མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

སྔོན་ཐོན་གྱི་གསོ་རིག་ལག་རྩལ་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་ནད་པར་སྨན་བཅོས་བྱས་པ།

སྤེལ་དུས 2018-10-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

            ཟླ་10ཚེས་5ཉིན་ཕ་ཁི་སི་ཐན་གྱི་ལ་ཧེར་གྱི་མའེ་ཨའོ་སྨན་ཁང་དུ་ཀྲུང་གོ་གསོ་རིག་ཚན་རིག་ཁང་ཧྥུའུ་ཝའེ་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཝུའུ་ཡུང་ཅན་གྱིས་ཕ་ཁི་སི་ཐན་གྱི་སྨན་དོན་མི་སྣའི་གཞོགས་འདེགས་འོག་སྙིང་རྩ་གཤོང་བའི་གཤགས་བཅོས་བྱས་པ་རེད།
            2016ལོའི་ཟླ་9པར་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་དང་ཀྲུང་གོའི་སྙིང་ཁམས་ཁྲག་རྩའི་བདེ་ཐང་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག”གི་སྙིང་རྩ་གཤོང་བའི་གསོ་སྦྱོང་རྣམ་གྲངས་སྤེལ་བ་དང་། “ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པའི”བྱེད་སྟངས་བརྒྱུད་ཕྱི་རྒྱལ་གྱི་སྨན་པ་དཀའ་བཅུ་པ་ཀྲུང་གོར་བསྐྱོད་དེ་དུས་ཡུན་རིང་འབྲིང་ཐུང་གསུམ་གྱི་གསོ་སྦྱོང་བྱས་པ་མ་ཟད། ཀྲུང་གོའི་རིགས་གཅིག་མཁས་ཅན“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ཏུ་རིག་གཞུང་མཛུབ་ཁྲིད་དང་སྤེལ་རེས་བྱ་རྒྱུར་མངགས་ཡོད། རྣམ་གྲངས་སྤེལ་འགོ་ཚུགས་རྗེས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱིས་དང་ལེན་ཧུར་ཐག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་། ཧ་སག་སི་ཐན། བྷང་ག་ལ། ནེ་པ་ལ་སོགས་རྒྱལ་ཁབ་དང་མཉམ་ལས་བྱས་པ་དང་ཕ་ཁི་སི་ཐན་གྱི་སྙིང་རྩ་གཤོང་བའི་སློབ་ཚོགས་འདི་ལོའི་ཟླ་9པར་དངོས་སུ་གསོ་སྦྱོང་ནང་ཞུགས་ཡོད།