ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་འབྲེལ་བའི་ཆོས་སྤྱོད་སྨོན་ལམ་སྐོར་དང་བདེ་ཐང་གི་འབྲེལ་བ་གླེང་བ། ༡

སྤེལ་དུས 2014-07-18 ཡོང་ཁུངས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་དྲ་བ། རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུར།

དེ་ཡང་བོད་བརྒྱུད་ནང་བསྟན་ནི་དུས་རབས་བདུན་པ་ནས་བཅུ་གཅིག་བར་དུ་རྒྱ་གར་ནས་མདོ་སྔགས་གཉིས་ཀྱི་མཚོན་པའི་ཐེག་ཆེན་རིག་གནས་དང་བཅས་བ་བོད་ལ་དར་བ་རེད། འཛམ་གླིང་གི་ཆེས་མཐོ་ས་སྟེ་མདོ་དབུས་མཐོ་སྒང་འདིར་མི་ཆོས་རིག་གནས་དང་ས་གཤིས་བསམ་བློ་བཅས་ཚང་མར་ཤུགས་རྐྱེན་ཐེབས། དེ་ལྟར་བསམ་བློ་རིག་གནས་མངོན་གསལ་དང་མི་རིགས་ཀྱི་ཁྱད་ཆོས་ཀྱི་ཕྱུག་པའི་ནང་བསྟན་ཆོས་ལུགས་ཀྱི་མ་ལག་ཆ་ཚང་བ་དར་རྒྱས་བྱུང་། བོད་བརྒྱུད་ནང་བསྟན་ནི་དད་མོས་དང་རིག་ལམ་ཟུང་འབྲེལ་དང་བསམ་བློ་ཤེས་རིག་ཞིག་མི་རིགས་ཀྱི་བླ་སྲོག་ལྟ་བུར་གྲུབ་ཡོད།འདི་ཡང་རིག་་ལམ་དང་འབྲེལ་ཀུན་སྤྱོད་དེ་སྙིང་རྗེ་དང་ཤེས་རབ་ཟུང་དུ་འབྲེལ་བས་ལྷག་པར་དུ་སྣ་འཛོམས་རང་བཞིན་དང་ལྡོག་པ་ཐ་དད་མང་པོས་གྲུབ་པའི་ཆོས་ལུགས་མང་པོ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་རེད།
   དང་པོ།རྒྱུན་དུ་གསོལ་འདེབས་དང་སྨོན་ལམ་བྱེད་པ།

བོད་བརྒྱུད་ནང་བསྟན་གྱིས་བོད་མི་རིགས་ཀྱི་ཤུགས་རྐྱེན་ཡོངས་སུ་ཐེབས་ཤིང་། མི་མང་གི་འཚོ་བའི་ཁྲོད་དུ་ཤ་འཐིམས་རུས་འཐིམས་སུ་གྱུར་ཡོད། བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་མི་ཚེ་ལྟ་བར་ཡང་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་མི་མང་གི་རྒྱུན་ལྡན་འཚོ་བར་སིམ་ཡོད།

ནང་བསྟན་ཡིས་མི་ཚེ་ངེས་ཟིན་པ་ལ་བདེན་པ་བཞི་སྟེ་རིག་པ་དེ་རྨང་གཞི་བྱས་ཡོད། མི་ཚེ་རང་བཞིན་ནི་སྐྱེས་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་ཁོ་ན་སྟེ། རྟག་པར་དེ་དག་ལས་འབྲལ་ཐབས་མེད། སྡུག་བསྔལ་ལའང་གཉིས་རུ་བགྲང་བ་དང་གསུམ། བཞི། ལྔ།བརྒྱད།བཅུ་སྟེ་རྒྱས་པར་ཕྱེས་ན་༡༡༠ཙམ་ཡོད། རིག་ལམ་མི་འདྲ་བར་བརྟེན་ནས་སྡུག་བསྔལ་གྱི་རྣམ་པའང་ཞིབ་ཕྲ་མང་པོ་བསྟན་ཡོད། ནང་བསྟན་ལས་སྡུག་བསྔལ་དང་བྲལ་འདོད་ལ་འདོད་ཁྲོ་གཏི་མུག་དང་། ང་རྒྱལ། ཕྲག་དོག་བཅས་རྩ་བ་ནས་དོར་དགོས་པ་རེད། དེ་ལྟར་ཤེས་རབ་བསྐྱེད་དགོས་པ་རེད།
བོད་མི་རིགས་ནི་རྒྱུ་འབྲས་ལ་དད་ཅིང་། སྐྱེས་འཆི་འཁོར་བ་ལས་དགེ་མི་དགེ་གཉིས་སུ་ཕྱེས་ཤིང་དེ་ཡི་འབྲས་བུའང་བདེ་སྡུག་གཉིས་རེད།ནང་བསྟན་ལས། བྱ་དངོས་ཐ་དག་རྒྱུ་འབྲས་སུ་འབྲེལ་ཅིང་།མིའི་ཚེ་སྲོག་དང་སྡུག་བསྔལ་ཡང་དེ་ལྟར་རེད། མི་སུ་ཞིག་ཡིན་ཡང་རྒྱུ་བཟང་ངན་ཅི་ཞིག་བསགས་པ་ལ་འབྲས་བདེ་སྡུག་མི་འཆོལ་བར་འབྱུང་བ་ཡིན། དེ་ལྟར་སྐྱེ་བ་སྔ་ཕྱི་ཡང་དེ་ལྟར་ཡིན།དེ་ལྟར་བདེ་འགྲོ་དང་ངན་འགྲོ་གསུམ་དུ་ཕྱེས་པའི་འབྲེལ་བའང་དེ་ལྟར་རེད། དེ་ལྟར་འཚོ་བའི་ཁྲོད་དུའང་དགེ་སྡིག་གཉིས་ལས་སྡིག་པ་ལ་འཛེམ་ཞིང་དགེ་བ་ལ་འབད་པ་ནི་ནང་ཆོས་ཀྱི་རྩ་བའི་སྙིང་པོ་རེད། འདི་ལྟར་བསམ་བློ་དང་བྱ་སྤྱོད་ལ་འབྲེལ་བའི་ནང་བསྟན་ལས་བསྟན་པའི་བྱང་ཆུབ་ཀྱི་སེམས་དང་། བྱམས་པ་དང་སྙིང་རྗེ་ཡི་མཚོན་པའི་མི་དང་མིའི་བར་འབྲེལ་ལའང་ཚངས་ཐིགས་དེར་བརྟེན་ཡོད་པ་རེད།སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་མཚོན་པའི་རང་ལས་གཞན་གཅེས་ཀྱི་བསམ་བློ་རིག་གནས་འདི་ནི་དོན་ངོ་མར་ཞི་བདེ་རིང་ལུགས་པ་དེ་རེད།
འདི་ནི་བོད་བརྒྱུད་ནང་བསྟན་བོད་མི་རིགས་ཀྱི་བསམ་བློའི་རིག་གནས་གལ་ཆེན་ཞིག་གྱུར་བ་དེ་རེད། རིག་གནས་འདིས་མཆོད་མཇལ་དང་ལྷ་གསོལ། བསྐོར་བ། གསོལ་འདེབས་ཀྱི་མཚོན་པའི་ཆོས་ལུགས་དང་འབྲེལ་བའི་ཆོས་སྤྱོད་ཆོ་གའི་རིག་གནས་མང་པོ་ཞིག་ལྡན། འདི་ནི་ཐུན་མིན་བསམ་བློ་ཞིག་སྟེ་མི་མང་པོ་དེ་ལ་གོམས་ཡོད། མི་རྣམས་རྒྱུན་པར་དད་མོས་དེ་རྫོགས་པར་རང་ཉིད་ཀྱི་མདུན་ལམ་དང་དད་མོས་བརྟན་པོས་བརྩེ་དུང་དང་ཞི་འཇམ། འཚོ་བའང་མི་རིགས་འདིའི་ཆོས་སྤྱོད་རིག་གནས་སྣ་ཚོགས་ཞིག་དར་ཞིང་། དེ་ལའང་རྣམ་པ་འདྲ་མིན་མང་པོ་ཡོད། ཆོས་སྤྱོད་རིིག་གནས་འདིས་མི་རིགས་འདི་གཙང་མ་དང་རླབས་ཆེན། གཏིང་ཟབ་པའི་ཁོར་ཡུག་མི་འདྲ་བ་ཞིག་བསྐྲུན་ཡོད།

༡༽མ་ཎི་ཡིག་དྲུག་ཀློག་པ།

བོད་ཡུལ་དུ་ས་ཆ་གང་དུའང་མ་ཎི་འཁོར་ལོའི་སྟེང་དང་རྡོ་བྲག གྱང་ལྡེབ་སོགས་ཐམས་ཅད་་ལ་མ་ཎི་ཡིག་དྲུག་བརྐོས་ཡོད་ལ། བོད་གངས་ཅན་གྱི་གཟུངས་སྔགས་བླ་ན་མེད་པ་དེ་རེད། ཆོས་ལུགས་ཀྱི་ལྟ་བ་ལས་བཤད་ན། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་།ཡིག་དྲུག་གི་ཕན་ནུས་དང་འབྲེལ་ན་གསང་སྔགས་ལ་འབྲེལ་ཡོད། མི་ཎི་བགྲང་མཁན་དག་རང་ཉིད་ཀྱི་ལུས་པོ་ལའང་དམིགས་བསལ་ཕན་ནུས་ཞིག་འབྱུང་ཞིང་། སེམས་ཞི་བར་བྱེད་པ་དང་། ནད་གཞི་འགོག་བསྲུང་། རྣམ་རྟོགས་མི་སྐྱེས་པའང་དེ་ལས་གཅིག་ཏུ་གྲུབ་ཡོད། གནའ་ནས་ད་ལྟ་བར་དུ་མ་ཎི་ཡིག་དྲུག་ནི་བོད་པ་སུས་ཀྱང་མི་ཤེས་པ་དང་མི་ཀློག་པ་རྐང་གཅིག་ཀྱང་མེད།
  ༢༽ཕྱག་འཚལ་བ།

འདི་ནི་ཡན་ལག་ལྔ་ས་ལ་བཙུགས་པའི་རྣམ་པ་ཞིག་དང་། བོད་རིགས་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་འཚལ་བའི་ཆོས་སྤྱོད་ཅིག་རེད།ནང་ཆོས་ལས་བསྟན་པས་མི་རྣམས་ཀྱིས་དད་རྩེ་གཅིག་བྱེད་པ་དང་ལུས་ཡོངས་ཀྱི་ཡན་ལག་ཐམས་ཅད་ས་ལ་སྦྱར་དགོས་པ་རེད། ཕྱག་འཚལ་བ་འདི་འང་བོད་ཡུལ་དུ་རྒྱུན་འབྱམས་སུ་གྱུར་བ་དང་། རང་ཁྱིམ་དང་མཇལ་སྐོར་སོགས་གང་དུའང་འཚལ་བཞིན་པའི་རྒྱུན་སྤྱོད་ཀྱི་རྣམ་པ་ཞིག་རེད། ཕྱག་འཚལ་བ་ལ་མཚོན་ན་འདོད་གསོལ་དང་། སྐྱབས་བཅོལ། སྡིག་བཤགས་ལ་སོགས་པ་སྟེ། དེ་ལྟར་ཕྱག་འཚལ་བ་དང་ས་ལམ་སྙེགས་པ་དང་རྣམ་རྟོག་བཅོམ་པ། ཞི་སེམས་སོགས་ལ་འབྲེལ་ཡོད།

༣༽བསྐོར་བ།

དེ་ཡང་མཆོད་རྟེན་དང་གཙུག་ལག་ཁང་བཅས་སྐུ་གསུང་ཐུགས་རྟེན་ལ་བསྐོར་བ་དང་མི་ཎི་འཁོར་ལོ་བསྐོར་བ་བཅས་རྒྱུན་སྤྱོད་ཞིག་ཡིན། ཆོས་ལུགས་དང་མི་རྣམས་ཀྱིས་ངེས་ཟིན་ལ། བསྐོར་བ་དོན་སྙིང་གཉིས་ལྡན་ཞིང་། གཅིག་ནི་སེམས་ཞི་བ་དང་ལུས་བདེ་བ་དང་། ནད་འཇོམས་པ། སྡུག་སྔལ་སེལ་བ་བཅས་མིག་སྔར་གྱི་ཁེ་ཕན་རྐྱང་བ་ཙམ་རེད། གཉིས་པ་ནི་ཐར་བ་སྙེགས་པ་དང་། ཚོགས་གཉིས་རྫོགས་པ་བཅས་ནི་མཐར་ཐུག་གི་འདོད་པ་དེ་རེད། དེ་ཡང་དཀོན་མཆོག་གསུམ་ལ་དད་པ་དང་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་འདག་པ།དེ་ཡང་ཕན་ནུས་ལ་འཁོར་བ་ལས་ཐར་བ་དང་སྒྲིབ་གཉིས་སེལ་བ།ཐོས་བསམ་སྒོམ་གསུམ་ལ་བརྟེན་ནས་མི་དགེ་བའི་རྒྱུན་གཅོད་པ་ལ་་སོགས་པའོ།དེ་ཡང་མཆོད་རྟེན་ལ་སོགས་པར་བྱང་སེམས་འཕགས་པའི་རང་བསྲེལ་ལ་སོགས་པར་བྱིན་རླབས་དང་ལྡན་ཞིང་ངན་འགྲོའི་རྒྱུན་གཅོད་པ་ལ་སོགས་པ་སྟེ། སེམས་སྤོབས་རྒྱས་པ་དང་།དད་མོས་འཕེལ་བ། སེམས་ཁམས་དྭངས་བ་བཅས་སོ།

 ༤༽བགྲང་ཕྲེང་།

དེ་ཡང་བོད་རིགས་དད་མོས་ཅན་ཐ་དག་གི་ཆོས་སྤྱོད་ཀྱི་རྣམ་པ་ཞིག་སྟེ་སུ་ཞིག་ཡིན་ནའང་ཕྲེང་བ་དང་བྲལ་མེད། ཁོང་ཅག་གི་མཚན་མོའམ་ཉིན་མོ། ལས་བྲེལ་ཆེ་བའམ་ཡང་ཁོམ་གསེང་ག་དུས་ཡིན་ནའང་ཕྲེང་བ་དང་མ་བྲལ་བར་ཉིན་རྒྱུན་མ་ཎི་སོགས་གྲངས་ཀ་སྟོང་ཕྲག་ནས་ཁྲི་ཕྲག་བཟློས་བཞིན་ཡོད། དེ་ཡང་སེམས་ཁམས་ཞི་བདེ་དེ་རེད།

༥དར་ལྕོག་འཛུགས་པ།

མ་ཎི་དར་ལྕོག་འཛུགས་པའང་བོད་ཡུལ་གང་ནའང་ཡུལ་ལྷ་གཞི་བདག་གི་གནས་རི་གང་སར་དར་ལྕོག་གིས་ཁེངས་ཡོད། དར་ལྕོག་ཡོད་ས་དེར་གནས་རི་གལ་ཆེན་ཞིག་ཏུ་གྲུབ་ཅིང་། དར་ལྕོག་རེ་རེའང་དད་མོས་ཀྱིས་བཞེངས་ཤིང་དགེ་མཚན་དང་བདེ་སྐྱིད་ལ་རེ་བ་མཚོན། ལོ་ངོ་སྟོང་ཕྲག་གི་གོང་ནས་མདོ་དབུས་མཐོ་སྒང་དུ་འཚོ་བའི་བོད་རིགས་ལ་མཚོན་ན་དད་མོས་ཀྱི་རྣམ་པ་འདིས་མངོན་བརྒྱན་ཞིང་། ཞི་བདེ་དང་། གདོན་སེལ། ཁ་ལས་རླུང་རྟ། བདེ་སྐྱེད་བཅས་ཀྱི་མཚོན་རྟགས་རེད།མི་རྣམས་ཀྱིས་ཆོས་ལུགས་གཟུངས་སྔགས་དང་། རླུང་རྟ། སྟག་སེང་ཁྱུང་འབྲུག་གིས་མཚོན་པས་རས་གཞི་ལ་པར་ཏེ་རི་གཉན་ས་བདག་ཡོད་སར་བཙུགས་ཡོད། དཔེར་ན་དར་ལྕེ་རླུང་གིས་བསྐྱོད་ཐེངས་རེར་ང་ཚོས་ཚར་གཅིག་ཀློག་ཚར་བའི་མོས་པ་བྱེད།

 ང་ཚོས་གཏན་འབེབས་གནང་བ་ཞིག་ནི་ཡིག་དྲུག་ཀློག་པ་དང་འཁོར་ལོ་བསྐོར་བ། བསམ་གཏན་ལ་ཞུགས་པ། ཕྱག་འཚལ། བསང་གཏོང་བ། དུར་མཆོད་བྱེད་པ་སོགས་ཐམས་ཅད་སེམས་ཁམས་ལ་འབྲེལ་ཞིང་ཞི་བདེ་ཡི་སེམས་ཁམས་ཞིག་ལ་དམིགས་པ་རེད། ཡིག་དྲུག་ཀློག་པ་དག་ལ་ཐ་དག་གིས་གནས་ལུགས་གཅིག་གོ་བ་ནི་མ་ཎི་རེ་རེའི་ཀློག་པ་ལའང་ཚོགས་བསགས་སྒྲིབ་སྦྱངས་བྱེད་པའི་བསམ་བློ་ཞིག་སྟེ། དད་སེམས་དང་མོས་གུས་རྣམ་དག་འབྱུང་བའོ། དེ་བཞིན་བསྐོར་བ་སོགས་ལའང་དགའ་དད་སྤྲོ་བས་བཏེགས་ཤིང་རྒྱུ་མཚན་ནི་བྱིན་རླབས་མི་འདྲ་བ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དུ་རློམ་ཡོད། དེ་ཡང་ནང་ཆོས་ཀྱི་རྩ་བར་གྱུར་བའང་སེམས་ཞི་གནས་ལ་གོམས་པ་ཙམ་མ་ཡིན་པར་རང་སེམས་ཀྱི་ཉོན་མོངས་ཐམས་ཅད་སེལ་ཐབས་ཀྱི་ཤེས་རབ་དང་ཟུང་འབྲེལ་བྱེད་དགོས་པ་དེ་ཡིན།

འདི་ལྟར་གསོལ་འདེབས་ཀྱི་དམིགས་ཡུལ་ཀྱང་གྲུབ་ཟིན་ལ། དཔེར་ན་བསམ་གཏན་གྱི་ངོ་བོ་ཞི་གནས་དང་ཤེས་རབ་ཀྱི་ངོ་བོར་ལྷག་མཐོང་གསུངས་པ་ལྟར་རེད།གང་ལྟར་གསོལ་འདེབས་རྩེ་གཅིག་པ་ནི་བསམ་གཏན་ལ་འབྲེལ་ཅིང་མིའི་སེམས་ཁམས་ཀྱི་ལྷན་སྐྱེས་སུ་འཆར་བའི་དགའ་སྐྱོ་ཆགས་སྡང་གི་མཚོན་པའི་ཉོན་མོངས་ཐམས་ཅད་ཞི་བར་བྱེད་པ་ལ་གོམས་པའོ།འདི་ནི་མི་རྣམས་ཀྱི་་རྒྱུན་པར་སྨྲ་བའི་ཞི་གནས་ཟེར་བ་དེ་རེད། དད་མོས་ནི་མི་རྣམས་ཀྱི་སེམས་ཁམས་ལ་ཆད་དུ་མི་རུང་བའི་སེམས་བྱུང་གི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ལྟར་གོ་བར་ཆགས་སྡང་སྙོམས་པའི་བཏང་སྙོམས་ལྟ་བུའོ། དེ་ལྟར་མི་སེམས་ཞི་བར་གནས་པ་ལ་གོམས་དགོས། བོད་བརྒྱུད་ནང་བསྟན་ལས་ཞི་གནས་གལ་ཆེན་དུ་གསུངས་ཞིང་ལུས་སེམས་ཤིན་སྦྱངས་གསུངས་བ་ལྟར་རེད།