ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་འབྲེལ་བའི་ཆོས་སྤྱོད་སྨོན་ལམ་སྐོར་དང་བདེ་ཐང་གི་འབྲེལ་བ་གླེང་བ། ༢

སྤེལ་དུས 2014-07-20 ཡོང་ཁུངས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ། རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུར།

གཉིས་པ། གསོལ་འདེབས་སྨོན་ལམ་དང་འབྲེལ་བའི་བདེ་ཐང་། 

གོང་བཤད་བཞིན་སྐྱེས་རྒ་ན་འཆི་ནི་མི་ཚེ་ཡི་སྡུག་བསྔལ་ཆེན་པོ་བཞི་རེད། དེ་ཡང་བཤད་ན་བདེ་ཐང་ནི་མི་རྣམས་ཀྱི་ཡིད་སྨོན་རེ་བ་ཉག་གཅིག་རེད། དེ་བས་བོད་མི་རིགས་ཀྱི་རྟག་པར་ཚེ་རིང་ལོ་བརྒྱ་ཟེར་བ་ལྟར་།བོད་བརྒྱུད་ནང་བསྟན་གསོལ་འདེབས་སྨོན་ལམ་དག་དུའང་དེ་ལྟར་བསྟན་ཡོད།ཞི་གནས་ལ་གོམས་པས་སེམས་ཁམས་ཞི་བ་དང་བདེ་ཐང་ལ་འབྲེལ་ཡོད།ཕྱག་འཚལ་བ་དང་བསྐོར་བ་དང་འབྲེལ་བའི་འགུལ་སྐྱོད་ཙམ་དང་གསོ་རིག་གིས་བཤད་ནའང་དམིགས་བསལ་དེ་ལྟར་རེད།གནའ་དུས་ནས་མི་མང་གིས་ལུས་པོ་བདེ་ཐང་གི་ཕྱོགས་གསལ་བོར་རྟོགས་ཡོད།  ལྷུག་རྩོམ་ལས་ང་ཚོས་རྒྱུན་མཐོང་གི་གསོལ་འདེབས་དག་ལ་ང་ཚོས་རང་ཉིད་ཀྱི་དད་མོས་དང་དོན་དངོས་ཀྱི་དགེ་མཚན་དག་ལས་བདེ་ཐང་དང་སེམས་ཁམས་ཞི་བདེ་སོགས་མཚོན་ཡོད། འདི་ལྟར་བཤད་པ་བཞིན་གསོལ་འདེབས་ཙམ་མ་ཡིན་པར་མི་རྣམས་ཀྱི་སེམས་ཁམས་སུ་མི་སངས་རྒྱས་ངོ་བོ་དབྱེར་མེད་དུ་གླེང་བ་ལྟར་མི་རྣམས་ཀྱི་བདེ་ཐང་དང་འབྲེལ་ཡོད། སངས་རྒྱས་ནི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དང་དེ་ལྟར་དམིགས་ཡུལ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་པ་དེ་རེད། འདི་ལས་བདེ་ཐང་གི་ཤེས་བྱའང་དམངས་ཁྲོད་དུ་དར་ཞིང་འགྲོ་བ་སྒྲོལ་བ་དང་རྒྱལ་གཅེས་དམངས་གཅེས་སུ་འཁུམས།ང་ཚོས་གཙོ་བོ་གསོ་རིག་དང་འབྲེལ་འགུལ་སྐྱོད། སེམས་ཁམས་བཅས་ལ་འབྲེལ་བའི་བདེ་ཐང་དང་འབྲེལ་འདུག སྔོན་མར་བོད་ཀྱི་རིག་གནས་སློབ་གསོ་ཐ་དག་དགོན་པར་དར་ཞིང་། དགོན་སྡེ་ནི་རིག་གནས་ཀྱི་བསྟི་གནས་མཆོག་ཏུ་གྱུར་བ་ཞིག་རེད། གྲྭ་བཙུན་སྟོང་ཕྲག་ལས་བརྒལ་བའི་རྒྱུན་དུ་སློབ་གཉེར་དང་ཉམས་ལེན་གནང་ས་སྟེ། དཔེར་ན་གནམ་རིག་སྐར་རྩིས། གསོ་རིག མཚན་ཉིད་རིག་པ། སེམས་ཁམས་རིག་པ་བཅས་མང་པོ་འདུས་ཡོད། མི་སུ་ལའང་བདེ་སྡུག་གང་བྱུང་ཡང་དགོན་པར་སྐྱབས་འཇུག་ཞུ་ས་ཉག་གཅིག་རེད། ལུས་སྐྱིད་སེམས་བདེ་ཡི་ཆེད་དུ་ཕྱག་འཚལ་བ་དང་བསྐོར་བར་ཕེབས་པ་སོགས་ཀྱི་ཆོས་སྤྱོད་མང་པོ་དར། ནད་མེད་ཚེ་རིང་གི་རིག་པ་འདི་དག་ནི་འགུལ་སྐྱོད་དང་རྩོལ་བ་ལ་འབྲེལ་ཡོད། འགུལ་སྐྱོད་ཙམ་ལས་གླེང་ན།ཕྱག་འཚལ་བ་ནི་ལུས་ཡོངས་ཀྱི་འགུལ་སྐྱོད་དང་གློ་བའི་དབུགས་གཏོང་ལེན་དང་སྙིང་གི་ཁྲག་འཁོར་སྐྱོད། ཤ་གྲིམས་རྣམས་དང་རུས་ཚིགས་ཐམས་ཅད་མཉེན་མོར་ཆགས། མདོར་སྙིགས་བཅུད་ལེན་དང་དང་ག་བདེ་ལ་སྟོབས་ཤུགས་འཕེལ་བར་འགྱུར།དེ་དང་འབྲེལ་ཁྲག་གར་པོ་དང་། རྩ་འགག་པ། སྙིང་རླུང་། གཅིན་སྙི་ཟ་ཁུ། ཕོ་ཚད་བཅས་ལ་ཕན་ཞིང་ནད་མེད་ཚེ་བསྲིང་གི་འབྲས་བུ་སྨིན་པར་ངེས། གཞན་ཡང་མཆོད་མཇལ་སྐབས་སུ་སེམས་ཁམས་ཞི་བ་དང་དད་མོས་རྣམ་དག་གིས་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ལ་འབྲེལ་བ་ངེས་ཅན་ལྡན་ཡོད། བསྐོར་བ་ལ་ཕེབས་པ་དང་མི་ཎི་བསྐོར་བ་བཅས་རྒྱུན་ལྡན་གྱི་འགུལ་སྐྱོད་དང་། གསོ་རིག་ལས་བསྟན་བསྟན་པར་རྟག་དུ་བསྐོར་བ་ལ་ཕེབས་མཁན་དག་ལ་སོག་པའི་གཉན་ཚད་དང་། ཁྲག་ཤེད་མཐོ་བ། སྙིང་གི་ན་ཚ་བཅས་ལ་འགོག་སྲུང་ཐུབ། གསོ་རིག་གིས་སྡོམ་རྩིས་ལྟར་ནའང་བོད་མི་རིགས་ནི་ཁྲག་ཤེད་མཐོ་བའི་ནད་གཞི་འབྱུང་ཚད་ཆེས་དམའ་བར་ཆགས་ཡོད། འདི་ལྟར་གསོལ་འདེབས་དང་འཚོ་བའི་གོམས་གཤིས་ལ་འབྲེལ་ཡོད། དེ་བས་མི་རྣམས་ཀྱི་དད་མོས་དང་བྱང་སེམས་ལའང་འབྲེལ་ཡོད། བློ་སེམས་བདེ་ཐང་དང་ལུས་པོ་བདེ་ཐང་འབྱུང་བ་རེད། བསང་མཆོད་ཀྱི་སྐབས་སུའང་ལྷ་མི་གཞི་གཅིག་དང་བློ་སེམས་འཕེལ་བར་འགྱུར། སེམས་ཁམས་ཀྱི་གསོ་བཅོས་ལས་ཀྱང་གསོལ་འདེབས་ནི་རྟོག་ལྡང་གི་འདུ་ཤེས་དང་ལྷ་གསོལ་དད་མོས་ཀྱི་ཆོ་ག་ཞིག་དང་བདེ་ཐང་ལ་ངེས་པར་འབྲེལ་ཡོད།བོད་ཁམས་ཡོངས་སུ་མི་རྣམས་གང་དུ་ཕྱིན་ཡང་ཕྲེང་བ་དང་འབྲལ་མེད་དུ་གནས་ཡོད། དེ་ལས་ཀྱང་ལུས་པོའི་གསང་དམིགས་མང་པོ་ཞིག་ལ་ཤན་ཞུགས་པ་རིག་པ་གསལ་བ་དང་ཁྲག་ཁམས་འཁོར་རྒྱུགས་ལ་ངེས་པར་ཕན་འདུག 

 ཞི་གནས་སྒོམ་པ་ནི་སེམས་ཁམས་ཞི་བདེ་ཡི་ཐབས་ལམ་ཉག་གཅིག་རེད། ནང་ཆོས་ལས་མིའི་ཤེས་རབ་བསྐྱེད་པ་དང་སེམས་ཁམས་བདེ་ལ་འབབ་སྲིད། དེ་ལྟར་ཤེས་རབ་དང་བསམ་གཏན་ཟུང་དུ་འབྲེལ་བ་ཞིག་རེད། རྩ་རླུང་སྒོམ་སྐབས་ཀྱང་ལུས་པོ་བདེ་ཐང་ངེས་པར་ཕན་ཞིང་མི་མང་པོར་ལུས་པོར་བརྟག་པར་ཚན་རིག་གིས་བདེན་དཔང་བྱས་ཡོད། ཞི་གནས་སྒོམ་པ་ལ་སེམས་ཁམས་ཀྱི་ཉོན་མོངས་གྱུར་བ་ཐ་དག་ལས་འདས་ནས་སེམས་ཁམས་བདེ་ཐང་དུ་འགྱུར་སྲིད། མི་རྣམས་ཀྱིས་རྒྱུན་པར་ཞི་གནས་སྒོམ་པ་ལ་སེམས་ཁམས་ཞི་ཞིང་རྩ་རླུང་བདེ་བར་འགྱུར། དེ་བས་ཞི་གནས་སྒོམ་པ་ལ་ཕན་འབྲས་ཆེན་པོ་གསུམ་སྟེ། སེམས་པ་བརྟན་པོ་དང་། རིག་པ་གསལ་བ། གཤིས་ཀ་འགྱུར་བ་བཅས་སོ། ཞི་གནས་ལ་གོམས་པས་དབུགས་ཀྱི་འབྱིན་རྔུབ་དང་དམིགས་ཡུལ་ནི་ཕོ་བར་རླུང་རྒྱུ་བ་ཚད་ལྡན་དང་རྩ་དཀར་མ་ལག་ལའང་ཕན་པར་ངེས། ཁྲག་རྩའི་བུ་ག་དག་ཅིང་རླུང་ཁྲག་གི་རྒྱུ་བ་ཚད་ལྡན་དུ་འགྱུར། བསམ་གཏན་དང་ཞི་གནས། དུག་སེལ་བཅས་ཀྱི་ཕན་ནུས་ལྡན།དེ་བས་ཁྲག་རྩའི་འཁོར་རྒྱུགས་དང་དྭངས་མ་ལེན་པའི་ནུས་པ་འཕེལ་ཞིང་ཕྲ་ཕུང་ཐ་དག་གསོན་ཤུགས་ཀྱིས་བྱེད་ནུས་ལྡན་པར་གཟུགས་པ་ལ་ནུས་པ་བསྐྱེད། བསམ་གཏན་གྱིས་ནད་གཞི་བཅོས་ཐུབ་ལ་ཕྱི་རྒྱལ་ཆེད་མཁས་པ་དག་གིས་ཞིབ་འཇུག་སྡོམ་རྩིས་གནང་བ་གཤམ་གསལ་ལྟར། དེ་ཡང་ནད་གཞི་བཅུ་གཉིས་ཙམ་གསོ་ཐུབ་ལ།རྩ་དཀར་དང་། ཕོ་སྐྱུར། རྒྱུ་ལོང། གློ་གཅོང་། གཉིད་ཡེར་བ། མ་ཞུ་བ། ཕོ་བ་སྨུག་པོ། ཕོ་རྒྱུའི་ན་ཚ། རྟུག་སྐམ། རྒྱུ་ཚད། མཁྲིས་རྡོ། ཁྲག་ཤེད་མཐོ་བ་བཅས་སོ།  

སེམས་ཁམས་ལའང་བརྩོན་འགྲུས་དང་། གཏན་ཚིགས། ཡིད་དཔྱོད། རྫོགས་བྱང་། ཀླད་པ་མྱུར་བ། བསམ་གཏན། འདུ་ཤེས། ཉོན་མོངས་ཟད་པ།རྟོགས་པ་གྲོལ་བ་བཅས་སོ། 

 དེ་ལྟར་ཤེས་གསལ་ལ་མི་རིགས་སུ་ཞིག་དང་སྤྱི་ཚོགས་གང་ཞིག རིག་གནས་ཀྱི་རྒྱབ་ལྗོངས་གང་འདྲ་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་ཚད་གཞི་ཞིག་ཆགས་ཤིང་། ཁོང་ཅག་གི་བསམ་བློ་རིག་གནས་གསོ་བཅོས་ཐབས་ལམ་ཡང་མི་འདྲ་བ་ཆགས་ཡོད། དེང་སྐབས་སྤྱི་ཚོགས་སྟེང་སྨྱོ་བྱེད་ནད་པ་དག་ལ་སྨན་རྫས་ལས་གཞན་ཆོས་ལུགས་སམ་སེམས་ཁམས་གོས་བཅོས་ཐབས་ལམ་དང་། སྤྱོད་ལམ། ཐུན་མོང་གསོ་བཅོས་བྱེད་དགོས་པ་རེད། ང་ཚོས་ལྟས་ན་གནས་ཚུལ་འདི་འདྲའི་འོག་ཏུ་མི་རྣམས་ཀྱི་སྨན་རྫས་གསོ་བཅོས་ནི་ཕན་འབྲས་དམིགས་བསལ་དང་ལྡན་ཞིང་། དེ་བས་ཤེས་པ་འཐིབས་པར་བྱེད་པའི་སྨན་རྫས་ལའང་དོགས་པ་ཟ། རྒྱུ་མཚན་ནི་ཤེས་པ་འཐིབས་པར་བྱེད་པའི་སྨན་རྫས་སྐོར་ལ་དེ་བས་ཞོར་སྐྱོན་ཡང་ལྡན་པ་རེད། གཞན་ཡང་ཕྱོགས་གཅིག་ནས་བཤད་ན་ཕྱི་ཚུལ་ཙམ་ལས་ཕན་འབྲས་བཟང་པོ་ཐོན་ཐུབ་མེད།དཔེར་ན་ཨ་རིའི་རིག་གནས་ལྟེ་བའི་སེམས་ཁམས་རིག་པའི་ཆེད་མཁས་མཱ་ཨར་སུད་ལས་རིག་གནས་ལས་བརྒལ་བའི་སེམས་ཁམས་རིག་པ་ཞེས་པ་ལས། སྨྱོ་ནད་ཅན་མང་པོ་ཞིག་གསོ་བཅོས་ལས་ཆ་ཚང་བར་དྲག་སྐྱེད་འབྱུང་མི་ཐུབ། དེང་སྐབས་སྨན་པ་ངོས་ནས་བཤད་ན་ནམ་ཡང་གསལ་པོར་བརྗོད་དཀའ་བར་འགྱུར།ཆོས་ལུགས་དད་མོས་བེད་སྤྱོད་དང་དེ་ཡིས་སེམས་ཁམས་གསོ་བཅོས་བྱས་པར་སྐྲག་སྙིང་དང་ཡི་ཆད་སོགས་ལ་ཕན་པ་འབྱུང་། ནད་པར་རེ་བ་ཉག་གཅིག་སྤྲད་པ་ནི་དམིགས་བསལ་ཕན་ནུས་ནི་ངོས་བཟུང་སྐབས་ལས་གལ་ཆེན་དུ་ཆགས་ཡོད། གཞན་ཡང་དོན་མེད་དུ་སྔགས་ཟློས་པ་སོགས་ཆོ་གས་ནད་པ་ལ་བདེ་འཇགས་ཀྱི་བསམ་བློ་འཁོར་སྲིད།དེ་ལྟར་ལྷ་བ་དང་མོ་པྲ་སོགས་ལས་ཕན་འབྲས་འབྱུང་ཞིང་ལེགས་གྲུབ་འབྱུང་བ་འང་ཡོད།

དེང་རབས་གསོ་རིག་གིས་སྨྱོ་ནད་གསོ་བཅོས་ལ་གཏིང་ཟབ་མོས་རྒྱུས་ལོན་བྱུང་མེད་པ་དང་། རང་བྱུང་གིས་ནད་སྨན་སྤྲོད་ཁེག་པོར་ཆགས། བོད་རིགས་ནི་གྲངས་ཉུང་མི་རིགས་ཀྱི་ཁྲོད་དང་ལྷ་གསོལ་འདྲེ་བཀར་གྱི་ཆོ་ག་ལ་བརྟེན་ནས་སྨྱོ་ནད་བཅོས་པ་ནི་རྒྱུན་ལྡན་དུ་གྱུར་ཡོད། ང་ཚོས་མི་རིགས་རིག་པའི་ཚད་ཐིགས་ལས་ལྟོས་ནའང་དོན་དངོས་སུ་ཆོས་ལུགས་ཀྱི་ཆོ་ག་ཞིག་དང་མི་རྣམས་ཀྱིས་སྨྱོ་ནད་སོགས་ཡུན་རིང་བཅོས་སྐྱེད་མེད་པ་དག་ལ་གདོན་རྒྱབ་གཅོད་པ་སྟེ་ཆོས་ལུགས་ཆོ་ག་ལ་བརྟེན་དགོས་པ་རེད། དེ་ནི་སྨན་པ་དང་ཆོས་ལུགས་མཁན་ལ་འབྲེལ་ཏེ་སྨན་རྫས་གསོ་བཅོས་ལས་ཆོས་ལུགས་ཆོ་ག་ནི་རང་བྱུང་དང་མཚམས་ཞིང་། སྨན་བསྟེན་བཞིན་པའི་གོ་རིམ་དུའང་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ཆོག འདི་ནི་ནད་པ་ངེས་པར་དུ་ཕན་ཞིང་ཕན་འབྲས་མངོན་གསལ་འབྱུང་བ་ཡིན། དེང་སྐབས་གསོ་རིག་ལས་སེམས་ཁམས་གསོ་་བཅོས་ཐབས་ལམ་དང་ནང་ཆོས་ལས་ཞི་གནས་སྒོམ་པ་ལྟ་བུ་འདྲ་མཚུངས་སུ་མཆིས།

འཇར་པན་གྱི་མཁས་པས་འབྲས་སྐྲན་ནད་པར་གསོ་བཅོས་བྱས་པའི་སྤྱི་སྡོམ་ལྟར་ན། སྨྱོ་ནད་སེམས་ཁམས་ཅུང་ཟད་བདེ་ཐང་གི་ནད་པར་ཕལ་ཆེར་ཚེ་ལོ་རིང་ཙམ་དང་། སེམས་ཁམས་གློ་བུར་བ་འགྱུར་ལྡོག་འགྲོ་མཁན་ལ་ནད་བབས་ལྕི་ཞིང་། སེམས་ཁམས་རིག་པའི་ཚད་གཞི་ལྟར་ན་ཁོར་ཡུག་དང་འབྲེལ་མི་རྣམས་ལ་མང་ཙམ་འབྲེལ་འདྲིས་བྱས་ཤིང་རང་བྱུང་ཁམས་ངེས་ཟིན་པ་དང་། སྤྱི་ཚོགས་སྟེང་མི་དང་རང་ཉིད་ཀྱི་འབྲེལ་བ་དང་།གཞན་འབྲེལ་བ་བརྒྱུད་རང་རྟོགས་ཀྱི་ནུས་པ་འདོན་ཐུབ་དགོས། རང་ཉིད་ནས་སྤྱི་མཚན་གྱི་རང་དང་རང་མ་ཡིན་པ་དབྱེ་འབྱེད་བྱེད་དགོས། རང་མཚན་དང་རང་ཉིད་ཇི་ལྟར་ཡིན་པར་ཞིབ་བཤེར་བྱེད་དགོས། དངོས་སུ་འདི་ལྟར་བྱུང་བ་དང་། ཆོས་ལུགས་དད་མོས་ཅན་གྱིས་ལྷན་སྐྱེས་ཀྱི་སེམས་ཁམས་དང་། རྒྱུ་མཚན་ནི་མི་རྣམས་ཀྱིས་སྐྱེས་རྒ་ན་འཆི་ནི་ཆོས་ཉིད་ཅིག་སྟེ་སུས་ཀྱང་ལྡོག་དུ་མེད། དེ་བས་ནང་བསྟན་གྱིས་རང་ཉིད་ཀྱི་བདེ་སྣང་འཇིག་རྟེན་གཞན་ཞིག་ལ་སྐྱེལ་ཞིང་། གལ་སྲིད་སེམས་ཁམས་མི་སྐྱིད་པ་དང་འགྱུར་བ་བྱུང་བར་དེ་ལས་ལྡོག་སྟེ་བསམ་བློ་གཏོང་དགོས། སེམས་བྱུང་འདིས་བསམ་བློར་སྤྲད་པ་ནི་ནད་འབུ་རྒོད་པོ་ཞིག་གི་ཚེ་སྲོག་བཅོམ་པ་དང་། དེ་ལས་ལྡོག་སྟེ་ཚེ་ལོ་རིང་བ་དང་འབྲས་སྐྲན་འགོག་བཅོས་ལ་ཕན་འབྲས་འབྱུང་སྲིད།

  རང་རྒྱལ་གྱི་སྨྱོ་ནད་ཆེད་མཁས་པས་གྲངས་ཉུང་མི་རིགས་ཀྱི་སྨྱོ་ནད་བཅོས་བའི་ཞིབ་འཇུག་རྒྱུ་ཆར་ལྟོས་བར། ཆོས་ལུགས་ཀྱིས་སྨྱོ་ནད་བཅོས་པ་ལ་མངོན་གསལ་དུ་ཕན་འབྲས་ཐོན་ཞིང་། གྲངས་ཉུང་མི་རིགས་ཀྱི་སྨྱོ་ནད་ཅན་རྒས་ཚད་ཀྱང་རྒྱལ་ནང་ལ་དམའ་ཞིང་།དེ་ལ་ངལ་རྩོལ་སྟོབས་ཤུགས་དང་རྒྱུ་རྐྱེན་གཉིས་སྟེ། དང་པོ་སྨྱོ་ནད་ཅན་ལ་བློ་ཡངས་དང་སེམས་ཁུར་གྱིས་རྣམ་པས་ནད་པའི་སེམས་ཁམས་དྭངས་པོ་དང་། གཉིས་པ་ནི་སེམས་ཁམས་གསོ་བཅོས་སྟེ་ལྷ་གསོལ་འདྲ་བཀར་གྱི་ཆོ་གས་ཀྱང་ནད་པར་དྲག་སྐྱེད་འབྱུང་། དོན་དངོས་སུ་སེམས་ཁམས་གསོ་བཅོས་ནི་དམིགས་བསལ་ཕན་འབྲས་ཅན་སྟེ་དེ་ཡིས་ནུས་པ་ངེས་ཅན་ཞིག་ཐོན་འདུག

མི་འགའ་ཤས་ནས་འདི་ལྟར་སྡོམ་རྩིས་བྱས་ཤིང་། འཛམ་གླིང་ཚེ་ལོ་ཆེ་རིང་བའི་ས་གནས་དང་། སྔོན་མར་ཨ་རུ་སིའི་ཨ་ཧན་པེ་ཅང་ཟེར་བར་ལོ་བརྒྱའི་ཡན་ཆད་ཟིན་པ་ཁྲི་ཆའི་དྲུག་ཚེག་གསུམ་དང་། ཀི་གུ་ཏོ་འར་ཡི་པུས་འར་ཁ་ས་གནས་སུ་ཁྲི་ཆའི་ཆིག་བརྒྱ་བཅུ་ཟིན་པ་དང་། གནའ་དུས་ཀྲུང་གོའི་གྲྭ་བཙུན་ལོ་བརྒྱའི་ཡན་ཟིན་པའི་ཁྲི་ཆའི་ཉིས་བརྒྱ་བཅུ་ཐམ་པ་ཟིན་པ་རེད།རྒྱུ་མཚན་ནི་ཞི་དུལ་བག་ཡངས། སྡུག་རུས། ཉོན་མོངས་དང་བྲལ་བས་ཡིན་པས་ཉོན་མོངས་ཤིན་ཏུ་ཕྲ་བ་ལ་སྡུག་བསྔལ་སོགས་འབྱུང་བའི་རྩ་བ་དང་བྲལ་བ་རེད། གསང་སྔགས་ལྟར་ན་རྩ་རླུང་ཐིག་ལེ་སོགས་བརྟེན་ནས་ནད་མེད་ཐ་མལ་དུ་གནས་པར་བྱེད།ད་ལྟའི་ལུས་སེམས་གཉིས་དང་གསོ་རིག་གི་ཚད་གཞི་ལས་བསྟན་པར་ནང་ཆོས་ནི་ལུས་སེམས་ཀྱི་འཇིག་རྟེན་ལ་སྨིན་པའི་རྨང་གཞིའི་རིག་གཞུང་དེ་རེད།དེ་ལས་ལུས་སེམས་ཀྱི་གནས་ལུགས་ཡོངས་སུ་རྫོགས་ཤིང་གསོ་རིག་མཚན་ཉིད་རིག་པ་རུ་འབོད། ནང་ཆོས་ལས་བསྟན་པས་ལམ་རིམ་གསུམ་དང་།བསླབ་པ་གསུམ། ཕར་ཕྱིན་དྲུག་ལ་སོགས་པའི་ཉམས་ལེན་གྱི་གནད་དུ་ཆེ་ཞིང་། ཚད་དམའ་མོས་རིན་ཐང་གིས་གླེང་ན་ལུས་སེམས་གསོ་བཅོས་ལ་ཤིན་ཏུ་སྨིན་པའི་མ་ལག་ཞིག་རེད། དེ་བས་འཇར་པན་གྱི་ལུས་སེམས་གསོ་རིག་གི་མཁས་པ་ཆེན་མོ་ཁྲི་ཇུག་ཚི་ལང་གིས་རང་ཉིད་དབྱེ་ཞིབ་ཞེས་པ་ལས། ཉེ་ཆར་འདིར་ཨོ་མེ་གླིང་གི་སེམས་ཁམས་གསོ་བཅོས་ནི་ཆེད་མཁས་པས་ཤིན་ཏུ་ནས་ཤར་ཕྱོགས་ཆོས་ལུགས་རིག་པ་གལ་ཆེན་དུ་མཐོང་བ་དང་། གཞན་དག་གི་ད་རུང་ཞིབ་མཇུག་གནང་བ་ཤིན་ཏུ་ནས་གཏིང་ཟབ་མོ་ཞིག་ཏུ་འཁུམས།དེ་ལས་ད་རུང་ཆོས་ལུགས་གསོལ་འདེབས་དང་ཞི་གནས་སྒོམ་པ་སོགས་གསོ་རིག་དང་འབྲེལ་བའི་རིན་ཐང་ཆེན་མོ་དང།ནང་ཆོས་ལས་སྙིང་རྗེ་དང་ཤེས་རབ། བདག་མེད་དང་འབྲེལ་བའི་ལུས་སེམས་གསོ་བཅོས་ཐབས་ལམ་བསྟན་ཞིང་། སྨྱོ་ནད་དག་ལ་གསོ་བཅོས་འབྲས་བུ་ལེགས་པར་ཐོན་འདུག

ནང་ཆོས་ལས་གཙོ་བོ་བསམ་བློ་བདེན་པ་ཞིག་གིས་བྱ་དངོས་ཐ་དག་གི་ཡིན་ལུགས་ཡིན་སྟངས་བདེན་པར་སྒྲུབ་པས་མིའི་ལུས་སེམས་གཉིས་ལ་ཕན་པ་རེད།འདི་ནི་ཨོ་མེ་སོགས་ནུབ་ཕྱོགས་པའི་ངེས་པར་ཤེས་དགོས་པའི་རྒྱུན་ཤེས་ཞིག་རེད། ཆབ་ཅིག་ལུས་སེམས་གསོ་བཅོས་དང་ལེན་བྱེད་པ་རེད། ཆོས་ལུགས་དད་མོས་ཅན་གྱི་གསུང་ཆོས་ཀློག་འདོན་དང་།སེམས་སྐྱེད། དད་མོས། སེམས་ཞི་བར་གནས་པ་སོགས་སྒྲ་དབྱངས་དང་འབྲེལ་ཞིང་འབུད་རྡུང་རོལ་མོ་སོགས་མང་པོ་དར་ཡོད།དགོན་པ་སྡེ་ནང་བརྗིད་ཉམས་ཆགས་ཤིང་སེམས་ཞི་ལྷོད་བྱེད་ཐུབ་ཅིང་། ལྷོད་པར་བྱེད་ཐབས་དང་གཉིད་འབེབས་ཐབས་ལམ་བཅས་ཕན་ནུས་མངོན་གསལ་འདུག མི་རྣམས་ལས་སླ་བར་རླུང་སྦྱངས་བའི་ཉམས་སྣང་སྟེར། རང་ཉིད་རང་ལ་བརྟག་པ་ཟེར་བ་ལས། དཔེར་ན་སྐད་ཆེན་མོས་གསུང་རབ་ཀློག་པར་ཡུན་རིང་དུ་སེམས་ཁམས་ལ་མི་བདེ་བ་མི་འབྱུང་ཞིང་།ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་དང་འདོད་ཆགས་ཀྱི་གཉེན་པོར་སྙིང་རྗེ་སྒོམ་པས་མཚོན་ནོ། ད་ལྟ་དར་སྲོལ་ཆེ་བའི་རྩ་རླུང་སྒྲོག་སྦྱངས་བྱེད་ཐབས་དང་རོལ་མོར་ཉན་པ་བཅས་མངལ་གནས་ལའང་ཤིན་ཏུ་ཕན་པར་གྲགས།