ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཨེད་ཛི་ནད་འགོས་མཆེད་སྡོམ་རྩིས།

སྤེལ་དུས 2014-05-11 ཡོང་ཁུངས། གསོ་སྨན་སྣ་བརྒྱ་དྲ་བ  རྩོམ་པ་པོ། བསོད་ནམས་རྡོ་རྗེ།

༢༠༠༧ལོའི་ཟླ་༡༡པའི་ཚེས་༢༩ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེད་ཛི་སྔོན་འགོག་ལས་བྱེད་ཨུ་ཡན་ལྷན་ཁང་གི་གཞུང་ལས་ཁང་། འཕྲོད་བསྟེན་པུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་གོའི་ཨེད་ཛི་ཆེད་དོན་ཚན་པས་ཀྲུང་གོའི་ཨེད་ཛི་སྔོན་འགོག་མཉམ་འབྲེལ་གདེང་འཇོག་སྙན་ཞུ་༼༢༠༠༧༽ཆེད་དོན་གསར་འགོད་གསལ་བསྒྲགས་ཚོགས་འདུ་བསྡུས།གསལ་བསྒྲགས་ལྟར་ཀྲུང་གོའི་ཨེད་ཛི་ནད་ཀྱི་རྒྱུ་ཆ་གསར་བ་སྟེ་༡༠༠༧ལོའི་ཟླ་༡༠བའི་ཟླ་མཇུག་ཏུ། རྒྱལ་ཡོངས་ཨེད་ཛི་ནད་དུག་འགོས་ཁྱབ་བྱུང་བའི་སྙན་ཞུའི་མི་འབོར་༢༢༣༥༠༡ལ་སླེབས་པ་དང་།དེ་ལས་ཨེད་ཛི་ནད་དུག་ཅན་༦༢༨༣༨ཙམ་དང་། ཤི་ཟིན་པའི་སྙན་ཞུ་མི་འབོར་༢༢༢༠༥ལ་སླེབས་པ་རེད། ལོ་མཇུག་ཏུ་རང་རྒྱལ་ད་ཡོད་ཨེད་ཛི་ནད་དུག་ཅན་ཁྲི་༧༠ལ་སླེབས་པ་དང་། ཆ་ཡོངས་སུ་འགོས་མཆེད་ཀྱི་བསྡུར་ཚད་བརྒྱ་ཆའི་༠་༠༥ཙམ་རེད། དེ་ལས་ཨེད་ཛི་ནད་པ་ཁྲི་༨་༥ཟིན་པ་དང་། ལོ་དེར་གསར་ཏུ་བྱུང་བའི་ཨེད་ཛི་ནད་པ་འགོས་མཆེད་ཅན་ཁྲི་༥ཡོད་པ་རེད། འདས་གྲོངས་སུ་གྱུར་བ་ཁྲི་༢ཡོད་པ་རེད། དེ་དག་ལས་གསར་དུ་འགོས་མཆེད་བྱུང་བ་ལས་ཕོ་མོའི་འཁྲིག་སྦྱོར་ལས་བྱུང་བའི་མི་འབོར་བརྒྱ་ཆའི་༤༤་༧ཟིན་པ་དང་། སྐྱེས་པ་བརྒྱ་ཆའི་༡༢་༢། དུག་སྤྱོད་པ་བརྒྱ་ཆའི་༤༢། ཨ་མ་ལས་བུ་ལ་བགོས་པ་བརྒྱ་ཆའི་༡་༡ཙམ་ཟིན་པ་རེད།

ཀྲུང་གོས་ཨེད་ཛི་སློབ་གསོ་རྒྱ་ཁྱབ་དུ་སྤེལ་བ་ཡིན་ནའང་། སྤྱི་ཚོགས་སྟེང་ཨེད་ཛི་ནད་ཀྱི་འགོས་མཆེད་སྔར་ལྟར་འཕེལ་བཞིན་ལ་ངེས་ཤེས་གསལ་བོར་མ་བྱུང་བའི་གནས་ཚུལ་རེད།

༢༠༠༩ལོའི་ཟླ་༢བའི་ཚེས་༡༨ཉིན། ཀྲུང་གོའི་འཕྲོད་བསྟེན་པུའུ་ཨེད་ཛི་ནད་ཡམས་སྙན་ཞུ་ལྟར་ན། ༢༠༠༨ལོའི་སྔོན་གྱི་དུས་ཚིགས་གསུམ་པོར་ཀྲུང་གོའི་སྤྱི་སྡོམ་ཨེད་ཛི་ནད་ཀྱིས་ཤི་ཟིན་པའི་མི་འབོར་༦༨༩༧ལ་སླེབས་པ་རེད། ཐེངས་དང་པོར་གློ་གཅོང་དང་ཁྱི་སྨྱོན་གྱི་དུག་ལས་བརྒལ་བའི་ནད་ཡམས་ཞིག་ཏུ་གྱུར་ཡོད་པ་རེད།

ཧོང་ཀོང་གི་ཨེད་ཛི་གནས་ཚུལ།

ཧོང་ཀོང་ཏུ་༡༩༨༤ལོར་ཆེས་ཐོག་མར་ཨེད་ཛི་ནད་འགོས་མཆེད་ཀྱི་དོན་རྐྱེན་བྱུང་ཞིང་། ༡༩༨༥ལོར་ཆེད་ཆེས་ཐོག་མར་གསར་རྙེད་བྱུང་།༢༠༠༨ལོའི་ཟླ་༩བར་ཧོང་ཀོང་གི་འཕྲོད་བསྟེན་ཁོང་གཏོགས་ཨེད་ཛི་ནད་འགོས་མཆེད་སྡོམ་རྩིས་བླངས་པ་ལྟར་ན། ༡༩༨༤ལོར་གསར་དུ་བྱུང་བ་ནས་ཨེད་ཛི་ནད་པ་༣༩༤༡ལ་འགོས་མཆེད་བྱུང་བ་དང་། ༡༩༨༥ལོ་ནས་སྡོམ་གྲངས་༩༩༨ཙམ་ལ་དོན་རྐྱེན་གསར་རྙེད་ཀྱི་ཨེད་ཛི་ནད་པར་ཚུད་པ་རེད།

ཧོང་ཀོང་ཏུ་ལོ་ངོ་མང་པོར་འཁྲིག་སྦྱོར་ནི་ཨེད་ཛིའི་འགོས་ལམ་གཙོ་བོ་ཞིག་རེད། ༢༠༠༨ལོའི་ཟླ་༩བར་སྡོམ་རྩིས་ལྟར་ན། ༡༩༨༤ལོར་ནད་དུག་འགོས་མཆེད་ཀྱི་དོན་རྐྱེན་དེ་ལས་བརྩམས་སྟེ་འཁྲིག་སྤྱོད་ལ་བརྟེན་ནས་ཨེད་ཛི་འགོས་མཆེད་བྱུང་བའི་དོན་རྐྱེན་གྱིས་བརྒྱ་ཆའི་༧༤ཙམ་ཟིན་པ་རེད། ཨེད་ཛི་འགོས་མཆེད་ནད་པ་ལས་བརྒྱ་ཆའི་༨༥ཙམ་རེད། འདི་ལྟར་ལྟོས་ན་ཕོ་མོ་འཁྲིག་སྦྱོར་ལ་བརྟེན་པའི་འགོས་མཆེད་ཀྱི་ཨང་དང་པོ་ཟིན་པ་དང་། མཚན་མཐུན་སྤྱོད་པ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་བསྡུར་ན་བརྒྱ་ཆའི་༣ནས་༥ཙམ་ཟིན་པ་རེད། དེ་ལྟར་ཕོ་མོ་འཁྲིག་སྤྱོད་ལས་མཚན་མཐུན་སྤྱོད་པ་ལས་ཨེད་ཛི་འགོས་མཆེད་ལྡབ་བཅུ་ཙམ་གྱིས་ཉེན་ཚབས་ཆེ་ཞིང་། མཚན་མཐུན་སྤྱོད་པ་ནི་ཨེད་ཛི་འགོས་མཆེད་ཉེན་ཚབས་ཆེ་བའི་མི་ཚོགས་དེ་རེད།

ཧོང་ཀོང་གི་ཨེད་ཛི་ནད་ལས་འགུལ་ནི་སྲིད་གཞུང་དང་དང་བླངས་མིའི་རྩ་འཛུགས་ཀྱིས་གྲུབ་ཅིང་།སྲིད་གཞུང་གིས་ཨེད་ཛི་ནད་འགོས་མཆེད་ལ་བལྟ་རྟོགས་དང་ཞིབ་བཤེར་ལ་འགན་ལེན་པར་གཏན་འབེབས་དང་། སྲིད་གཞུང་དེ་དང་ཆབ་ཅིག་ཏུ་གྲོང་སྡོད་ཁོར་ཡུག་སོགས་སུ་ཨེད་ཛི་སྔོན་འགོག་སློབ་གསོའི་ལས་ཀ་ཁྱབ་བརྡལ་དུ་གཏོང་བཞིན་མཆིས།

ཐེ་ཝན་གྱི་ཨེད་ཛི་གནས་ཚུལ།

ཐེ་ཝན་དུ་༡༩༨༤ལོའི་ཟླ་༡༢བར་ཆེས་ཐོག་མར་ཨེད་ཛི་ནད་ཀྱི་དོན་རྐྱེན་བྱུང་ཞིང་། ཕྱི་ལོགས་ནས་ལྗོངས་རྒྱུ་མགྲོན་པོ་ཞིག་ལས་ཞིབ་བཤེར་ཐོན་པ་རེད། ༡༩༨༦ལོའི་ཟླ་༢བའི་ཟླ་མཇུག་ཏུ་ཐེ་ཝན་མི་རང་ཉིད་ལ་འགོས་མཆེད་ཀྱི་དོན་རྐྱེན་བྱུང་། ༡༩༨༨ལོ་ནས་གཏན་འབེབས་བྱས་པ་ལྟར་ཟུངས་ཁྲག་མཁོ་འདོན་པའི་ཁྲག་ལ་ནད་དུག་ཡོད་མེད་ཞིབ་བཤེར་བྱས་པ་བརྒྱུད་བེད་སྤྱོད་གཏོང་རྒྱུ་བྱས། ༡༩༩༠ལོར་གསལ་བསྒྲགས་བྱས་ཤིང་ཡམས་འགོག་ནུས་པ་ཞན་པའི་སྐབས་སུ་འགོག་བསྲུང་ཚན་པ་ཕྱེས་པ་རེད། HIVནད་དུག་ཅན་སྨན་པ་བསྟེན་པའི་དང་བླངས་མིར་སྲིད་གཞུང་གིས་སྨན་ཁང་དང་གྲགས་ཅན་སྨན་པས་ཞིབ་བཤེར་བྱས། ཐེ་ཝན་དུ་ཨེད་ཛི་ནད་པའི་གསོ་བཅོས་ཞབས་ཞུ་ཐམས་ཅད་རིན་མེད་སྲིད་གཞུང་ནས་འགན་ལེན་བྱས། ༢༠༠༦ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་ཨེད་ཛི་ནད་ནི་ཐེ་ཝན་བདེ་ཐང་འགན་བསྲུང་ནད་བཅོས་ཁོར་ཡུག་ལས་ཚད་བརྒལ་བྱུང་བས། སྲིད་གཞུང་ནས་སྔོན་དཔག་ཚོད་རྩིས་བྱས་པ་ལྟར་ན་མ་འོངས་བར་སྲིད་གཞུང་གིས་སྤྱི་གཞུང་གི་ཚོད་རྩིས་ཉུང་ངུར་བྲི་ཞིང་། ཐེ་ཝན་གྱི་ཨེད་ཛི་ནད་པའི་རིན་མེད་གསོ་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་ཤན་ཞུགས་ཐེབས་རྒྱུ་རེད།ཨེད་ཛི་སློབ་གསོ་ཐེ་ཝན་དུ་སྔ་མོ་ནས་ཁྱབ་བརྡལ་བྱས་ནའང་སྤྱི་ཚོགས་སྟེང་ཆ་ཡོངས་ནས་ཨེད་ཛི་འགོས་མཆེད་ཀྱི་ངེས་ཤེས་གསལ་པོར་མེད་པའི་སྣང་ཚུལ་བྱུང་བཞིན་འདུག

ནོར་འཁྲུལ།