ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ཀྱི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            རྒྱལ་ཡོངས་ཀྱི་ཨང་31པ་ནས་ཨང་18པར་སླེབས་པ།
            ཉེ་ཆར། 《ཀྲུང་གོའི་འཕྲོད་བསྟེན》དུས་དེབ་ཁང་དང《བདེ་ཐང་ཚགས་པར》གྱིས་2018ལོ་འཁོར་གྱི་སྨན་ཁང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི“བྱ་ཐབས་གསར་པ་ཆེ་གྲས་བཅུ”དང“གསར་འགྱུར་མི་སྣ་གྲགས་ཅན་བཅུ”ཁྱབ་བསྒྲགས་བྱས་པ་རེད། བོད་ཀྱི་རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་མཐུན་སྦྱོར་ཤུགས་འདོན་བྱས་ཏེ་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་རྒྱལ་ཡོངས་ཀྱི་ཨང་31པ་ནས་ཨང་18པར་སླེབས་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཝང་ཡུན་ཐིང་ལ“གསར་འགྱུར་མི་སྣ་གྲགས་ཅན་བཅུའི”མཚན་སྙན་ཐོབ་པ་རེད།
            ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“གཞི་རྩ་འགན་ལེན་དང་། གཞི་རིམ་སྟོབས་ཆེན། ལམ་སྲོལ་འཛུགས་པ”བཅས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་། བོད་ཀྱི་ལྗོངས་བབ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱིས་བདེ་ཐང་དབུལ་སྐྱོར་བྱས་ནས་དབུལ་སྒྲོལ་ཐུབ་པའི་མི་གྲངས་38977ཟིན་པ་དང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་བཏོད་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མི་ཚོགས་ཡོངས་ལ་འདེམས་བཤེར་དང་ནད་ཕོག་མཁན་བཅོས་གང་ཐུབ་བྱུང་བ་དང་འདུས་འདྲིལ་གཅོང་ནད་དང་། མཆིན་པའི་གཉན་ཚད། ས་མཐོའི་གྲུམ་ནད(རུས་ཚིགས་ནད)བཅས་ཀྱི་ཕྱོགས་བསྡུས་འགོག་བཅོས་འགོ་བཙུགས་པ། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཉིད་རྒྱལ་ཁབ་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་དཔེ་སྟོན་རྫོང་དུ་གྱུར་པ། ལྷ་ས་གྲོང་ཁྱེར་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2016ལོའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཕན་འབྲས་ཅུང་མངོན་གསལ་དོད་པའི་ཚོད་ལྟའི་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ། གཞིས་རྩེ་གྲོང་ཁྱེར་ཉིད་2017ལོ་འཁོར་གྱི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ལ་དངོས་འཛིན་དངོས་སྒྲུབ་བྱས་པའི་ཕན་འབྲས་མངོན་གསལ་དོད་པའི་ས་ཆར་གཏན་འཁེལ་བྱས་པ། ད་བར་རང་སྐྱོང་ལྗོངས་རིམ་པ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་དཔེ་སྟོན་རྫོང་4བསྐྲུན་ཟིན་པ་བཅས་རེད།
རྩོམ་སྒྲིག་པ། ཚེ་རིང་།