ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

སྲིད་གྲོས་ཨུ་ཡོན་པད་མས་བོད་སྨན་རྫས་རིགས་སྨན་བཅོས་ཉེན་སྐྱོབ་དཀར་ཆག་ཏུ་འཇུག་འོས་པའི་གྲོས་གཞི་བཏོན།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀླུ་འབུམ།
           ཟླ ༣ པར་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་པེ་ཅིང་དུ་ཚོགས་འགོ་བརྩམས། འཐུས་མི་ཨུ་ཡོན་ཡོངས་ཀྱིས་རང་རང་ས་ནས་བསམ་འཆར་དང་རེ་འདུན་གང་མང་བཏོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་པད་མ་ལགས་ཀྱིས་གསར་སྣོན་བྱས་པའི་བོད་སྨན་ནི་རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱེད་ལ་ཉེ་བའི《སྨན་བཅོས་ཉེན་སྐྱོབ་དཀར་ཆག》ཏུ་འཇུག་དགོས་པའི་རེ་འདུན་བཏོན།

           ཨུ་ཡོན་པད་མ་ལགས་ཀྱི་བསམ་པར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རིགས་མང་པོ《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དཀར་ཆག》ཏུ་བཅུག་ཐུབ་མེད་པས། བོད་སྨན་ཐོན་རྫས་ནི་གཙོ་རྒྱུག་སྨན་རྫས་ཁྲོམ་རར་ཞུགས་མི་ཐུབ། འདིས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ལས་རིགས་ཀྱི་བདེ་ཐང་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་པོ་བཟོས་ཡོད།

           པད་མ་ལགས་ཀྱིས་གྲོས་གཞིའི་ཁྲོད་བཏོན་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕུན་སུམ་ཚོགས་པའི་བོད་སྨན་རྒྱུ་ཆའི་ཐོན་ཁུངས་ལ་བརྟེན་ནས། ཀྲུང་བོད་སྨན་རིགས་དེང་རབས་ཅན་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་དབེན་དང་གཙོ་གནད་འོས་འགན་ལ་དམིགས་ཤིང་། སྔ་གཞུག་ཏུ《ཀྲུང་བོད་སྨན་རྫས་དང་སྨན་བཅོས་ལས་དོན་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར》ཅེས་པ་དང《སྐྱེ་དངོས་གླིང་ཁུལ་ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་འཆར》སོགས་བསམ་འཆར་དང་བྱ་ཐབས་རིམ་པར་བཏོན་པ་དང་། ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ནུས་ཡོད་ཀྱི་འགན་ལེན་གནང་།

            མིག་སྔར། མཚོ་སྔོན་ཞིང་ཆེན་དུ་བོད་སྨན་ཐོན་སྐྱེད་ཁེ་ལས ༢༡ ཡོད། ལོ་རེའི་ཡོང་འབབ་ནི་སྐོར་དུང་ཕྱུར ༡༥ ལ་བསླེབས། རྒྱལ་ཁབ་ཀྱི་སྨན་རྫས་ཐོན་སྐྱེད་ཆོག་མཆན་ཡི་གེ་ཡོད་པའི་བོད་སྨན ༤༣༥ ཡོད་པ་དང་། ཐོག་དང་པོར་ཟི་ལིང་ལྟེ་བ་བྱས་ཤིང་། མཐའ་འཁོར་ལ་རྒྱ་བསྐྱེད་པའི་བོད་སྨན་ཤུགས་ཆེ་བའི་ཐོན་ལས་ཚོགས་པ་གྲུབ། ལྷག་པར་དུ་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་ཐོན་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་ནི་མཚོ་སྔོན་གཙོ་གནད་འཛུགས་སྐྲུན་གྱི་བོད་སྨན་ཐོན་ལས་གླིང་ཁུལ་བྱས་ཤིང་། ཨ་རུ་བོད་སྨན་བཟོ་གྲྭ་དང་འཇིགས་མེད་སོགས་བོད་སྨན་ཐོན་སྐྱེད་རྐང་འཛིན་ཁེ་ལས་སྐོར་ཅིག་འདུས་ཡོད་པ་དང་། མཚོ་སྔོན་བོད་སྨན་ཐོན་ལས་ཀྱི་གཅིག་བསྡུས་ཁྱད་འཕགས་ཟོང་རྟགས་གྲུབ།

           རྒྱུས་ལོན་པ་ལྟར་ན། ༡༩༩༢ ལོར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་བོད་སྨན་ཚད་གཞི》བསྒྲིགས་པ་དང་། རང་རྒྱལ་གྱི་ས་གནས་ཁྱད་ཆོས་ལྡན་པའི་བོད་སྨན་ཚད་གཞི་དང་པོ་དེར་གྱུར། ༢༠༡༢ ལོར་ཨ་རིའི་ཧྥོར་ཅི་ཉི་ཡ་སློབ་ཆེན་དང་ཁ་ལེ་ཧྥོར་ཉི་ཡ་སློབ་ཆེན་གྱི་གདན་ཞུ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ ༡༠ ཨ་རིར་ཕེབས་ཏེ་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་མཉམ་ལས་ལ་ཞུགས། ༢༠༡༤ ལོར་རང་རྒྱལ་གྱི་བོད་སྨན་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་དང་པོ་སྟེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཚོགས་པ་བོད་སྨན་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ནི་མཚོ་སྔོན་བོད་སྨན་ཁང་དུ་དབུ་བརྙེས། པེ་ཅིང་དང་བོད་ལྗོངས། ཧྲན་ཞི་དང་ཀན་སུའུ། མཚོ་སྔོན་བཅས་ནས་ཕེབས་པའི་བོད་སྨན་མཁས་པ་སུམ་ཅུར་ཉེ་བ་མཉམ་དུ་འདུས་སྟེ་དབུ་བརྙེས་མཛད་སྒོར་ཞུགས། ད་རུང་བོད་སྨན་རིག་གནས་སྐོར་ལ་རིག་གཞུང་བགྲོ་གླེང་མཛད། ༢༠༡༤ ལོའི་ཟླ ༨ པར། ༢༠༡༤ ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འབྲེལ་ཚོགས་འདུ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཚོགས།

           མཚོ་སྔོན་བོད་སྨན་འཕེལ་རྒྱས་ཀྱིས་མཚོ་སྔོན་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་སོགས་བོད་སྨན་ཁེ་ལས་སྐོར་ཅིག་རིམ་གྱིས་འཕེལ་རྒྱས་བྱུང་། རང་ས་གནས་ཀྱི་བོད་སྨན་བེད་སྤྱོད་ལེགས་པོ་བྱས་པའི་སྟེང་ངལ་རྩོལ་ལྷག་མ་རྣམས་གཅིག་ཏུ་བསྡུས་ནས་སྨན་རྫས་འདེབས་གསོའི་ཁྲོམ་རར་གསོན་ཤུགས་སྤྲད་དེ་ཞིང་འབྲོག་གི་ཡོང་འབབ་བརྒྱུད་ལམ་རྒྱ་ཆེར་བསྐྱེད་དགོས། དུས་མཚུངས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྒོ་བརྒྱབ་སྟེ་འཛུགས་སྐྲུན་བྱེད་རྒྱུ་མ་ཡིན་པར། ཧྲང་ཧེ་དང་པེ་ཅིང་སོགས་ཀྱི་སྨན་ཁང་ཆེན་མོ་དང་མཉམ་ལས་འབྲེལ་བ་བཙུགས་ཏེ་བོད་སྨན་སྒོ་བསྟེན་སྨན་བཅོས་ཁང་འཛུགས་པ་དང་། གང་ནུས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་གཅོང་ནད་འགོག་བཅོས་ཀྱི་རྒྱུ་མང་རང་བཞིན་ཅན་དང་བར་ཁྱད་རང་བཞིན་ཅན་གྱི་སྨན་བཅོས་དགོས་མཁོ་སྐོང་བར་བྱེད་པའོ། །

           བོད་སྨན་ལ་སྨན་བཅོས་སྒྲིག་གཞི་རང་རྐྱ་འཕེར་བ་དང་ཁྱད་པར་གྱི་ཕན་ནུས་ཡོད་པ་དང་། མི་རིགས་སྨན་རིགས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། བོད་སྨན་ཐོན་ལས་ཀྱིས་ནད་རིགས་འགོག་བཅོས་ཁྲོད་དུ་དབྱེ་བའི་རང་བཞིན་གྱི་ཁྱད་ཆོས་ཡོད་པས། ས་གནས་འདི་གའི་འཕེལ་རྒྱས་རྨང་གཞི་དང་རྗེས་སྤེལ་ལེགས་ཆ་འཛོམས་པའི་ཐོན་ལས་དུ་གྱུར་ཡོད། ཕྱོགས་ག་གེ་མོ་ནས་བཤད་ན། ཐོན་ལས་འཕེལ་རྒྱས་ནི་ལས་ཞུགས་བསྐྲུན་པ་དང་སྤྱི་ཚོགས་འགལ་ཟླ་ཉུང་དུ་གཏོང་བའི་གལ་ཆེའི་ཐབས་ཤེས་ཤིག་ཡིན་ལ། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དཔལ་འབྱོར་རྨང་གཞི་ཡིན། བོད་སྨན་རྒྱལ་ཡོངས་ས་གནས་སོ་སོར་ཁྱབ་སྤེལ་གཏོང་བ་དང་། མི་རིགས་གཞན་པར་ངོ་སྤྲོད་བྱས་ཏེ། ཁོ་ཚོ་ལ་ཡང་བོད་སྨན་གྱིས་རོགས་རམ་ཐེབས་སུ་འཇུག་པ་དང་བོད་སྨན་ལ་རྒྱུས་ལོན་ཡོད་པ་བྱ་དགོས། འདིས་མི་རིགས་བར་གྱི་འབྲེལ་འདྲིས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱང་བྱ་ཐུབ།

     ཁ་བྱང་ཕྱི་མོ། སྲིད་གྲོས་ཨུ་ཡོན་པད་མ་ལགས་ཀྱིས་བོད་སྨན་རྫས་རིགས་སྨན་བཅོས་ཉེན་སྐྱོབ་དཀར་ཆག་ཏུ་འཇུག་འོས་པའི་གྲོས་གཞི་བཏོན།