བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཧན་ཀྲེང་གིས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སུ་བཞུགས་མོལ་ཚོགས་འདུ་འཚོག་སྐབས།

སྤེལ་དུས 2020-01-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          སྨན་བཅོས་འགན་བཅོལ་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་སྨན་བཅོས་འགན་བཅོལ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ།  
          ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སུ་བཞུགས་མོལ་ཚོགས་འདུ་འཚོག་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། སྨན་བཅོས་འགན་བཅོལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ཧན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ་དང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ཕོད་པ་བྱེད་པ། སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པས་ཁས་ལེན་གང་ལེགས་བྱེད་རིན་ཡོད་པ་ཞིག་རེད་ཅེས་གསུངས།
          ཧན་ཀྲེང་གིས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་ཏེ་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པའི་སྨན་བཅོས་འགན་བཅོལ་མ་ལག་མགྱོགས་མྱུར་སྐྲུན་དགོས། ཕྱོགས་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་ལེན། རྒྱུན་མཐུད་ཐུབ་པ་བཅས་མཐའ་འཁྱོངས་བྱས་ནས་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དྲ་བ་བརྟན་དུ་གཏོང་དགོས། གང་ནུས་དེ་སྒྲུབ་དང་ནུས་པས་ལྕོགས་ཚོད་ཀྱིས་འགན་བཅོལ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་དང་རེ་བ་བསྐངས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཐོབ་ཚོར་ཡོང་བ་བྱེད་དགོས། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཅོས་ཀྱི་བྱ་ཐབས་བཏོན་ཏེ་སྒྱུར་བཅོས་ནུས་པ་ལྡན་ལ་ཕན་འབྲས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
          ཧན་ཀྲེང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་བཅོལ་གསུམ”གྱི་དམིགས་ཚད་ལ་གཞིགས་ནས་སྨན་བཅོས་འགན་བཅོལ་གྱི་དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་པ་དང་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཁ་བསླུས་དང་འགན་བཅོལ་མགོ་སྐོར་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས“ཐར་པར་མི་གཏོང་རྒྱུ”མཐའ་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྗེས་སྙེག་ཞིབ་བཤེར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་སྒྱུར་བཅོས་སྒྲིག་འཛུགས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁེ་ཕན་གྱི་སྲུང་ཡོལ་སྣ་ཚོགས་མེད་པ་བཟོ་བ་དང་། གཅིག་སྡུད་ཐོག་ཚད་གཞི་ལྟར་ཉོ་སྒྲུབ་ཀྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། ཉོ་སྒྲུབ་ཀྱི་སྣ་ཁའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་སྦྲགས་དེར་བརྟེན་ནས“སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ལ་སྐུལ་ཁྲིད་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཚན་རིག་དང་མཐུན་པའི་ངང་ལེགས་སྒྲིག་བྱས་ཏེ་སྲོག་སྐྱོབ་དང་མྱུར་སྐྱོབ་ཀྱི་སྨན་ཡག་པོ་དེ་བས་མང་བ་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་རིམ་བཞིན་འཇུག་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྨན་བཅོས་འགན་བཅོལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།