ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

སྨན་པ་འཇིགས་མེད་ཕུན་ཚོགས་ཀྱིས་ས་ཁུལ་གང་མང་དུ་སྒོ་བསྟེན་སྨན་ཁང་གཅིག་རྗེས་གཅིག་ཏུ་བཙུགས།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན་སྒྲོལ་མ།
          འཇིགས་མེད་ཅེས་པ་ནི་ཅི་ལའང་ཞུམ་པ་མེད་པར་ནམ་ཡང་བློ་སྤོབས་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་དོན་ཡིན།སྨན་པ་འཇིགས་མེད་ཕུན་ཚོགས་ནི་དེའི་རང་བཞིན་ཡིན་ལ།རང་གི་ནུས་པར་བརྟེན་ནས་རྒྱལ་ཡོངས་སུ་འཇིགས་མེད་སྒོ་བསྟེན་སྨན་ཁང ༡༠༨ ཕྱེས། ཁོས་ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་ཡིན་ཞིང་། ད་ལོ་དགུང་ལོ ༥༧ དང་། ཤ་སྐམ་ཞིང་རིད་པ་ཡིན་རུང་བློ་སྤོབས་ཆེས་ཆེར་རྒྱས་པ་ཞིག་ཡིན། ཁོས་ལོ་ངོ ༤༡ རིང་ལ་སྨན་པའི་ལས་དེ་གཉེར་བ་དང་། ཆུང་དུས་ཀྲུང་གོའི་རྒྱལ་ཁབ་རིམ་པའི་བོད་ཀྱི་ལྷ་རྗེ་ཡོ་ནེ་ལས་སློབ་གཉེར་མཛད། ༡༩༨༣ལོར་གསོ་རིག་ཆེས་ཆེར་དར་གནས་རེབ་གོང་ས་ཆའི་རོང་བོ་དགོན་ཆེན་དུ་རབ་ཏུ་བྱུང་ཤིང་། བོད་ཀྱི་གསོ་བ་རིག་པར་སློབ་གཉེར་ལེགས་པོ་མཛད་མཐར།འབུམ་རམས་པའི་སློབ་གནས་ཐོབ།འཇིགས་མེད་ཕུན་ཚོགས་ལགས་ཀྱིས་བཤད་རྒྱུར། ཁོང་གི་སྨན་པའི་ལས་རིགས་ནི་དུས་རབས་སྔོན་མའི་ལོ་རབས༧༠ནས་མགོ་བརྩམས་པ་དང་། ཐོག་མ་ནས་བཟུང་།ཁོས་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པ་རྒྱ་ཆེར་སྤེལ་ཏེ་འགྲོ་ཀུན་ལ་ཕན་པར་བརྩོན་ཆེད་ཡིན་ཞིང་།རྒྱུ་མཚན་ནི་བོད་ཀྱི་གསོ་རིག་ནི་མིའི་རིགས་སྤྱི་ལ་དབང་བའི་རྒྱུ་ནོར་ཡིན་ཟེར།

          ༡༩༩༥ ལོར། འཇིགས་མེད་སྒོ་བསྟེན་སྨན་ཁང་ཐོག་མ་དེ་རེབ་གོང་ནས་ཕྱེས་པ་དང་།ཡུལ་མི་ཡོངས་ལ་ཕན་འདོགས་ཆེད་ཡིན་མོད་། འོན་ཀྱང་ནད་པ་མང་པོ་ཞིག་ལ་སྨན་བཅོས་བྱེད་མ་ཐུབ། ༡༩༩༦ལོའི་ཟླ ༡༢ པར། ཁོས་ཟི་ལིང་དུ་སྒོ་བསྟེན་སྨན་ཁང་ཕྱེས་ལ།བློ་ཡུལ་ལས་འདས་པ་ཞིག་ལ་བོད་ཀྱི་གསོ་རིག་དེ་གྲོང་ཁྱེར་དུ་ལྷག་ཏུ་དར།འོན་ཀྱང་ནད་པ་ཇེ་མང་དུ་སོང་བ་དང་བསྟུན། སྨན་པ་དང་སྨན་རྫས་མི་འདང་བར་གྱུར་བ། སྒོ་བསྟེན་སྨན་ཁང་གཅིག་དང་སྨན་པ་གཅིག་ལ་བརྟེན་ནས་ནད་པའི་དགོས་མཁོ་སྐོང་མི་ཐུབ་པ་དང་། ལམ་ཐག་རིང་བོ་བརྒྱུད་ནས་ཡོང་བའི་ནད་པ་དག་ལ་སྨན་བཅོས་བྱེད་མི་ཐུབ། ནད་པ་དེ་དག་ནི་མཚོ་སྔོན་དང་ཉེ་འགྲམ་གྱི་བོད་ཁུལ་དག་དང་། གཞན་ད་དུང་ཤིན་ཅང་དང་།ནང་སོགམཚོ་རྒྱུད་ས་ཁུལ་བཅས་ནས་ཡོང་བ་རེད།

          ལོ་རབས ༩༠ བའི་དཀྱིལ་དང་མཇུག་ཏུ་བཟོ་གྲྭ་མང་པོ་ཞིག་གིས་བོད་ཀྱི་གསོ་རིག་ཐད་ཀྱི་ཐོན་སྐྱེད་ཀྱི་ལས་བསྒྲུབ་མོད། འོན་ཀྱང་དེ་དག་ནི་མིང་ཐོགས་པ་ཙམ་ལས་བོད་སྨན་ངོ་མ་མ་རེད། དེ་བས་འཇིགས་མེད་ཕུན་ཚོགས་ཀྱིས་བོད་སྨན་ཞིབ་འཇུག་དང་། ཐོན་སྐྱེད། ཕྱིར་འཚོང་གཅིག་འདུས་ཀྱི་ཁེ་ལས་བཙུགས་ལ། དེ་ཡང་མཐར་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་སྐྱེད་ལྟེ་གནས་དང་། ཚན་རིག་ཞིབ་འཇུག་ས་ཚུགས།རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཅན་དཔེ་སྟོན་ས་གནས་སུ་གྱུར།

          བོད་སྨན་གྱི་འཚོལ་བསྡུ་དང་བཟོ་བའི་བརྒྱུད་རིམ་ལ་ཆོ་ག་ངེས་ཅན་ཡོད་ལ། བོད་མི་རྣམས་ནི་བརྒྱུད་རིམ་དེའི་ཁྲོད་ཆོས་འདོན་པ་དང་། བྱིན་གྱིས་རློབ་ན་སྨན་གྱི་ནུས་བ་ཇེ་ཆེ་གཏོང་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་པ་དང་། དེ་ནི་མི་རྣམས་ཀྱིས་བོད་སྨན་ནི་ངོ་མཚར་བར་འདོད་པའི་རྒྱུ་རྐྱེན་ཡང་ཡིན། རིམ་བཞིན་འཇིགས་མེད་ཕུན་ཚོགས་ལ་ས་ཁུལ་སོ་སོ་ནས་སྨན་ཁང་རེ་འཛུགས་པའི་བསམ་ཚུལ་སྐྱེས་ལ། གྲོང་ཁྱེར་གཅིག་ཏུ་སྨན་ཁང་གཅིག་དང་སྒོ་བསྟེན་སྨན་ཁང་གཅིག་ཕྱེས་ནས་ལས་བསྒྲུབ་ལེགས་པོ་མཛད་པར་འདོད། ཁོས་ད་དུང་བོད་སྨན་བཟོ་གྲྭ་བཙུགས་ལ།སྨན་ཕྲུག་ཚོས་ཕྱོགས་གཅིག་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་།ཕྱོགས་གཅིག་ནས་ལག་ལེན་དུ་བཏབ་སྟེ་གྲུབ་འབྲས་ཀྱང་ངེས་ཅན་ཐོབ་ཅིང་། ས་ཁུལ་དག་ནས་སྒོ་བསྟེན་སྨན་ཁང་འཛུགས་པར་རྨང་གཞི་བཏིངས། བརྟག་དཔྱད་དང་ལག་ལེན་བརྒྱུད། ཁོས་རིམ་བཞིན་སྨན་པ་དང་། ནད་གཡོགནད་བརྟགསྨན་བཅོས། སྨན་ལས་པ་བཅས་ཚད་གཞིའི་མ་ལག་ལྔ་གཏན་ཁེལ་བྱས་ལ།སྨན་ཕྲུག་རྣམས་ཀྱིས་སྨན་བཅོས་བྱེད་སྐབས་དེར་བསྟུན་བཞིན་ཡོད།

          ཁོས་བསམ་པར། བོད་སྨན་དང་།སྨན་བཅོས་ཐད་ཀྱི་ཚད་གཞིའི་མ་ལག་གསར་གཏོད་བྱེད་པ་ནི་དུས་རབས་ཀྱི་དགོས་དབང་གིས་དང་། ནད་པར་འགན་འཁུར་བཞིན་པའང་ཡིན།ཡིན་ཡང་སྲོལ་རྒྱུན་གྱི་གསོ་རིག་ནི་སློབ་དཔོན་གྱིས་སློབ་མར་བརྒྱུད་སྤྲོད་བྱེད་པའི་ཐབས་ལ་བརྟེན་ནས་སྤེལ་བ་དང་། མང་ཆེ་བར་གོ་མིང་དང་སློབ་ཐོན་ལག་ཁྱེར་བཅས་མེད་པས།བོད་ཀྱི་གསོ་རིག་འཕེལ་བའི་བཀག་རྒྱ་ཆེན་མོ་ཞིག་ཏུ་གྱུར། དེ་བས།ཁོས་སྨན་ཕྲུག་རྣམས་ལ་ཆ་རྐྱེན་ངེས་ཅན་བཏོན་ཡོད་ལ། ངེས་པར་དུ་ཆེད་སྦྱོང་ཡན་དང་། སྨན་པའི་འོས་བབ་འཛིན་ཡིགལས་གཉེར་འཛིན་ཡིག་ཡོད་ཚེ་ད་གཟོད་ལས་གནས་སུ་ཞུགས་ཆོག་པ་ཡིན། རྒྱུས་ལོན་བྱས་པ་ལྟར་ན། ༡༩༩༩ ནས་ད་སྔའི་བར་དུ། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་ལྔ་དང་། ཤིན་ཅང་དང་ནང་སོག་ཏུ་འཇིགས་མེད་སྒོ་བསྟེན་སྨན་ཁང་བསྡོམས་པས ༡༠༨ ཕྱེས་ཡོད་ལ། ཤིན་ཅང་དང་ནང་སོག་ཏུ་བོད་ཀྱི་གསོ་བ་རིག་པ་བརྒྱུད་སྒྲོག་དང་དར་སྤེལ་བཏང་བ་མ་ཟད།ཕན་ཚུན་བར་སོ་སོའི་མི་རིགས་ཀྱི་སྨན་བཅོས་ལས་རིགས་ཐད་ནས་འབྲེལ་འདྲིས་ལེགས་པོ་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།

    ཁ་བྱང་ཕྱི་མོ། སྨན་པ་འཇིགས་མེད་ཕུན་ཚོགས་ཀྱིས་ས་ཁུལ་གང་མང་དུ་སྒོ་བསྟེན་སྨན་ཁང་གཅིག་རྗེས་གཅིག་ཏུ་བཙུགས།