་འདུན་རྡོ་རྗེ་སྒྲོལ་དཀར། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ཀྱི་ཕོ་ཉ་ཞིག

སྤེལ་དུས 2014-05-04 ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར། རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུར།

གླང་འདུན་རྡོ་རྗེ་སྒྲོལ་དཀར་ལགས་ནས་བོད་ཀྱི་གསོ་རིག་གནའ་གཞུང་བསྡུ་གཉེར། དག་སྒྲིགས། འགྲེམས་སྤེལ་གནང་བའི་གཏམ་རྒྱུད།

ཁོ་མོས་ལོ་ངོ་བཅུ་ཕྲག་མང་པོར་དགོན་སྡེ་དང་ཞིང་གྲོང་། འབྲོག་ཁུལ་བཅས་ལེ་བར་ཁྲི་ཕྲག་བརྒྱུད་ནས་བོད་སྨན་མཁས་པ་དག་གཏུགས་སྟེ་དཔེ་ཆ་སྣེ་གྲངས་༦༠༠༠ལྷག་དང་། ཤོག་ལྡེབ་ཁྲི་སུམ་ཅུ་ལྷག་གི་རྩ་ཆེན་རྒྱུ་ཆ་དག་བསྡུ་གཉེར་བྱས། བོད་ཀྱི་གསོ་རིག་ཞིང་དུ་སྔར་མེད་ཀྱི་སྟོང་ཆ་བསྐང་ཐུབ་པ་བྱུང་བ་དང་། རླབས་ཆེན་ཀྱི་ཆེས་གནའ་བོའི་ཕུལ་བྱུང་བོད་སྨན་གནའ་གཞུང་ལེགས་སྒྲིག་ལ་མཛད་རྗེས་བཞག དེ་ལྟར་མི་མང་གིས་ཁོང་ལ་བོད་ཀྱི་གསོ་རིག་གི་རྒྱུད་འཛིན་ཕོ་ཉ་ཞེས་བསྔགས་བཞིན་མཆིས། 

ཟླ་༤བའི་ཚེས་༢༤ཉིན་གྱི་ཕྱི་དྲོར། གསར་འགོད་པ་བོད་ལྗོངས་གསོ་རིག་སློབ་གླིང་གི་ཁྱད་འཕགས་དཔེ་མཛོད་ཁང་དུ་སོང་ཞིང་།དགུང་ལོ་༦༠ཉེ་བའི་རྡོ་རྗེ་སྒྲོལ་དཀར་ལགས་ཀྱི་མིག་ཤེལ་ཆུང་ཆུང་ཞིག་བརྒྱབ་ཅིང་། ལྭ་བ་དཀར་པོ་ཞིག་གྱོན། ལྡེ་མིག་མང་པོ་ཞིག་ཕྱག་ན་བསྣམས་སྟེ་དཔེ་ཁང་དུ་འདུག་ལ། ད་རུང་སུམ་ཐོག་ཏུ་ཕྱིན་སྟེ་པར་བཤུ་དང་དག་སྒྲིག ལས་སྣེ་བརྗེས་སྤོར་སོགས་ལ་བཀོད་སྒྲིག་བྱེད་དགོས་པ་རེད།